ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་གི་དཔེ་སྟོན་གྲོང་ཁྱེར་གཏོད་པར་སྐུལ་འདེད་བཏང་བ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-08-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱིས་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་བསྐྲུན་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ཏེ་ལམ་ལུགས་ཀྱི་འགན་ལེན་ཤུགས་ཆེར་གཏོང་བ་དང་། “གློད་སྡོམ་ཞབས”གསུམ་སོགས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་ནས་འགོ་བཙུགས་ཏེ་ཁྲིམས་སྐྱོང་གི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། རྒྱལ་ཡོངས་ཀྱི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་གི་དཔེ་སྟོན་གྲོང་ཁྱེར་བཏོད་པར་སྐུལ་འདེད་ཏན་ཏིག་གཏོང་བ། ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་གཏོད་རྒྱུར་དམིགས་པ་བཅས་བྱས་ནས་ཁྲོམ་རའི་བྱེད་པོར་གསོན་ཤུགས་བསྣན་པ་དང་། སྒུལ་ཤུགས་འཕེལ་བར་བྱས་པ། མཉམ་ཤུགས་གཅིག་སྡུད་བཅས་བྱས་ཡོད།

“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་ཟབ་ཏུ་བཏང་བ།

སྐུ་ཞབས་ཁྲེན་ལགས་ལྷ་སའི་རིམ་གསུམ་སྲིད་དོན་ཞབས་ཞུའི་ཚོམས་ཆེན་དུ་སྤྱི་གསོག་མ་དངུལ་གྱི་འབྲེལ་ཡོད་ལས་སྒོ་གཉེར་བར་སྐྱོད་སྐབས་ལས་དོན་མི་སྣས་འོས་སྦྱོར་བྱས་པ་ལྟར་ཁོང་གིས“ཅི་ཡང་སྒྲུབ་ཐུབ་པའི”APPནས་གྲུབ་པ་རེད།

“ཅི་ཡང་སྒྲུབ་ཐུབ་པའི”APPནི་ལྷ་ས་གྲོང་ཁྱེར་གྱིས་བཏོན་པའི་སྲིད་དོན་ཞབས་ཞུའི་སྤུས་རྟགས་གསར་ཤོས་ཤིག་ཡིན་པ་དང་། མིག་སྔར་སྤྱི་ཚོགས་འགན་སྲུང་དང་སྨན་བཅོས་འགན་བཅོལ་སོགས་ཁྱབ་ཁོངས་མང་པོ་ཚུད་པའི་སྲིད་དོན་ཞབས་ཞུའི་རྣམ་གྲངས་700ལྷག་ཙམ་གཉེར་ཆོག་གི་ཡོད་པ་རེད། ལྷ་ས་གྲོང་ཁྱེར་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུས་ཆ་འཕྲིན་ཁོའོ་ཡི་འགན་འཁུར་བ་ཙུའུ་ལི་ཝུའེ་ཡིས“ཟླ་3པའི་ཟླ་དཀྱིལ་ནས་སྤྱོད་འགོ་བཙུགས་ཚུན‘ཅི་ཡང་སྒྲུབ་ཐུབ་པའི’APPཡིས་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ལས་སྒོ་ཁྱོན་9161གཉེར་ཡོད”ཅེས་བཤད་པ་རེད།

ཁྲིམས་སྐྱོང་གི་འགན་སྲུང་བརྟན་པོ་མཁོ་འདོན་བྱས་པ།

བོད་ལྗོངས་ལྷ་ས་གྲོང་ཁྱེར་ཁྲིམས་འཛིན་ཅུས་ཁྲིམས་འཛུགས་ཁོའོ་གཉིས་པའི་ཁོའོ་ཀྲང་ཀྲང་ཁུན་གྱིས། “2021ལོའི་ཟླ་7པར། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱིས་སྣེ་ཁྲིད་པ་དང་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས། གྲོང་ཁྱེར་ཁྲིམས་འཛིན་ཅུས། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་ལས་དོན་ཨུ་ལྷན་བཅས་ཀྱིས《སྲོལ་ཡིག》མཉམ་དུ་འཆར་ཟིན་འགོད་འགོ་ཚུགས་ཡོད”ཅེས་བཤད། 2022ལོའི་ཟླ་3པར། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ཕུལ་བའི་གྲོས་གཞི་འབྱོར་རྗེས་བཟོ་བཅོས་ཡང་ཡང་བརྒྱབ་པ་བརྒྱུད་ཕྱོགས་ཁག་གི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་གང་ལེགས་བྱས་པ་རེད། ཟླ་5ཚེས་26ཉིན། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཞི་བཅུ་པའི་ཐོག《སྲོལ་ཡིག》ལ་གྲོས་ཞིབ་བྱས་ནས་ཆོག་མཆན་སྤྲད་པ་རེད། 《སྲོལ་ཡིག》འགྲེམས་སྤེལ་ལག་བསྟར་བྱས་པ་དེས་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་བྱ་གཞག་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་ཁྲིམས་སྐྱོང་གི་འགན་སྲུང་བརྟན་པོ་བྱས་པ་རེད།

སྣ་མང་ཅན་གྱི་འདུམ་འགྲིག་གི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་པ།

2020ལོར། བོད་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་གིས་ཆེད་མངགས་གདན་འདྲེན་ཞུས་པའི་འདུམ་འགྲིག་ཁྲིམས་རྩོད་པ་48གདན་ཞུས་ལས་བསྐོ་བྱས་པ་རེད། ཆེད་མངགས་གདན་འདྲེན་ཞུས་པའི་འདུམ་འགྲིག་ཁྲིམས་རྩོད་པ་ལས་གནས་ཐོག་ཞུགས་ཚེ“གཅིག་འཐུས་རྣམ་པའི”སྣ་མང་ཅན་གྱི་རྩོད་གཞི་འདུམ་འགྲིག་ལམ་སྲོལ་འཛུགས་སྐྱོང་ལ་སྐུལ་འདེད་དང་འཐུས་སྒོ་ཚང་དུ་གཏོང་བར་རྨང་གཞི་བརྟན་པོ་འདིང་ཐུབ།

ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་སྡེ་ཚན་དབར་གྱི་མཉམ་ལས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་འདུམ་གཅོད་ལས་དོན་འཕེལ་རྒྱས་ཀྱི་མཉམ་ཤུགས་ཤིག་ཆགས་པར་བྱས་ཏེ། དམངས་དོན་དང་ཚོང་དོན་འདུམ་གཅོད་ལས་དོན་བརྟན་ཐོག་ཡར་འཕེལ་བྱུང་ཡོད། 2018ལོར་ལྷ་ས་གྲོང་ཁྱེར་གྱིས་ཁྲུན་གཅོད་འདྲི་གཅོད་མཉམ་འགུལ་འབྲེལ་མཐུད་ལས་ཀའི་ལམ་སྲོལ་བཙུགས་ནས་འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་བྱས་པ་དང་ཁྲིམས་རྩོད་པ་གདན་དྲངས་ནས་བཅའ་ཁྲིམས་བློ་འདྲིའི་འགན་འཁུར་བ་དང་། ལས་བཟོའི་ཁེ་དབང་སྲུང་སྐྱོང་གི“ཐོགས་མེད་བགྲོད་ལམ”ཤར་གཏོང་བྱས་པ། འདུམ་གཅོད་གྱོད་སྒྲུབ་ཀྱི་གོ་རིམ་ཐུང་དུ་བཏང་བ། ཞིབ་གཅོད་དུས་འཁོར་ཐུང་དུ་བཏང་བ། ཛ་དྲག་གི་ངལ་རྩོལ་མི་དོན་རྩོད་གཞིའི་གྱོད་གཞི་སྔོན་ལ་ཁྲུན་ཐག་གཅོད་པ་དང་སྔོན་ལ་ལག་བསྟར་བྱེད་དུ་བཅུག་པ།“མྱུར་གཅོད་མྱུར་ཞིབ”ཐུབ་པར་བཅས་བྱས་ནས་ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་གང་མགྱོགས་སྲུང་སྐྱོང་དང་འགན་ལེན་བྱས་ཡོད། ཁྲུན་གཅོད་ཞིབ་བཤེར་མཉམ་འགུལ་འབྲེལ་མཐུད་ཀྱི་ལས་ཀའི་ལམ་སྲོལ་བཙུགས་པའི་ལོ་དེར་ལྷ་ས་གྲོང་ཁྱེར་གྱིས་ངལ་རྩོལ་རྩོད་གཞིའི་འདུམ་གཅོད་གྱོད་གཞི་203ཐག་བཅད་པ་དེ་མི་203དང་འབྲེལ་བ་ཡོད་པ་དང་གླ་ཕོགས་དང་། དཔལ་འབྱོར་ཁ་གསབ། ལས་རྨས་ཁ་གསབ། སྤྱི་ཚོགས་འགན་བཅོལ་གསབ་འཇལ་བཅས་སྒོར་ཁྲི་997ལྷག་ཙམ་ཚུར་བླངས་པ་རེད།

ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ།

སྲིད་འཛིན་བསྐྱར་གྲོས་ནི་སྲིད་གཞུང་ཁོངས་གཏོགས་ཀྱི་རང་ངོས་ཡོ་བསྲང་བྱེད་པའི་ལྟ་སྐུལ་ལམ་ལུགས་ཤིག་དང་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱེད་ས་གལ་ཆེན་ཞིག་ཡིན་ལ། སྤྱི་དམངས་དང་། ཁྲིམས་མི། རྩ་འཛུགས་གཞན་དག་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཀྱང་ཡིན་པས། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་འགྲོ་བ་དང་སྤྱི་ཚོགས་དྲང་གཞག་དྲང་བདེན་དང་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད།

ད་ལོའི་ཟླ4ཚེས5ཉིན། ལྷ་ས་གྲོང་ཁྱེར་གྱི་ཚན་པ་ཞིག་གི་མི་དམངས་ཉེན་རྟོག་པས་ཉེན་རྟོག་པའི་རླངས་འཁོར་བཏང་ནས་ལས་འགན་སྒྲུབ་སྐབས། རླངས་འཁོར་ཞིག་གཡོན་གྱི་མགྱོགས་ལམ་ནས་སྐྱོད་སྐབས་ཉེན་རྟོག་པས་ཉེན་ཟོན་དུང་བརྡ་བཏང་སྟེ་ཁ་ལོ་བར་ལམ་བསྒྱུར་ནས་སྐྱོད་དགོས་པའི་བརྡ་བཏང་བ་དང་ལྷ་ས་ནས་ཉིང་ཁྲིའི་བར་གྱི་གཞུང་ལམ་གྱི་ཕུག་ལམ་གཉིས་པར་སླེབས་སྐབས་ཁ་ལོ་བ་ལུའོ་ཝུའེ(མིང་ཚབ)ཡིས་ལམ་བསྒྱུར་ཏེ་གཡས་ངོས་ནས་སྐྱོད་པ་རེད། མི་དམངས་ཉེན་རྟོག་པས་རླངས་འཁོར་དེས་དུས་ཐོག་ཏུ་དམིགས་བསལ་རླངས་འཁོར་ལ་གཟུར་གཡོལ་མ་བྱས་པའི་འབྲེལ་ཡོད་གཏན་འབེབས་ལས་འགལ་བས་ལུའོ་ཝུའེ་ལ་དངུལ་ཆད་སྒོར་200དང་སྐར་མ་3འཐེན་པའི་ཆད་པ་གཅོད་རྒྱུའི་གཏན་འབེབས་བྱས་པ་རེད། ལུའོ་ཝུའེ་ཡིས་སྲིད་འཛིན་བསྐྱར་གྲོས་ཡོང་རེ་ཞུ་སྐབས། རང་ཉིད་ཉིང་ལྷ་གཞུང་ལམ་གྱི་ཕུག་ལམ་དུ་སྐྱོད་སྐབས་ཉེན་རྟོག་པའི་རླངས་འཁོར་ལ་གཟུར་གཡོལ་བྱས་པ་དང་དེ་གོང་ཉེན་བརྡའི་དུང་བརྡ་ཐོས་མ་བྱུང་ཞེས་བཤད། རེ་འདུན་ཞུ་མཁན་གྱི་ཞུ་འབུལ་དང་རེ་འདུན་ཞུ་ཡུལ་གྱི་མིས་ལན་བཏབ་པར་གཞིགས་ནས། གྲོང་ཁྱེར་ཁྲིམས་འཛིན་ཅུས་ཀྱིས་གྱོད་གཞི་ཐོན་ཡུལ་ལམ་དེ་ནི་འཁོར་ལམ་གཉིས་ལྡན་གྱི་ལམ་ཡིན་ཅིང་གྱོད་གཞི་ཐོན་སྐབས་གཞུང་ལམ་ཐོག་རེ་འདུན་ཞུ་མཁན་གྱི་རླངས་འཁོར་ཁོ་ན་ལས་མེད་པས། རེ་འདུན་ཞུ་ཡུལ་གྱིས་རེ་འདུན་ཞུ་མཁན་གྱི་ལས་སྒྲུབ་དམིགས་བསལ་རླངས་འཁོར་ལས་གཡོལ་ཐབས་མི་བྱེད་པའི་འདོད་ཚུལ་འཛིན་པར་གཞི་འཛིན་ས་མི་འདང་བས《ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་སྲིད་འཛིན་བསྐྱར་གྲོས་ཆོད་ཡིག》(2022ལོའི)ཡིག་ཨང9པ་བཏོན་ནས་རེ་འདུན་ཞུ་ཡུལ་གྱི་ཆད་གཅོད་གཏན་འབེབས་ཕྱིར་འཐེན་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།