ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བསམ་གྲུབ་རྩེ་ཆུས་ཀྱིས་ཏང་ཡོན་གྱིས“འབྱོར་ཐོ་གཉིས་འགོད་པའི”དང་བླངས་ཞབས་ཞུ་སྤེལ་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-07-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གྲོང་ཁྱེར་གྱི་སྡེ་ཁུལ་དང་། ཁོངས་གཏོགས་ཚན་པ། ལས་རིགས་ཁོངས་གཏོགས་བཅས་ཀྱི་ཏང་འཛུགས་སྐྱོང་འབྲེལ་གཏུག་མཉམ་འགུལ་ལ་སྔར་བས་སྐུལ་འདེད་བཏང་ནས་གྲོང་ཁྱེར་སྡེ་ཁུལ་གྱི་བཅོས་སྐྱོང་ནུས་པ་དང་བཅོས་སྐྱོང་ཆུ་ཚད་དེང་རབས་ཅན་ལ་རིམ་སྤོར་བྱ་ཆེད། ཉེ་ཆར་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཨུད་རྩ་འཛུགས་པུའུ་དང་ལྗོངས་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱིས་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ཏང་རྩ་འཛུགས་དང་ཏང་ཡོན་སྡེ་ཁུལ(ཁུལ་ཆུང)དུ་འབྱོར་ཐོ་འགོད་རྒྱུ་སྒྲིག་འཛུགས་བྱས་ནས། “བསམ་འདུན་ཆུང་ངུ་གྲུབ་ནས། ཕུགས་འདུན་དོན་གཉེར་བྱེད”ཅེས་པའི་ཏང་ཡོན་གྱིས“འབྱོར་ཐོ་གཉིས་འགོད་པའི”དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་རེད།

དུད་ཚང་དུ་བསྐྱོད་དེ་སྲིད་ཇུས་སྒྲོག་འགྲེལ་བྱས་པ། སྡེ་ཁུལ་གྱི་བཀོད་སྒྲིག་ལྟར་མང་ཚོགས་ཁྲོད་དང་དུད་ཚང་ལ་སྐྱོད་པ་དང་བཅར་འདྲི་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་། རིམས་འགོག་སྨན་ཁབ་རྒྱག་རྒྱུ་ཁྱབ་གདལ་གཏོང་བ། ཁྲིམས་སྐྱོང་འཛུགས་སྐྱོང་སོགས་ཀྱི་འབྲེལ་ཡོད་སྲིད་ཇུས་ཀྱི“སྒྲོག་འགྲེལ་པ”ཡག་པོ་ཞིག་བྱས་ཏེ་ཏང་གི་གསུང་སྒྲ་དང་ཐུགས་ཁུར་ཁྱིམ་ཚང་ཁྲི་སྟོང་མང་པོར་བརྒྱུད་སྤྲོད་བྱེད་རིང་། སྲིད་ཇུས་སྒྲོག་འགྲེལ་ཐེངས་35དང་དུད་ཚང་213ལ་བསྐྱོད་ཡོད།

“བསམ་འདུན་ཆུང་ངུ”ཤེས་རྟོགས་བྱས་པ། སྡེ་ཁུལ་(ཁུལ་ཆུང་)གྱི་བྱིས་པ་དང་རྒན་རྒོན་སོགས་ཀྱི“བསམ་འདུན་ཆུང་ངུ”ཤེས་རྟོགས་དང་། ཚན་པའི་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་ཧུར་ཐག་བྱས་ཏེ་དོན་དངོས་དང་ཟུང་འབྲེལ་ཁར་རང་འགུལ་ངང་ངོས་འཛིན་དང་། གནས་སྐབས་ཁས་ལེན་མི་ཐུབ་པའི་བསམ་འདུན་དག་ཁྲོམ་གཞུང་དོན་གཅོད་ཁང་དང་ཆུས་ཨུད་རྩ་འཛུགས་པུའུ་ལ་ཕྱོགས་བསྡོམས་བྱས་ནས་བརྡ་ལན་སྤྲད་དེ། དུས་མཇུག་ཏུ་གཅིག་གྱུར་གྱིས་སྒྲིག་འཛུགས་ཀྱིས་ལག་བསྟར་བྱེད་ཀྱི་ཡོད། དེའི་རིང“བསམ་འདུན་ཆུང་ངུ”9ཤེས་རྟོགས་དང་གནད་དོན་3ཐག་གཅོད་བྱས་ཡོད།

ལས་སྒོར་ཁྲིད་སྟོན་བྱས་པ། བསམ་གྲུབ་རྩེ་ཆུས་ཐད་གཏོགས་ཚན་པས་རང་ཉིད་ཀྱི་ནུས་པ་བཏོན་ཏེ་སྡེ་ཁུལ་གྱིས་དམངས་ལ་ཞབས་འདེགས་ཞུ་བའི་འཇོན་ཐང་ཆེ་རུ་གཏོང་རོགས་བྱས་ཤིང་། ཐག་གཅོད་བྱེད་ཐུབ་རིགས་འཕྲལ་མར་ཐག་གཅོད་དང་གནས་སྐབས་ཐག་གཅོད་བྱེད་མི་ཐུབ་པའི་གནད་དོན་ཁག་སེམས་ནང་བཞག་ཏེ། མཐུན་རྐྱེན་ཧུར་ཐག་བསྐྲུན་ནས་བྱ་བ་རེ་རེར་ལན་ཡོད་པ་དང་དོན་འཁྱོལ་ཡོད་པ་བྱས་ཡོད། དེའི་རིང་མི་ཐེངས་57ལ་ལས་སྒོའི་མཛུབ་ཁྲིད་བྱས་པ་དང་ས་གནས་ས་ཐོག་ཏུ་ལན་ཐེངས་57བརྒྱབ་ཡོད།

གྲོང་ཁྱེར་བཅོས་སྐྱོང་བྱེད་རོགས་བྱས་པ། སྤྱི་ཚོགས་བཅོས་སྐྱོང་དང་ཞབས་འདེགས་ཀྱི་གཙོ་གནད་གཤམ་དུ་ཕྱོགས་རྒྱུར་སྐུལ་འདེད་དང་། སྡེ་ཁུལ་ལ་མཉམ་སྐྲུན་དང་། མཉམ་བཅོས། མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་གསར་པ་ཧུར་ཐག་གཏོད་རོགས་བྱས་ཏེ་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་གཏོད་པའི་དམིགས་ཚད་བླང་བྱ་དང་བསྡུར་བ་དང་། མངོན་གསལ་དོད་པའི་གནད་དོན་ཁག་གཅིག་ཐག་གཅོད་བྱས་ཏེ་མི་དམངས་མང་ཚོགས་ཀྱི་སྐྱིད་སྣང་དང་བློ་ཡིད་ཚིམ་ཚད་མཐོ་རུ་ཧུར་ཐག་བཏང་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།