ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ལྷ་ས་གྲོང་ཁྱེར་གྱི་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་སྔར་བས་ཇེ་ལེགས་སུ་ཕྱིན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2022-07-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

43850e11-b2f4-42af-93ad-794be708f642.jpg

འདི་ནི་ལྷ་ཀླུ་འདམ་རའི་མཛེས་ལྗོངས་ཡིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལྷ་ཀླུ་འདམ་རའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ལ“ལྷ་སའི་གློ་བ”ཞེས་བརྗོད་སྲོལ་ཡོད། ལྷ་ས་གྲོང་ཁྱེར་གྱི་གནམ་གཤིས་སྙོམས་སྒྲིག་དང་། གྲོང་ཁྱེར་གྱི་མཁའ་རླུང་བརླན་གཤེར་ཐུབ་ཚད་དང་དབྱང་རླུང་འདུས་ཚད་ཆེ་རུ་གཏོང་བ། ལྷ་ས་གྲོང་ཁྱེར་གྱི་སྐྱེ་ཁམས་མ་ལག་འཁོར་རྒྱུག་བཟང་པོ་ཐུབ་པ་དང་གྲོང་ཁྱེར་གྱི་ཁོར་ཡུག་སྤུས་ཚད་ལེགས་སུ་གཏོང་བ་སོགས་ཀྱི་ཐད་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་ཐོན་ཡོད། ལོ་རེའི་ཟླ་4པ་ནས་10པའི་ཟླ་དཀྱིལ་བར། ལྷ་ཀླུ་འདམ་ར་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་ཀྱི་ཡོད་པས་གྲོང་མི་ཚོས་རེས་གཟའ་མིག་དམར་ནས་ཉི་མའི་བར་རིན་མེད་ངང་དེ་གར་ལྟ་སྐོར་ལ་བསྐྱོད་ནས་འདམ་རའི་མཛེས་ལྗོངས་ལོངས་སྤྱོད་བྱེད་ཆོག 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།