ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

མཐུན་སྒྲིལ་མེ་ཏོག་བཞད། བྱང་ཐང་མཛེས་སྡུག་ལྡན།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-08-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

—— བོད་ལྗོངས་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་གི་མི་རིགས་མཐུན་སྒྲིལ་ལས་དོན་སྐོར་བཀོད་པ།

ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་གིས་ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་དེ་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་གཏོང་བ་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་གཞི་རྟེན་གལ་ཆེན་ལ་བརྩིས་ནས། རྒྱུན་ཆད་མེད་པར་བསམ་ཕྱོགས་གསར་གཏོད་དང་། དམིགས་ཚད་གསལ་བཟོ། ཚད་མཐོའི་མཐོང་ཆེན། སྒྲིག་འཛུགས་ཞིབ་ཚགས་བཅས་བྱས་ཏེ་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་གསར་པ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་བཏང་ཡོད།

ཕྲུ་གུར་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་བཏང་བ།

ཉེ་བའི་ལོ་ཤས་རིང་། ལྷ་རི་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་བསམ་བློ་གཏོང་ས་གཅིག་ཏུ་གཏོང་བ་དང་ཤུགས་རྒྱག་ས་གཅིག་ཏུ་བརྒྱབ་ནས་རྫོང་ཡོངས་སུ་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་རྣམ་པ་བཟང་པོ་ཞིག་བཏོད་ཡོད།

ལྷ་རི་རྫོང་སློབ་འབྲིང་དུ་སྐྱོད་སྐབས་ཕྱོགས་གང་ས་ནས་མི་རིགས་མཐུན་སྒྲིལ་འཛུགས་གཏོད་ལས་དོན་གྱི་རྣམ་པ་ཟབ་མོ་ཚོར་ཐུབ་ལ། བོད་རྒྱ་ཤན་སྦྱར་གྱི་ཐོག་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་ནང་དོན་སྐོར་ཡང་གང་སར་མཐོང་རྒྱུ་ཡོད། སློབ་ཁྲིད་ཐོག་ཁང་གི་བར་ཁྱམས་དང་འཛིན་གྲྭའི་རིག་གནས་གྱང་སོགས་ཚང་མར་བོད་རྒྱ་ཤན་སྦྱར་གྱི་ཐོག་ནས་ཀྲུང་ཧྭ་མི་རིགས་ཀྱི་སྔོན་བྱོན་མཁས་དབང་དང་རླབས་ཆེན་མི་སྣའི་གཏམ་རྒྱུད་བཀོད་ཡོད།

2021ལོའི་ཟླ་6པར་ལྷ་རི་རྫོང་སློབ་འབྲིང་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཁྱམས་རིང་བསྐྲུན་ཞིང་། “སློབ་གྲྭས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཁྱམས་རིང་ལ་བརྟེན་ནས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ཏེ་ཕྲུ་གུའི་སེམས་ལ་མི་རིགས་མཐུན་སྒྲིལ་གྱི་ས་བོན་བཏབ་ཡོད”ལྷ་རི་རྫོང་སློབ་འབྲིང་གི་ཏང་ཀྲི་པུའི་ཧྲུའུ་ཅི་ཕེང་ཅི་ལིན་གྱིས། མི་རིགས་མཐུན་སྒྲིལ་གྱི་ཁྱམས་རིང་བསྐྲུན་པ་དེས་སློབ་གྲྭའི་དགེ་སློབ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ཀྱི་འདུ་ཤེས་ཟབ་ཏུ་ཕྱིན་པ་མ་ཟད། སློབ་གྲྭ་ཡོངས་ཀྱི་འཛུགས་གཏོད་རྣམ་པའང་དེ་བས་ཟབ་ཏུ་ཕྱིན་ཡོད་ཅེས་ངོ་སྤྲོད་བྱས།

ཉེ་བའི་ལོ་ཤས་རིང་། ལྷ་རི་རྫོང་དུ་ལྷ་རི་རྫོང་སློབ་འབྲིང་དང་འདྲ་བའི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་དཔེ་སྟོན་ས་ཚིགས་མང་པོ་ཐོན་ནས་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་བརྗོད་དོན་གཙོ་བོ་མངོན་པར་བྱས་ཡོད། མིག་སྔའི་བར་རྫོང་ཡོངས་ཀྱིས་མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་ས་ཚིགས་33བཏོད་པའི་ནང་ཤང(གྲོང་རྡལ)5དང་། གྲོང་ཚོ(གྲོང་ལྷན)13 ལས་ཁུངས་8 དགོན་སྡེ་3 ཁེ་ལས་2 སློབ་གྲྭ་2བཅས་ཚུད་ཡོད་པ་རེད།

མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ཀྱི་མཉམ་ཤུགས་གཅིག་ཏུ་སྒྲིལ་བ།

ཉེ་བའི་ལོ་ཤས་རིང་། ལྷ་རི་རྫོང་གིས་ད་ཡོད་ཀྱི་ཐོན་ཁུངས་འཚོལ་ཞིབ་དང་བེད་སྤྱོད་གང་ལེགས་བྱས་ནས། གསར་གཏོད་དང་ལག་ལེན་ལ་ཤུགས་སྣོན་བརྒྱབ་སྟེ་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ཀྱི་ལས་དོན་ཏན་ཏིག་བསྒྲུབས་ཡོད།

ལྷ་རི་རྫོང་གིས“དམར་དམག་ཉིན་གཅིག་བྱེད་པ་དང་། དམར་དམག་གི་ལམ་བུར་བསྐྱོད་པ། དམར་དམག་གི་གླུ་གཞས་གཏོང་བ། དམར་དམག་གི་སྙན་ངག་འདོན་པ། དམར་དམག་གི་སློབ་ཚན་ཉན་པ”བཅས་ཀྱི་ཉམས་ལེན་བྱེད་པའི་བྱེད་སྒོ་སྤེལ་བ་དང་། ཨར་རྩ་གྲོང་རྡལ་དང་གླིང་མཐིལ་ཤང་གིས་སྐད་འཕྲིན་ཚོགས་པ་བརྒྱུད་མི་རིགས་མཐུན་སྒྲིལ་འཛུགས་གཏོད་ཀྱི་སྲོལ་ཡིག་དྲིལ་བསྒྲགས་བྱེད་པ། སྨྲི་ཏི་ཁ་ཤང་དང་བེ་གུ་དགོན་དོ་དམ་ཨུ་ལྷན་གྱིས་མི་རིགས་མཐུན་སྒྲིལ་འཛུགས་གཏོད་ཀྱི་འགྲེམས་ཁང་བཙུགས་པ་སོགས་བརྗོད་ཀྱིས་མི་ལང་།

ཉེ་བའི་ལོ་ཤས་རིང་ལྷ་རི་རྫོང་གིས་བྱེད་ཐབས་སྣ་ཚོགས་སྤྱད་དེ་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་ནས། སྤྱི་ཚོགས་ལས་རིགས་ཁག་དང་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་ལས་དོན་ནང་རང་འགུལ་ངང་ཞུགས་པར་ཁྲིད་སྟོན་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཙུགས་ཡོད། མིག་སྔའི་བར་ལྷ་རི་རྫོང་གིས་རྒྱལ་ཡོངས་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་རྫོང(ཆུས)1དང་དཔེ་བཟང་མཉམ་སྡེབ་3འོས་སྦྱོར་རེ་ཞུ་བྱས་པ་དང་། རང་སྐྱོང་ལྗོངས་རིམ་པའི་དཔེ་བཟང་རྫོང(ཆུས)1དང་། དཔེ་བཟང་མཉམ་སྡེབ་6 དཔེ་བཟང་མི་སྒེར་9བཅས་འོས་སྦྱོར་བྱས་པ། ནག་ཆུ་གྲོང་ཁྱེར་རིམ་པའི་དཔེ་བཟང་མཉམ་སྡེབ་27དང་དཔེ་བཟང་མི་སྒེར་32ཡོད་པ། དཔེ་བཟང་མི་སྒེར་ནང་ལས་བྱེད་པ་དང་། མང་ཚོགས། གྲྭ་བཙུན་བཅས་ཡོད་ལ། དཔེ་བཟང་མཉམ་སྡེབ་ནང་ལས་ཁུངས་དང་། ཤང་དང་གྲོང་རྡལ། གྲོང་ཚོ་གྲོང་ལྷན་བཅས་ཀྱང་ཡོད་པ་རེད།

ཕན་ཚུན་ལྟ་རེས་སྐྱོང་རེས་ཀྱིས་ཞི་མཐུན་གྱི་མཛེས་རིས་མཉམ་དུ་བྲིས་པ།

ཉེ་བའི་ལོ་ཤས་རིང་། ལྷ་རི་རྫོང་གི་མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་། ཐུན་མོང་ཐོག་དར་རྒྱས་གོང་འཕེལ་བཏང་སྟེ་སེམས་ནུས་གཅིག་སྒྲིལ་གྱིས་དུས་བདེའི་ལྷ་རི་དང་། ཞི་མཐུན་གྱི་ལྷ་རི། བདེ་སྐྱིད་ཀྱི་ལྷ་རི། མཛེས་སྡུག་གི་ལྷ་རི་བཅས་མཛེས་རིས་ཤིག་བྲིས་ཡོད།

ལི་ཀྲེང་པོ་ནི་ཡུན་ནན་ནས་ཡོང་བའི་རྒྱ་རིགས་ཕོ་གསར་ཞིག་ཡིན་པ་དང་འཆི་མེད་དཔལ་སྐྱིད་ནི་ནག་ཆུ་གྲོང་ཁྱེར་སོག་རྫོང་གི་བོད་རིགས་བུ་མོ་ཞིག་རེད། “ངེད་གཉིས་ངོ་ཤེས་པ་ནས་གཉེན་སྒྲིག་བྱས་པའི་བར་ཕྱོགས་གཉིས་པོའི་ཕ་མའི་མོས་མཐུན་ཐོབ་པ་མ་ཟད། ད་དུང་ང་ཚོར་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱི་འདུག”ཅེས་ལི་ཀྲེང་པོ་ཡིས་བཤད།

ལོ་གཉིས་ཀྱི་གོང་། ལྷ་རི་གྲོང་རྡལ་དུ་ལས་ཀ་བྱེད་མཁན་ལི་ཀྲེང་པོ་གཞི་རིམ་དུ་བརྟག་ཞིབ་བྱེད་པར་འགྲོ་སྐབས་ལྷ་རི་གྲོང་རྡལ་མར་ཐང་གྲོང་ཚོའི་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ་འཆི་མེད་དཔལ་སྐྱིད་ངོ་ཤེས་པ་དང་། ལི་ཀྲེང་པོ་ཡིས་འཆི་མེད་དཔལ་སྐྱིད་མཐོང་མ་ཐག་སེམས་པ་ཤོར་ཏེ་ཁོང་དང་དགའ་རོགས་སྒྲིག་འདོད་ཡོད་ཚུལ་བཤད་པ་དང་མཐར་འདི་ལོའི་ཟླ་དང་པོར་མནའ་མར་ལེན་ཐུབ་ཡོད།

“སླད་ཕྱིན་ད་དུང་ངེད་གཉིས་མཉམ་དུ་མི་ཚེ་རིང་པོ་བསྐྱལ་རྒྱུ་བསྡད་ཡོད་པས་འཁོན་འཁོན་ཐོགས་ཐོགས་ཡོང་སྲིད” འོན་ཀྱང་ངེད་གཉིས་ཀྱིས་སྐྱིད་སྡུག་མཉམ་མྱོང་དང་ཕྱར་བ་གྲུ་འདེགས་ཀྱིས་མཉམ་དུ་ཁྱིམ་ཚང་ཡག་པོ་སྐྱོང་ངེས་ཡིན་ཞེས་ལི་ཀྲེང་པོ་ཡིས་བཤད།

ལྷ་རི་རྫོང་དུ་གསར་འགོད་པས་མི་རིགས་མཐུན་སྒྲིལ་དེ་ལྷ་རི་རྫོང་གི་མི་རིགས་ཁག་གི་བུ་ཕྲུག་མི་རབས་མང་པོའི་ཁྲག་རྒྱུན་ནང་འདྲེས་ཏེ་རྒྱུན་གཏན་གྱི་འཚོ་བའི་ནང་སིམ་པ་མིག་མཐོང་ལག་ཟིན་བྱུང་། ལྷ་རི་བའི་ངོས་ནས་བརྗོད་ན་མི་རིགས་མཐུན་སྒྲིལ་གྱི་སྟོབས་ཤུགས་ནི་ཕན་ཚུན་ལྟ་སྐྱོང་དང་སེམས་མཐུན་སྟོབས་སྒྲིལ་བྱ་རྒྱུ་དེ་ཡིན་ལ། གཅིག་རྒྱུད་གཅིག་འཛིན་བྱ་རྒྱུ་དེ་བས་ཀྱང་ཡིན།

ད་ཆ་ལྷ་རི་རྫོང་དུ་མི་རིགས་མཐུན་སྒྲིལ་གྱི་མཚར་སྡུག་བཀྲ་བའི་མེ་ཏོག་འདབ་རྒྱ་ལྷུག་པོར་གྲོལ་ནས་མི་རིགས་ཁག་འཆམ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། ཞི་མཐུན་འཕེལ་རྒྱས་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་ནས་ཐུན་མོང་ཐོག་མཐུན་སྒྲིལ་ཡར་ཐོན་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གྱི་ཞི་མཐུན་གྱི་མཛེས་རིས་ཤིག་འབྲི་བཞིན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།