ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ཤར་རྒྱུད་ཀྱི་བྲག་གཡང་རྫོང་དུ་སྟོན་བསྡུའི་ལས་ལ་བྲེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-07-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཟླ་མཇུག་ཏུ་བོད་ལྗོངས་ཀྱི་ས་གནས་ཁ་ཤས་སུ་སྟོན་འབྲུ་བསྡུ་ལེན་གྱི་དུས་སུ་སླེབས་ཡོད། ས་བབ་དང་ཆར་ཆུ་འབབ་ཚད་ཀྱི་ཆ་རྐྱེན་ཅུང་ལེགས་པའི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་བྲག་གཡང་རྫོང་དུ་ཡུག་འབྲེལ་གྱི་ནས་དང་གྲོ་སྨིན་ཡོད་པས་མང་ཚོགས་སྟོན་བསྡུའི་ལས་ལ་བྲེལ་བཞིན་ཡོད།

1310647394_16589983916781n.jpg

བྲག་གཡང་རྫོང་ནི་རྫ་ཆུའི་བཞུར་རྒྱུན་དུ་གནས་པ་དང་བོད་ལྗོངས་ཀྱི་སྟོན་འབྲུ་བསྡུ་སྔ་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་རེད། འདས་ཟིན་པའི་ལོ་བཞིིའི་ནང་བྲག་གཡང་རྫོང་གིས་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར2.3བཏང་སྟེ། ཐོན་འབོར་མཐོ་བ་དང་རིགས་སྣ་གསར་སྒྱུར། ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་བཅས་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས། སྟོན་བསྡུའི་འབྲུ་རིགས་ཀྱི་ཐོན་འབོར་བརྟན་པོ་དང་ཕན་འབྲས་ཆེར་གཏོང་ལ་འགན་ལེན་ཏན་ཏིག་བྱས་པ་རེད།

1310647394_16589983916791n.jpg

འཆར་གཞི་ལྟར་ན། ཟླ་བརྒྱད་པའི་ཟླ་དཀྱིལ་དུ་སླེབས་དུས་མི་འབོར་ཁྲི6.6ཡོད་པའི་བྲག་གཡང་རྫོང་གིས་མུའུ་ཁྲི4.5ཡི་ནས་དང་གྲོ་བསྡུ་ལེན་བྱས་ནས་མཛོད་འཇུག་བྱ་རྒྱུ་ཡིན་ལ། སྔོན་དཔག་བྱས་ནས་ཐོན་ཚད་ཏུན་ཁྲི1ལས་བརྒལ་རྒྱུ་རེད། རྒྱུས་ལོན་བྱུང་བ་ལྟར་ན། 2021ལོའི་ལོ་མཇུག་ཏུ་བོད་རང་སྐྱོང་ལྗོངས་ཀྱི་ནས་རྨོ་འདེབས་རྒྱ་ཁྱོན་མུའུ་ཁྲི211ཙམ་ལ་ཟིན་ནས། ཐོན་ཚད་ཏུན་ཁྲི80.12ལ་སླེབས་པ་དང་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར32ལས་བརྒལ་ཡོད། །

1310647394_16589983916801n.jpg

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།