ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

《རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་ཚིག་མཛོད(བོད་ཡིག་ཤན་སྦྱར)》སྤྲོད་པའི་མཛད་སྒོ་ཉིང་ཁྲིར་འཚོགས་པ།

ཡོང་ཁུངས། : བོད་ལྗོངས་མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-08-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་ཤུགས་ཆེན་བཏང་ནས“འདུ་ཤེས་གསུམ”གྱི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་གཏོང་ཆེད། རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ལྷན་གྱིས་གཙོ་གཉེར་བྱས་པ་དང་། ཉིང་ཁྲི་གྲོང་ཁྱེར་སྲིད་གཞུང་དང་རང་སྐྱོང་ལྗོངས་བོད་སྐད་ཡིག་ཨུ་ལྷན་གཞུང་དོན་ཁང(རྩོམ་སྒྱུར་ཅུས)གིས་སྒྲུབ་འགན་འཁུར་བའི《རྒྱབ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་ཚིག་མཛོད(བོད་ཡིག་ཤན་སྦྱར)》སྤྲོད་པའི་མཛད་སྒོ་ཉིང་ཁྲིར་འཚོགས་པ་རེད།

རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ལྕགས་རྭ་བློ་བཟང་བསྟན་འཛིན་ཚོགས་འདུར་ཕེབས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ཟླ་དྲུག་པར་འགྲེམས་སྤེལ་བྱས་པའི《རྒྱབ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་ཚིག་མཛོད(བོད་ཡིག་ཤན་སྦྱར)》རྩོམ་འབྲིའི་བརྒྱུད་རིམ་ནང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་བོད་སྐད་ཡིག་གི་འབྲེལ་ཡོད་ཚད་ལྡན་ཚད་གཞི་དོན་འཁྱོལ་ནན་ཏན་ཁར་སྐད་ཡིག་སྦྱོང་བའི་ཆོས་ཉིད་ལ་སྲུང་བརྩི་ཞུས་ཏེ། སྤྱིར་བཏང་ཚིག་མཛོད་བཟོ་བར་བཏོན་པའི་དཔེར་བརྗོད་དང་ཚིག་སྒྲུབ་ཀྱི་བླང་བྱ་དང་མཐུན་པར་བྱས་པ་ཕུད། རྨང་གཞིའི་རང་བཞིན་དང་། གོ་ཆོད་རང་བཞིན། ཚད་ལྡན་རང་བཞིན། བསམ་བློའི་རང་བཞིན་བཅས་མངོན་གསལ་དོད་པོ་ཡོང་བར་བྱས་ནས་སྤྱོད་མཁན་གྱིས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་མོས་སེམས། “འཛུགས་གཏོད་བཞིར”སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་སྐུལ་འདེད་གཏོང་བ། “མདུན་གྲལ་དུ་སླེབས་པ་བཞི”ཧུར་ཐག་བྱེད་པ་བཅས་ལ་ངོས་འཛིན་ཇེ་ཟབ་ཡོང་བར་ཁྲིད་སྟོན་ཐུབ་རྒྱུར་དོ་སྣང་ཆེན་པོ་བྱས་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།