ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱི་ཁྱད་ལྡན་ཐོན་རྫས་དེ་འཛད་སྤྱོད་དངོས་མང་སྟོན་ཚོགས་ཐོག་བྲིན་ཁ་རྒྱུག་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-08-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། སྐབས་གཉིས་པའི་ཀྲུང་གོའི་རྒྱལ་སྤྱིའི་འཛད་སྤྱོད་དངོས་མང་སྟོན་ཚོགས་ཧའེ་ནན་ཞིང་ཆེན་ཧའེ་ཁོའུ་གྲོང་ཁྱེར་དུ་མགོ་ཚུགས་པ་དང་། བོད་རང་སྐྱོང་ལྗོངས་ཀྱི“མིང་གྲགས་དང་། སྤུས་ལེགས། ཁྱད་འཕགས། གསར་པའི”སྤུས་རྟགས་ཁེ་ལས20ལྷག་འགྲེམས་ཚོགས་ནང་ཞུགས་ཡོད་པས། གངས་ལྗོངས་ས་མཐོའི་ཁྱད་ལྡན་ཐོན་རྫས་སྣ་ཚོགས་གནས་དེ་རུ་འཛོམས་པར་ཚོང་པ་དང་སྐུ་མགྲོན་མང་པོའི་དགའ་བསུ་ཆེན་པོ་ཐོབ་པ་རེད། 

འཛད་སྤྱོད་དངོས་མང་སྟོན་ཚོགས་རིང་། བོད་ལྗོངས་འགྲེམས་ཁང་གི་ཡུལ་དངོས་ཉོ་ཚོང་དངུལ་འབོར་སྒོར་ཁྲི130ལྷག་ཟིན་ནས་མངགས་ཐོ་སྒོར་ཁྲི230ལྷག་བཞག་པ་རེད།

ཀྲའོ་ཧྥན་ལིན་རིག་གནས་ཚད་ཡོད་ཀུང་སིའི་འགྲེམས་སྟེགས་མདུན་དུ་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་གཞི་རྒྱུ་ལྡན་པའི་བོད་ཀྱི་ཐོན་རྫས་ཀྱིས་འཛད་སྤྱོད་པ་མང་པོའི་ཡིད་དབང་བཀུག་པ་དང་། ཧྲན་ཤིས་ནས་ཡོང་བའི་སྐྱེས་མ་ལིའུ་ལགས་ཀྱིས་སྟེགས་བུ་དེའི་མདུན་དུ་ཞེན་ཆགས་ནས“ང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བསྡུ་གསོག་སྒམ་ཆུང་འདིར་ཤུན་ཏུ་དགའ་ཞིང་། ད་དུང་ལོ་རྟགས་བཅུ་གཉིས་མཚོན་པའི་རྩེད་ཆས་ཀྱང་ཡོད། འདི་མཐའ་དག་ལ་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་གཞི་རྒྱུ་ལྡན་པས་ངའི་ཡིད་དབང་རབ་ཏུ་འཕྲོག་བྱུང”ཟེར།

ཀྲའོ་ཧྥན་ལིན་རིག་གནས་ཚད་ཡོད་ཀུང་སིའི་སྤུས་རྟགས་ཇུས་འགོད་པུའུ་ཡི་ཅིང་ལི་བློ་བཟང་ཆོས་འཕེལ་གྱིས་གསར་འགོད་པར“ཐེངས་འདིའི་འཛད་སྤྱོད་དངོས་མང་སྟོན་ཚོགས་ལ་ང་ཚོས་ལོ་རྟགས་བཅུ་གཉིས་མཚོན་པའི་རྩེད་ཆས་དང་། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བསྡུ་གསོག་སྒམ་ཆུང་། མཛེས་བཟོའི་ཁུག་མ། དངུལ་ཁུག་སོགས་རིག་གནས་བསམ་བཀོད་ཐོན་རྫས་འཁྱེར་ཡོང་ཡོད་པ་མ་ཟད། ཐོན་རྫས་ཀྱི་གཏམ་རྒྱུད་བརྗོད་པ་དང་བརྙན་ལམ་ཟུང་དུ་འབྲེལ་བའི་བྱེད་ཐབས་བརྒྱུད་སྐུ་མགྲོན་ཚོས་སྔར་ལས་ལེགས་པོའི་སྒོ་ནས་དེ་དག་ལ་ཤེས་རྟོགས་བྱེད་པ་དང་། དེ་དང་ཆབས་ཅིག་ང་ཚོས་ཀྱང་འཛད་སྤྱོད་དངོས་མང་སྟོན་ཚོགས་ཀྱི་ལས་སྟེགས་འདིར་བརྟེན་ནས་སྤུས་ལེགས་ཀྱི་མཉམ་ལས་ཚོང་དུད་དང་ཉོ་སྒྲུབ་ཚོང་བ་བཙལ་ནས། རྗེས་མའི་འཕེལ་རྒྱས་ལ་གོ་སྐབས་ཐོབ་རྒྱུའི་རེ་བ་བྱེད་ཀྱི་ཡོདཟེར།

བོད་ལྗོངས་གྲོ་མ་སྦི་རག་ཚད་ཡོད་ཀུང་སིའི་འགྲེམས་སྟེགས་མདུན་དུ་གསར་འགོད་པས་གྲོ་མའི་སྦི་རག་སོགས་ཀྱི་ཐོན་རྫས་གྲལ་འགྲིག་པོའི་ངང་འགྲེམས་སྟེགས་ཐོག་བཞག་ཡོད་པ་མཐོང་ཞིང་། དེའི་ཐུན་མོང་མ་ཡིན་པའི་ཐུམ་སྒྲིལ་གྱིས་སྐུ་མགྲོན་རྣམས་ཚུར་བཀུག་ནས་རིན་གོང་སོགས་ཚོང་རྫས་སྣ་ཚོགས་ལ་འདྲི་རྟོགས་བྱེད་བཞིན་ཡོད། འཛད་སྤྱོད་པས་ཐོན་རྫས་ལ་དེ་འདྲ་དགའ་མོས་བྱེད་པ་མཐོང་སྐབས། ཐེངས་གཉིས་པར་འཛད་སྤྱོད་པའི་སྟོན་ཚོགས་ལ་ཞུགས་མཁན་བོད་ལྗོངས་གྲོ་མ་སྦི་རག་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཕེང་ཀྲི་ཧའོ་ཡིས་དགའ་སྤྲོ་ལྡན་པའི་ངང“ན་ནིང་གི་འཛད་སྤྱོད་པའི་སྟོན་ཚོགས་ཐོག་ང་ཚོའི་འགྲེམས་ཞུགས་ཐོན་རྫས་བྲིན་ཁ་རྒྱུག་ནས་ཕྱིར་ཚོང་ཚད་སྒོར་ཁྲི60ལྷག་ཟིན་པ་དང་། སྒོར་ཁྲི150ལྷག་གི་འདོད་མཐུན་མངགས་ཐོ་བཞག་ཡོད། ཐེངས་འདིར་ང་ཚོས་ཐོན་རྫས་སྔར་ལས་མང་བོ་མཁོ་འདོན་བྱས་པ་དང་ཕྱིར་ཚོང་ཚད་ན་ནིང་ལས་ལེགས་པ་རེད། ང་ཚོས་ད་དུང་ཧའེ་ནན་དུ་བརྒྱུད་ཚོང་ལས་ཚབ་གཉེར་དྲ་བཙུགས་ཏེ་མི་སྔར་ལས་མང་བས་ང་ཚོའི་གངས་ལྗོངས་ས་མཐོའི་ཁྱད་ལྡན་ཐོན་རྫས་ཤེས་རྟོགས་ཐུབ་རྒྱུའི་རེ་བ་བཅངས་ཡོད”ཟེར།

གསར་འགོད་པས་ད་དུང་ཐེངས་འདིའི་འཛད་སྤྱོད་པ་མང་པོ་ཞིག་སྙན་གྲགས་ལ་ཡིད་སྨོན་སྐྱེས་ནས་ཡོང་བ་ཤེས་རྟོགས་བྱུང་ཞིང་། ཧུའུ་པེ་ནས་ཡོང་བའི་སྐུ་ཞབས་ཧུའུ་ལགས་ནི་དེའི་ཁྲོད་ཀྱི་གཅིག་ཡིན། ཁོང་གིས“ལོ་འགའི་སྔོན་བོད་ལྗོངས་སུ་བསླེབས་སྐབས་བོད་སྤོས་ཉོས་མྱོང་ལ། སླར་ཡང་ཉོ་འདོད་པའི་རེ་བ་ཡོད། འོན་ཀྱང་ཡང་བསྐྱར་བོད་ལྗོངས་སུ་འགྲོ་བའི་གོ་སྐབས་མ་བྱུང་བས། ཐེངས་འདིར་ཆེད་དུ་འཛད་སྤྱོད་པའི་སྟོན་ཚོགས་ཐོག་བོད་སྤོས་ཉོ་རུ་ཡོང་བ་ཡིན”ཟེར།

“ངས་བོད་ལྗོངས་ལ་ནམ་ཡང་ཡིད་སྨོན་ཆེན་པོ་སྐྱེས་བཞིན་ཡོད། འོན་ཀྱང་ལས་ཀ་བྲེལ་བ་ཆེ་བའི་དབང་གིས་བོད་ལྗོངས་སུ་འགྲོ་རྒྱུའི་བསྐལ་བ་མ་བྱུང་། ད་ཐེངས་ངས་ཆེད་མངགས་སྤ་སེ་ཉོས་ཏེ་བོད་ལྗོངས་འགྲེམས་ཁང་དུ་བལྟ་རུ་ཡོང་བ་ཡིན། བོད་ལྗོངས་ཀྱི་ཐོན་རྫས་སྤུས་ཚད་ལེགས་པ་དང་རིན་གོང་ཡང་ལུགས་དང་མཐུན་པས། ངས་ཤ་མོ་དང་བེ་ཤ་ཉོས་ཏེ་ཁྱིམ་མི་དང་གྲོགས་པོ་ཚོར་བྲོ་བ་མྱོང་དུ་འཇུག་དགོས”ཞེས་ཧའེ་ཁོའུ་ཡི་གྲོང་མི་ལི་ཡུས་ཧྥུང་གིས་བོད་ལྗོངས་ཀྱི་ཐོན་རྫས་ལ་བསྔགས་བརྗོད་ཡང་ཡང་བྱས།

བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་ཐིང་ཀྲང་གཞོན་པ་ཐང་སུང་གིས“ཐེངས་འདིར་ང་ཚོས་ཐོན་རྫས་རིགས100ལྷག་འགྲེམས་སྟོན་བྱས་ཡོད། ཐེངས་འདིའི་འཛད་སྤྱོད་དངོས་མང་སྟོན་ཚོགས་ཀྱི་ལས་སྟེགས་ལ་བརྟེན་ནས‘བོད་ལྗོངས་སྤུས་རྟགས’ཀྱི་རྒྱལ་སྤྱི་རྒྱལ་ནང་གི་སྐད་གྲགས་ཆོད་ཚད་དང་མཚན་སྙན་ཆེ་རུ་གཏོང་བ་དང་། ཁྱད་ལྡན་ཞིང་འབྲོག་ཐོན་ཟོག་འཁོར་རྒྱུག་ཐབས་ལམ་རྒྱ་ཆེར་གཏོང་བ། ཞིང་འབྲོག་ཐོན་རྫས་ཕྱིར་བསྐྱོད་རྒྱུར་སྐུལ་འདེད་གཏོང་བ། ཁེ་ལས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཁྲོམ་ར་གསར་འབྱེད་ལ་ཧུར་ཐག་གིས་ཁྲིད་སྟོན་བཅས་ཐུབ་རྒྱུའི་རེ་བ་ཡོད”ཅེས་ངོ་སྤྲོད་བྱས། །

ལྷ་སའི་ཕྱོགས་བསྡུས་དཔྱ་ཁྲལ་ཆག་ཡང་ཁུལ་གྱི་འོས་སྦྱོར་ཚོགས་འདུ་དང་དཔལ་འབྱོར་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུའི་ཐོག ལྷ་སའི་ཕྱོགས་བསྡུས་དཔྱ་ཁྲལ་ཆག་ཡང་ཁུལ་གྱིས་ཧའེ་ནན་ཞིང་ཆེན་ས་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་མཐུན་ཚོགས་སོགས་སྡེ་ཚན4དང་དེའི་ནང་ཞུགས་རྒྱུའི་གྲོས་མཐུན་ལ་མིང་རྟགས་བཀོད་པ་དང་། སྔོན་དཔག་ལྟར་ན། བཅའ་སྡོད་བྱས་རྗེས་ཕྱིར་གཏོང་ནང་འདྲེན་གྱི་ཚོང་དོན་དངུལ་འབོར་སྒོར་དུང་ཕྱུར5ཟིན་རྒྱུ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།