ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་བཟའ་བཅར་ཞིབ་དཔྱད་ཚད་ལེན་གྱི་བྱེད་སྒོ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཁོངས་གཏོགས་ཁུལ་མང་ཚོགས་ཀྱི“ལྕེ་ཐོག་བདེ་འཇགས”སྲུང་སྐྱོང་ཏན་ཏིག་བྱ་ཆེད། ཉེ་ཆར། ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་ཁྲོམ་ར་ལྟ་འདོམས་ཅུས་ཞིབ་དཔྱད་ལྟེ་གནས་ཀྱིས་ཞབས་ཞུའི་འདུ་ཤེས་ལ་ཤུགས་སྣོན་རྒྱག་པ་དང་ཞབས་ཞུའི་བྱེད་ཐབས་གསར་གཏོད་བྱས་ཏེ“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་ཏན་ཏིག་སྤེལ་ནས་སྡེ་ཁུལ་དང་། ཟ་ཁང་། ཚོང་ཁང་སོགས་སུ་བསྐྱོད་དེ་འཛད་སྤྱོད་པས་ཉོས་པའི་སྔོ་ཚལ་དང་ཤིང་འབྲས་སོགས་ཞིང་ཞོར་ཐོན་རྫས་ལ་རིན་མེད་ངང་ཞིང་སྨན་ལྷག་རོ་ཡོད་མེད་བརྟག་དཔྱད་བྱས་པ་མ་ཟད་བརྟག་དཔྱད་ཀྱི་འབྲས་བུ་བསྟན་པ་རེད།

ད་ཐེངས་ཀྱི་བྱེད་སྒོར་བཟའ་བཅའི་བདེ་འཇགས་ལ་མགྱོགས་མྱུར་ཞིབ་དཔྱད་བྱེད་པའི་འབྲེལ་ཡོད་རྨང་གཞིའི་ཤེས་བྱ་ཁྱབ་གདལ་བཏང་བ་བརྒྱུད་ཞིབ་དཔྱད་ཚད་ལེན་མི་སྣ་དང་མཉམ་འགུལ་བྱས་ཏེ། མང་ཚོགས་ཚོས་བཟའ་བཅའི་ཞིབ་དཔྱད་ལས་དོན་ཤེས་རྟོགས་དང་ཡིད་ཆེས་བྱེད་ཚད་མཐོ་རུ་བཏང་ནས་འཛད་སྤྱོད་པ་བཟའ་བཅའི་བདེ་འཇགས་ལས་དོན་ལ་ཞུགས་མཁན་དང་། དཔང་པོ་བྱེད་མཁན། ལྟ་སྐུལ་བྱེད་མཁན་བཅས་སུ་གྱུར་བ་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།