ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ལྷོ་ཁ་གྲོང་ཁྱེར་གྱིས་ཞིང་སྡེའི་འཚོ་སྡོད་ཁོར་ཡུག་ལེགས་བཅོས་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-08-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱི་གཙང་པོའི་དབུས་རྒྱུད་ཀྱི་རྫོང་དང་ཆུས་ཁག་གི་དུས་ཚིགས་གཉིས་པའི་ཞིང་སྡེའི་འཚོ་སྡོད་ཁོར་ཡུག་ལེགས་བཅོས་ཡུལ་དངོས་སྐུལ་སྤེལ་ཚོགས་འདུ་འཕྱོངས་རྒྱས་རྫོང་དུ་བསྡུས་ཤིང་། ཚོགས་འདུའི་ཐོག ལྷོ་ཁ་གྲོང་ཁྱེར་གྱི་དུས་ཚིགས་གཉིས་པའི་ཞིང་སྡེའི་འཚོ་སྡོད་ཁོར་ཡུག་ལེགས་བཅོས་ཀྱི་ལྟ་སྐུལ་མཛུབ་ཁྲིད་གདེང་འཇོག་གི་གནས་ཚུལ་སྤྱི་བསྒྲགས་བྱས་ཏེ། དུས་ཚིགས་གཉིས་པའི་ལྟ་སྐུལ་མཛུབ་ཁྲིད་དཔྱད་ཞིབ་ཁྲོད“ཡག་ཤོས་བཅུའི་ཤང་དང་གྲོང་རྡལ”གྱི་མཚན་སྙན་ཐོབ་པའི་ལས་ཁུངས་ལ་འཁོར་སྐྱོད་དར་དམར་སྤྲད་པ་རེད། ཚོགས་འདུའི་སྔོན་དུ་ཚོགས་ཞུགས་མི་སྣ་ཡོངས་འཕྱོངས་རྒྱས་རྫོང་གི་གྲོང་གསེབ་ཁག་ཏུ་སོང་ནས་ཞིང་སྡེའི་འཚོ་སྡོད་ཁོར་ཡུག་ལེགས་བཅོས་ལས་དོན་ཁྲོད་ཀྱི་དཔེ་མཚོན་ཉམས་མྱོང་དང་སྔོན་ཐོན་བྱ་ཐབས་ལ་ཡུལ་དངོས་ལྟ་སྦྱོང་བྱས་ནས། གྲོང་ཁྱེར་ཡོངས་ཀྱི་ཞིང་སྡེའི་འཚོ་སྡོད་ཁོར་ཡུག་ལེགས་བཅོས་ལས་དོན་ལ་མུ་མཐུད་སྐུལ་འདེད་བཏང་ནས་སྐས་རིམ་གསར་བར་སླེབས་པར་རྨང་གཞི་བཏིངས།

ཤེས་གསལ་ལྟར་ན། ད་ལོ་ནས་བཟུང་། ལྷོ་ཁ་གྲོང་ཁྱེར་གྱིས་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་གྱི་རྣམ་གྲངས34ལག་བསྟར་བྱ་རྩིས་ཡོད་ཅིང་། མིག་སྔར་རྣམ་གྲངས16ལས་མགོ་ཚུགས་པ་དང་། བསྡོམས་པས་མ་འཇོག་སྒོར་དུང་ཕྱུར1.73ལེགས་འགྲུབ་ཟིན་ནས། གྲོང་ཁྱེར་ཡོངས་ཀྱི་ཞིང་སྡེའི་འཚོ་སྡོད་ཁོར་ཡུག་ལེགས་བཅོས་ལས་དོན་གྱི་འཕེལ་རིམ་བདེ་བླག་ཡིན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། དུས་ཚིགས་གཉིས་པའི་རིང་ལྷོ་ཁ་གྲོང་ཁྱེར་གྱི་རྫོང་དང་ཆུས་སོ་སོས་ཞིང་སྡེའི་འཚོ་སྡོད་ཁོར་ཡུག་ལེགས་བཅོས་ལས་དོན་མུ་མཐུད་གཏིང་ཟབ་དུ་སྤེལ་ཏེ། གོང་འོག་མཉམ་འགུལ་དང་ལག་བསྟར་ཤུགས་ཆེན་རྒྱུན་འཁྱོངས་བྱས་ནས་སྲིད་ཇུས་ཁག་ཁོངས་གཏོགས་ཁྱབ་ཁོངས་སུ་ཆད་ལུས་མེད་པར་དོན་ཐོག་ཏུ་འཁྱོལ་བར་བྱས་ཡོད། གཙོ་གནད་དང་ཁྱོན་ཡོངས་ཟུང་འབྲེལ་རྒྱུན་འཁྱོངས་བྱས་ནས་ཞིང་སྡེའི་འཚོ་སྡོད་ཁོར་ཡུག་ལེགས་བཅོས་ལས་དོན་ལ་ཕན་འབྲས་དང་བཀྲག་མདངས་འཚེར་ས་ཡོད་པ། བྱ་སྤྱོད་དང་ལམ་སྲོལ་ཕྱོགས་གཉིས་སུ་ཤུགས་འདོན་པ་བཅས་རྒྱུན་འཁྱོངས་བྱས་ཏེ། སློབ་སྦྱོང་དང་བསྐྱར་དཔར་བྱས་ཆོག་པའི་ཉམས་མྱོང་དང་གྲུབ་འབྲས་བླངས་ཡོད།

རྗེས་མར། ལྷོ་ཁ་གྲོང་ཁྱེར་གྱི་ཞིང་སྡེའི་འཚོ་སྡོད་ཁོར་ཡུག་ལེགས་བཅོས་ལས་དོན་གྱིས་སྔར་ལས་ལྷག་པའི་སྒོ་ནས་བསམ་བློའི་ཤེས་རྟོགས་གཅིག་གྱུར་དང་མང་ཚོགས་ལ་སྐུལ་སློང་ཧུར་ཐག་བྱས་ཏེ། ཞིང་སྡེའི་འཚོ་སྡོད་ཁོར་ཡུག་ལེགས་བཅོས་ཀྱི་འགྲིལ་ཤུགས་ཆེན་པོ་ཆགས་རྒྱུ་དང་། གཙོ་གནད་འགག་སྒྲོལ་དང་ཕྱོགས་ཡོངས་མཐོར་འདེགས་ཁྲོད་ཞིང་སྡེའི་འཚོ་སྡོད་ཁོར་ཡུག་ལེགས་བཅོས་ལས་དོན་གྱི་བཀྲག་མདངས་འཚེར་ས་གསར་བ་གཏོད་པ། ངེས་པར་དུ་སློབ་སྦྱོང་བསྙེགས་བརྒལ་དང་འཕྲལ་སྒྲུབ་འཕྲལ་བཅོས། ལས་དོན་ལེགས་པོ་སྒྲུབ་པ་བཅས་ཀྱི་བྱ་སྤྱོད་དངོས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་ཞིང་སྡེའི་འཚོ་སྡོད་ཁོར་ཡུག་ལེགས་བཅོས་བྱེད་པའི་ལས་དོན་གྱི་མཐོ་རླབས་གསར་བ་ཞིག་འཕྱུར་རྒྱུ་རེད། ། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།