ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱི་མཐའ་མཚམས་རྫོང་དུ་དམག་དཔུང་དང་ས་གནས་ཀྱི་གཞི་རིམ་ཏང་རྩ་འཛུགས་དབར་ཆ་འགྲིག་མཉམ་སྐྲུན་གྱི་ལས་དོན་སྤེལ་བ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-08-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས་26ཉིན་བོད་ཀྱི་ལྗོངས་ཡོངས་ཀྱི“མཉམ་སྤེལ་ལྔ་དང་སྲ་བརྟན་ལྔའི”ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་ཉིང་ཁྲིར་འཚོགས་ཤིང་། མིག་སྔར་བོད་ཀྱི་མཐའ་མཚམས་རྫོང་21ཏུ་དམག་དཔུང་དང་ས་གནས་ཀྱི་གཞི་རིམ་ཏང་རྩ་འཛུགས་དབར“མཉམ་སྤེལ་ལྔ་དང་སྲ་བརྟན་ལྔའི”ཆ་འགྲིག་མཉམ་སྐྲུན་གྱི་ལས་དོན་སྤེལ་ནས། མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་ཡོང་བར་འགན་ལེན་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། “མཉམ་སྤེལ་ལྔ་དང་སྲ་བརྟན་ལྔའི”ལས་དོན་སྤེལ་ཚུན། བོད་ཀྱིས“ཆབ་སྲིད་ཀྱི་བླ་སྲོག་སྐྲུན་པའི”འདུ་འགོད་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། དམག་དཔུང་དང་ས་གནས་ཀྱི་མཉམ་འབྲེལ་སྒྲོག་འགྲེལ་ཚོགས་པ་དང་དམག་དཔུང་དང་ས་གནས་ཀྱི་མཉམ་འབྲེལ་སྐོར་སྐྱོད་སྒྲོག་འགྲེལ་ཡན་ལག་རུ་ཆུང་བཙུགས་ནས། དམག་དཔུང་དང་ས་གནས་མཉམ་འབྲེལ་གྱི“མཚན་མོའི་སློབ་གྲྭ”གཉེར་བ་དང་མཐའ་མཚམས་ཐོན་སྐྱེད་སྐོར་གཡེང་སྒྲོག་འགྲེལ་ས་ཚིགས་བཀོད་སྒྲིག་བྱས་པ་རེད། དམག་དམངས་མཉམ་དུ་ཏང་གི་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་དང་། ཐོན་ལས་རྩལ་ནུས་ཤེས་བྱ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་བཅས་ཀྱི་ལས་དོན་སྤེལ་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་། “རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས”བཅས་ཀྱི་མང་ཚོགས་རང་བཞིན་གྱི་དྲིལ་བསྒྲགས་སློབ་གསོ་སོགས་དང་ཟུང་འབྲེལ་བྱེད་པ་དང་། གཅིག་སྡུད་གསོ་སྦྱོང་དང་། ཆེད་དོན་འཆད་ཁྲིད། བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་སོགས་ཀྱི་བྱེད་ཐབས་སྤྱོད་པ། མཉམ་སྦྱོང་སློབ་ཁང་ཐེངས་4513དང་ཏང་གཤིས་སྦྱོང་བརྡར་ཐེངས་3264སྒྲིག་འཛུགས་བྱས་ཏེ་ཏང་གི་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་གཏིང་ཟབ་ཕྱོགས་སུ་སྤེལ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་རེད། ཏང་འཛུགས་སྐྱོང་གི་ཁྲིད་སྟོན་ནུས་པ་འདོན་སྤེལ་གང་ལེགས་ཀྱིས“མཐའ་དར་དམངས་ཕྱུག”གི་འདུ་འགོད་ལ་སྤྱི་འདོམས་སྐུལ་འདེད་བཏང་ཞིང་། མཐའ་དར་དམངས་ཕྱུག་གི་སྲིད་ཇུས་ཡག་པོ་སྤྱོད་པ་དང་། སྤུས་ལེགས་ཐོན་ཁུངས་མཐའ་མཚམས་ཀྱི་འཐབ་ས་དང་པོར་ཕྱོགས་རྒྱུར་སྤྱི་འདོམས་བྱེད་པ། དམག་ཉེན་དམངས་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་གྲངས་ལག་ལེན་བསྟར་བ། “ཚན་ཁག་1+དུད་ཚང་1”ཆ་འགྲིག་རོགས་སྐྱོར་བྱེད་སྟངས་སྤྱོད་པ། ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་འདེབས་འཛུགས་ལས་རིགས་འཕེལ་རྒྱས་གཏོང་བ། ཁྱིམ་ཚང་མགྲོན་ཁང་དང་ཟ་ཁང་གཉེར་བ། སྔོ་ཚལ་དྲོད་ཁང་གི་རྟེན་གཞི་སྐྲུན་པ། གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་བ། མཐའ་མཚམས་མི་དམངས་མང་ཚོགས་ཕ་ཡུལ་ནས་བྲལ་མི་དགོས་པར་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བཅས་བྱས་ནས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་ཐུབ་པར་སྐུལ་འདེད་བཏང་བ་རེད།

“བཅིངས་འགྲོལ་མ་བཏང་གོང་། ང་ཚོའི་ཁྱུང་གླིང་གྲོང་ཚོའི་ལྷོ་པ་རིགས་ཀྱི་མང་ཚོགས་སྔར་ནས་བཟུང་ལུང་ཁུག་ཏུ་ལྟོས་གྲོད་པ་མི་རྒྱགས་པར་རྔོན་རྒྱག་གིན་གནས་ངེས་མེད་འགྲིམས་པའི་འཚོ་བ་སྐྱེལ་གྱི་ཡོད། ཏང་དང་སྲིད་གཞུང་གི་འགོ་ཁྲིད་འོག་དང་མི་དམངས་བཅིངས་གྲོལ་དམག་གི་རོགས་རམ་འོག ད་ཆ་ང་ཚོ་ཚང་མ‘སྤྲོ་ཁང་ཆུང་ངུར’སྡོད་རྒྱུ་བྱུང་། ན་ནིང་གྲོང་ཚོའི་དཔལ་འབྱོར་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་974ལྷག་ཙམ་དང་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2.8ལྷག་ཙམ་ཟིན་ཡོད”ཅེས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ཁྱུང་གླིང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཟླ་བས་བརྗོད་པ་དང་། ཁོང་གིས་2020ལོར་གྲོང་ཚོའི་ཏང་ཀྲི་པུའུ་དང་བཅའ་སྡོད་དཔུང་སྡེས“མཉམ་སྤེལ་ལྔ་དང་སྲ་བརྟན་ལྔའི”མཉམ་སྐྲུན་ཚོད་ལྟའི་ལས་དོན་སྤེལ་ནས། “གསར་བརྗེའི་ཤིང་ཁང་ཆུང་ཆུང”གི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་མཉམ་དུ་བསྐྲུན་པ་དང་། “གསར་བརྗེའི་མཚན་མོའི་སློབ་གྲྭ”མཉམ་དུ་གཉེར་ནས་ཏང་ནང་ཁུལ་གྱི་འཚོ་བའི“སློབ་རེས་ཁྲིད་རེས”ཀྱི་ལམ་སྲོལ་བསྐྲུན་པ་རེད། ཁྱུང་གླིང་གྲོང་ཚོ་ཡང་བོད་ཀྱི“མཉམ་སྤེལ་ལྔ་དང་སྲ་བརྟན་ལྔའི”འཛུགས་སྐྲུན་གྱི་དཔེ་སྟོན་གྲོང་ཚོར་བདམས་པ་རེད།

ལོ་གཉིས་ཀྱི་རིང་། དམག་དཔུང་དང་ས་གནས་ཕྱོགས་གཉིས་པོས་ཚན་ཁག་གཉིས་མཉམ་སྐྲུན་དང་། རྩ་འཛུགས་འཚོ་བ་མཉམ་སྐྱེལ། དམག་དཔུང་དང་ས་གནས་ཀྱི་ཏང་ཡོན་ཆ་འགྲིག དམག་དཔུང་དང་ས་གནས་ཀྱི་ཏང་འཛུགས་སྐྱོང་ཕན་ཚུན་མཉམ་འདྲེས། འཐབ་ཕྱོགས་གཉིས་བསམ་ཇུས་གཅིག་བཅས་མཐའ་འཁྱོངས་བྱེད་པ་དང་། “ཕྱོགས་གཉིས་མཉམ་ཞུགས་དང་སྣོལ་སྦྲེལ་འགན་འཁུར”མཐའ་འཁྱོངས་བྱས་ཡོད། བོད་སྡོད་དཔུང་སྡེའི་ཆབ་སྲིད་མཛུབ་ཁྲིད་པ་500ལྷག་ཙམ་གྱིས་གྲོང་ཚོའི་ཏང་འཛུགས་སྐྱོང་གི་མཛུབ་ཁྲིད་པའི་འགན་འཁུར་བ་དང་། ས་གནས་ཀྱི་གྲོང་ཚོའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་400ཡིས་དམག་དཔུང་གི་མཐའ་མཚམས་ལས་དོན་གྱི་བློ་འདྲིའི་འགན་གཅིག་ལྕོགས་འཁུར་བ། ཕུལ་བྱུང་གི་དམག་ཞབས་ཐིམ་པའི་དམག་མི་བརྒྱ་གྲངས་གྲོང་ཚོའི་ཨུ་ལྷན་གཉིས་ཀྱི་ཚན་ཁག་ནང་ཞུགས་ཡོད། དམག་དཔུང་དང་ས་གནས་ཀྱིས་མཐའ་མཚམས་ཀྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་མཉམ་དུ་ཤུགས་སྣོན་རྒྱག་པ་དང་མཐའ་མཚམས་ས་ཁུལ་གྱི་ཏང་གི་སྲིད་འཛིན་རྨང་གཞི་བརྟན་དུ་བཏང་ནས། མཐའ་མཚམས་ཀྱི་འཐབ་ས་དང་པོར་ཏང་དར་ལྷབ་ལྷུབ་ཏུ་གཡོ་བར་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།