ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ནད་པའི་གདོང་ནས་བདེ་སྐྱིད་ཀྱི་འཛུམ་མདངས་མངོན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-08-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

པར་འདི་ནི་ཟླ7པའི་ཚེས31ཉིན། སྨན་པ་ཝང་ཁེ་མིན་དང་བོད་ལྗོངས་མི་དམངས་སྨན་ཁང་གི་སྨན་པ་བསྟན་འཛིན་སྙན་གྲགས་གཉིས་ནད་པ་ཞིག་དང་མཉམ་དུ་ཡོད་པའི་ཚུལ་རེད། 

པར་འདི་ནི་ཟླ7པའི་ཚེས31ཉིན། སྨན་པ་ཝང་ཁེ་མིན་དང་བོད་ལྗོངས་མི་དམངས་སྨན་ཁང་གི་སྨན་པ་བསྟན་འཛིན་སྙན་གྲགས་གཉིས་ཀྱིས་ནད་པ་ཞིག་དང་ཁ་བརྡ་བྱེད་བཞིན་པའི་ཚུལ་རེད། 

པར་འདི་ནི་ཟླ7པའི་ཚེས29ཉིན། སྨན་པ་ཝང་ཁེ་མིན་གྱིས་བྱིས་པ་ཞིག་ལ་གཤགས་བཅོས་མ་བྱས་སྔོན་གྱི་ཞིབ་བཤེར་བྱེད་བཞིན་པའི་ཚུལ་རེད།

པར་འདི་ནི་ཟླ7པའི་ཚེས30ཉིན། སྨན་པ་ཝང་ཁེ་མིན་གྱིས་གཤགས་བཅོས་བྱས་ཟིན་པའི་བྱིས་པ་ཞིག་ལ་ཞིབ་བཤེར་བྱེད་བཞིན་པའི་ཚུལ་རེད།

པར་འདི་ནི་ཟླ7པའི་ཚེས29ཉིན། མངའ་རིས་མི་དམངས་སྨན་ཁང་དུ་སྨན་པ་ཚོས་ནད་པ་ཞིག་ལ་ནད་དཔྱད་བྱེད་བཞིན་པའི་ཚུལ་རེད།

 པར་འདི་ནི་ཟླ7པའི་ཚེས31ཉིན། སྨན་པ་ཝང་ཁེ་མིན་གྱིས་ནད་པ་ཞིག་ལ་གཤགས་བཅོས་བྱེད་བཞིན་པའི་ཚུལ་རེད། 

པར་འདི་ནི་སྨན་པ་གཉིས་ཀྱིས་ནད་པ་སྦིད་ཡོད་མེད་ཀྱི་ལྟ་ཞིབ་ཚད་ལེན་བྱེད་བཞིན་པའི་ཚུལ་རེད།

ཟླ7པའི་ཚེས29ཉིན། སྨན་པ་བསྟན་འཛིན་སྙན་གྲགས་ཀྱིས་མངའ་རིས་མི་དམངས་སྨན་ཁང་དུ་ནད་པ་ཞིག་ལ་གཤགས་བཅོས་བྱེད་བཞིན་པའི་ཚུལ་རེད།

ཟླ7པའི་ཚེས29ཉིན། སྨན་པ་ཚོས་མངའ་རིས་མི་དམངས་སྨན་ཁང་དུ་ནད་པ་ཞིག་ལ་གཤགས་བཅོས་བྱེད་བཞིན་པའི་ཚུལ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀྲུང་གོ་གསོ་རིག་ཚན་རིག་ཁང་གི་དབང་པོ་བཅོས་བཟོའི་ཕྱི་ནད་ཚན་ཁག་གི་སྨན་པ་ཝང་ཁེ་མིན་གྱིས་བོད་སྐྱོར་ལས་འགན་མཇུག་སྒྲིལ་ནས་ལོ་གཅིག་སོང་རྗེས། ཡང་བསྐྱར་བོད་ལྗོངས་མངའ་རིས་ས་ཁུལ་དུ་ལོག་ཅིང་། ཁོང་གིས་ལས་རོགས་དང་དེ་བཞིན་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་། ཆིང་ཏའོ་འཆམ་མཐུན་ཁྱིམ་གཞིས་སྨན་ཁང་གི་སྨན་པ་དང་མཉམ་དུ་ཁ་ཤོའི་སྤྱི་ཕན་རོགས་སྐྱོབ་བྱ་འགུལ་སྤེལ་ནས། ས་མཐོའི་ཞིང་འབྲོག་པར་བྱམས་སེམས་ཕུལ་བ་རེད། ཁོང་ཚོས་ནད་པ30ལྷག་ལ་རིན་མེད་བརྟག་དཔྱད་དང་གཤགས་བཅོས་བྱས་པས་ནད་པ་ཚོའི་གདོང་ལ་སླར་ཡང་བདེ་སྐྱིད་ཀྱི་འཛུམ་མདངས་ཤར་ཡོད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།