ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ལོ་སྟོད་དུ་ལྗོངས་ཡོངས་ཀྱིས་ཕྱིར་གློག་གཏོང་ཚད་དུས་མཚུངས་ལས7.63%འཕར་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-08-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པར་ཉེ་ཆར་འཚོགས་པའི་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀྱི་ལོ་དཀྱིལ་གྱི་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ལོ་སྟོད་དུ་བོད་ལྗོངས་གློག་དྲ་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་བ་དང་། གློག་ཕྱིར་ཚོང་བྱེད་ཚད་རྒྱུན་མཐུད་འཕར་བ། ནུས་རྒྱུ་གཙང་མ་བསྡུ་ཉར་གཙང་སེལ་ནུས་པ་རྒྱུན་མཐུད་ཆེ་རུ་ཕྱིན་པ་བཅས་ལས་ལྗོངས་ཡོངས་ཀྱི་དཔལ་འབྱོར་བརྟན་ལ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་རྒྱལ་ཁབ་གློག་དྲའི་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན། ཟླ་དང་པོ་ནས་དྲུག་པ་བར། བོད་ལྗོངས་གློག་དྲས་གློག་ཕྱིར་ཚོང་བྱེད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་50.46ཟིན་པ་དེ་དུས་མཚུངས་ལས་16.42%འཕར་བ་དང་གློག་དྲའི་ཐེག་ཚད་ཆེ་ཤོས་ཆན་ཝ་ཁྲི་190ཟིན་པ་དེ་དུས་མཚུངས་ལས་21.8%འཕར་ནས་རང་ལྗོངས་ཀྱི་གཙོ་གནད་ལས་གྲྭ་འཛུགས་སྐྲུན་དང་བཟོ་ལས་ཀྱི་གློག་སྤྱོད་དགོས་མཁོ་ནུས་ཤུགས་ཡོད་རྒུས་བསྐངས་ཡོད། དེ་དང་དུས་མཚུངས། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀྱིས་ནུས་རྒྱུ་གཙང་མ་གསར་སྤེལ་བཀོད་སྒྲིག་དང་ཕྱིར་འདྲེན་གྱི་འགྲོ་ལམ་ཞིབ་འཇུག་ཏན་ཏིག་བྱས་ནས། བོད་དབུས་ཀྱི་གློག་ཤུགས་ཀྱི་མ་ལག་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་བ་དང་ནུས་རྒྱུ་གཙང་མ་བསྡུ་ཉར་གཙང་སེལ་གྱི་ཚད་ལེན་ཞིབ་རྩིས་དང་བྱ་ཐབས་ལེགས་སུ་དང་ལེགས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ཡོད། ཟླ་དང་པོ་ནས་དྲུག་པའི་བར། ལྗོངས་ཡོངས་ཀྱི་ཕྱིར་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་5.77ཟིན་པ་དེ་དུས་མཚུངས་ལས་7.63%འཕར་ཡོད། ཆུ་གློག་དང་། འོད་ཤུགས། རླུང་གློག་སོགས་ནུས་རྒྱུ་གཙང་མའི་ཁྱབ་ཆེའི་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་54.59ཟིན་པ་དེ་དུས་མཚུངས་ལས་29.68%འཕར་བ་དང་། དེའི་ནང་འོད་ཤུགས་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་9.15ཟིན་པ་དེ་དུས་མཚུངས་ལས་13.93%འཕར་ཡོད། ནུས་རྒྱུ་གཙང་མའི་གློག་གཏོང་སྒྲིག་ཆས་སྤྱོད་པའི་དུས་ཚོད་དུས་མཚུངས་ལས་ཆུ་ཚོད་285འཕར་བ་དང་ལྷག་པར་དུ་རླུང་གློག་སྤྱོད་པའི་ཆུ་ཚོད་1727ཟིན་པ་དེ་རྒྱལ་ཡོངས་ཀྱི་ཆུ་ཚོད་1154ཡི་ཆ་སྙོམས་ཆུ་ཚད་ལས་བརྒལ་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།