ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ནུབ་རྒྱུད་འཆར་གཞིའི་དང་ལེན་པ880སྔ་རྗེས་སུ་བོད་ལྗོངས་ལ་འབྱོར་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-08-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

W020220727816870866679.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། མེ་འཁོརZ9825ལྷ་སའི་མེ་འཁོར་འབབ་ཚུགས་སུ་ཐོན་པ་དང་བསྟུན་ནས་ཨན་ཧུའེ་དང་ཀྲེ་ཅང་ཞིང་ཆེན་གཉིས་ནས་ཡོང་བའི2022ལོའི་ནུབ་རྒྱུད་འཆར་གཞིའི་དང་ལེན་པ21གཅིག་རྗེས་གཉིས་མཐུད་ངང་བོད་ལྗོངས་སུ་འབྱོར།

2022ལོར། རྒྱལ་ཡོངས་སུ་ནུབ་རྒྱུད་འཆར་གཞིའི་བོད་ལྗོངས་ཀྱི་ཆེད་དོན་རྣམ་གྲངས་ནང་ཞུགས་པའི་མི་གྲངས26917ལ་སླེབས་པ་དང་། ནུབ་རྒྱུད་འཆར་གཞིའི་བོད་ལྗོངས་ཀྱི་ཆེད་དོན་རྣམ་གྲངས་ནང་བསྡོམས་པས་མི880བསྡུས་པ་དང་དེའི་ནང་ཞིབ་འཇུག་སློབ་མའི་སློབ་སྐྱོར་ཚོགས་པ120ཡོད། ནུབ་རྒྱུད་འཆར་གཞིའི་བོད་ལྗོངས་ཀྱི་ཆེད་དོན་དང་ལེན་པ་དེ་དག་པེ་ཅིང་དང་། ཐེན་ཅིན། ཧྥུའུ་ཅན་སོགས་ཁ་གཏད་བོད་སྐྱོར་ཞིང་ཆེན(གྲོང་ཁྱེར)17དང་། དེ་བཞིན་ཧྲན་ཞི་དང་། ཧི་ནན། སི་ཁྲོན་སོགས་ཞིང་ཆེན(རང་སྐྱོང་ལྗོངས)6ནས་ཡོང་བ་རེད། 

“དང་བླངས་པས་འབྱོར་ཐོ་བཀོད་རྗེས། དུས་ཡུན་ཉིན་གསུམ་གྱི་ལས་གནས་སུ་མ་ཞུགས་གོང་གི་གསོ་སྦྱོང་དང་དུས་ཡུན་ཉིན་བཞིའི་རིང་གི‘གཞོན་ནུའི་མར་ཁེ་སི་རིང་ལུགས་པ་སྐྱེད་སྲིང་ལས་གཞིའི’གསོ་སྦྱོང་སྤེལ་རྒྱུ་རེད། གསོ་སྦྱོང་མཇུག་འགྲིལ་རྗེས། སོ་སོ་རང་ཉིད་ཀྱི་ཞབས་ཞུའི་ལས་གནས་སུ་བསྐྱོད་རྒྱུ་ཡིན། ཞབས་ཞུའི་ཁྱབ་ཁོངས་རིག་གནས་སློབ་གསོ་དང་། རིམས་ནད་འགོག་སྡོམ། གཞི་རིམ་བཅོས་སྐྱོང་སོགས་ཀྱི་ཕྱོགས་སོ་སོར་འབྲེལ་བ་ཡོད”ཅེས་སྡེ་ཚོགས་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། སློབ་ཆེན་སློབ་མའི་དང་ལེན་ཞབས་ཞུའི་ནུབ་རྒྱུད་འཆར་གཞི་ནི་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་། སློབ་གསོ་པུའུ། ནོར་སྲིད་པུའུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་བཅས་ཀྱིས2003ལོར་ལག་བསྟར་བྱེད་མགོ་ཚུགས་པའི་དང་བླངས་ཞབས་ཞུའི་རྣམ་གྲངས་ཆེ་གྲས་ཤིག་ཡིན་པ་དང་། ཡོངས་བསྒྲགས་ངང་བསྡུ་བ་དང་། རང་མོས་ཐོ་འགོད། རྩ་འཛུགས་འདེམས་སྒྲུག གཅིག་སྡུད་མངགས་གཏོང་བཅས་ཀྱི་བྱེད་ཐབས་སྤྱད་དེ། ལོ་རེར་མཐོ་རིམ་སློབ་གྲྭ་དཀྱུས་མའི་ལོ་འདི་གའི་མཐར་ཕྱིན་སློབ་མའམ་ཡང་ན་སློབ་གྲྭར་འགྲོ་མུས་ཀྱི་ཞིབ་འཇུག་སློབ་མ་ངེས་ཅན་ཞིག་བསྡུས་ནས། ནུབ་རྒྱུད་གཞི་རིམ་དུ་དུས་ཡུན་ལོ1ནས་ལོ3བར་གྱི་དང་བླངས་ཞབས་ཞུ་སྒྲུབ་པ་ཞིག་རེད། 2003ལོ་ནས2021ལོའི་བར། སྔ་རྗེས་སུ་ནུབ་རྒྱུད་འཆར་གཞིའི་དང་བླངས་པ་སྐོར19དང་མི10828བོད་ལྗོངས་སུ་ཡོང་ནས་གཞི་རིམ་དུ་སྐྱོད་པ་དང་ལས་དོན་ཏན་ཏིག་སྒོས་བསྒྲུབས། ནུབ་རྒྱུད་འཆར་གཞིའི་དང་ལེན་པ3713གྱིས་ཞབས་ཞུའི་དུས་ཡུན་ལོན་རྗེས་བོད་ལྗོངས་སུ་ལས་ཞུགས་ལས་གཏོད་བྱ་རྒྱུའི་གདམ་ག་བྱས་ནས། བོད་ལྗོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་བར་ལང་ཚོའི་སྟོབས་ཤུགས་ཕུལ་ཡོད། ། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།