ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་སུ་དམངས་འཚོའི་བྱ་བ་མཐའ་དག་ལེགས་པར་བསྒྲུབས་པས་མང་ཚོགས་ཀྱི་འཚོ་བ་བདེ་སྐྱིད་ལྡན་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-07-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལྷ་ཉིང་ལྕགས་ལམ་རི་མཐོ་གཡང་གཟར་ཁྲོད་དུ་རྒྱང་རིང་དུ་བསྲིངས་པ་དང་། ལྗང་མདོག་གི་བསྐྱར་དར་རྟགས་ཅན་གྱི་ཤུགས་འགྲེམས་མེ་འཁོར་ལས་ལམ་རྒྱུད་ཀྱི་མང་ཚོགས་ལ་སྟབས་བདེ་བསྐྲུན་པ་མ་ཟད། ས་གནས་དེ་གའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པའང་བསྣན་ཡོད།

ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་རྩིག་རགས་གྲོང་ཚོའི་བུ་མོ་ཨ་ཉུང་གིས་དེ་གར་མེ་འཁོར་བབས་ཚུགས་མེད་པ་ནས་བསྐྲུན་པའི་འགྱུར་ལྡོག་དངོས་སུ་མཐོང་ཞིང་། ཁོ་མོ་སློབ་གྲྭ་ཐོན་མ་ཐག་བབས་ཚུགས་ཀྱི་བདེ་འཇགས་ཞིབ་བཤེར་བ་ཞིག་བྱས། ད་ཆ་རྩིག་རགས་གྲོང་ཚོའི་དུད་ཚང་མང་ཆེ་བར་ཉིང་ཁྲིའི་བབས་ཚུགས་ཀྱི་གཙང་སྦྲ་བ་དང་། བདེ་འཇགས་ཞིབ་བཤེར་བ། ཚོང་གཉེར་བ་བཅས་བྱེད་ཀྱི་ཡོད། ལྷ་ཉིང་ལྕགས་ལམ་ཤར་གཏོང་ཐུབ་རྗེས་ལམ་རྒྱུད་ཀྱི་མང་ཚོགས་400ལྷག་ཙམ་གྱིས་ལྕགས་ལམ་སྡེ་ཚན་དུ་གཙང་སྦྲ་དང་བདེ་སྲུང་སོགས་ཀྱི་ལས་ཀ་བྱེད་ཀྱི་ཡོད།

“ལྷ་ཉིང་ལྕགས་ལམ་གྱིས་དངོས་རྫས་འབོར་ཆེན་སྐྱེལ་འདྲེན་བྱས་པ་མ་ཟད། ད་དུང་བདེ་སྐྱིད་ལྡན་པའི་འཚོ་བའང་བཏོད་ཡོད། ཚང་མས་དེར‘བདེ་སྐྱིད་ལྡན་པའི་མཁའ་ལམ’ཞེས་བརྗོད་ཀྱི་ཡོད” ཉིང་ཁྲིའི་ཟོག་རའི་དངོས་ཟོག་འདོན་འཇུག་གི་འགན་འཁུར་བ་ཕུན་ཚོགས་ཀྱིས་བཟོ་པ་24ལ་དོ་དམ་བྱེད་ཀྱི་ཡོད། ཁོང་ཚོའི་ཁྲོད་ཁག་གཅིག་གིས་དེ་སྔ་ཟོག་འདྲེན་རླངས་འཁོར་གཏོང་བའམ་ཡང་ན་ཕྱིར་གླ་པ་རྒྱུག་གི་ཡོད། ད་ཆ་ཁོང་ཚོར“ཕ་ཡུལ་ནས་བྲལ་མི་དགོས་པར་ཕྱུག་པོ་ཆགས་ཐུབ་པའི”ལས་ཀ་གསར་པ་ཞིག་རག་ཡོད།

ད་ལོར་ལྷ་ཉིང་ལྕགས་ལམ་གྱིས་དོས་སྒམ་སྐྱེལ་འདྲེན་ལས་སྒོ་ཐོག་མར་གཉེར་བ་རེད། ལྷ་ཉིང་ལྕགས་ལམ་གྱི་ཟོག་འདྲེན་ལས་སྒོ་ཟམ་མི་ཆད་པར་རྒྱ་ཆེར་སོང་བ་དང་བསྟུན་ནས་ཟོག་འདྲེན་ལས་གཉེར་ས་ཚིགས་ཀྱང་མང་དུ་ཕྱིན་ཞིང་། བེ་ཤ་དང་། བོད་བྱ། བོད་ཕག་སོགས་ཁྱད་ལྡན་ཐོན་རྫས“བདེ་སྐྱིད་ལྡན་པའི་མཁའ་ལམ”བརྒྱུད་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་འཚོང་གི་ཡོད།

2021ལོའི་ཟླ་7པར། ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་སྐབས། བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འཕེལ་རྒྱས་ཚང་མར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དོན་སྙིང་ལྡན་དགོས་པ་དང་། ཚང་མར་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་གྱི་དོན་སྙིང་ལྡན་དགོས་པ། ཚང་མ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་གཏོང་བར་ཕན་ཐོགས་པ་བྱེད་དགོས་ཞེས་གསུངས་པ་རེད།

ད་ལོའི་ཟླ་6ཚེས་25ཉིན། ལྷོ་ཁ་གྲོང་ཁྱེར་སྲིན་བུ་རི་བཀོད་སྒྲིག་བྱ་ཡུལ་གྱི་དུས་ཐེངས་གཉིས་པའི་གནས་སྤོས་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་ཤིང་། ལོ་འདིའི་ནང་ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་དང་། ཨ་མདོ་རྫོང་། ཉི་མ་རྫོང་བཅས་ཀྱི་ཤང་དང་གྲོང་རྡལ་12ཀྱི་སྲིད་འཛིན་གྲོང་ཚོ་58དང་། དུད་ཚང་6306གི་མི་26304ཡི་གནས་སྤོ་བཀོད་སྒྲིག་གི་ལས་དོན་ལེགས་སྒྲུབ་བྱ་རྒྱུ་རེད།

མཚོ་གཉིས་རྫོང་ནི་ནག་ཆུའི་ནུབ་བྱང་རྒྱུད་དུ་གནས་པ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི་5000ཟིན་ཞིང་། ལོ་གཅིག་གི་ཟླ་བ་10དགུན་ཁ་ཡིན་པ་དང་། མཁའ་རླུང་ཁྲོད་གསོ་རླུང་འདུས་ཚད་ཐང་གཤོངས་ས་ཁུལ་གྱི་40%ལས་ཟིན་གྱི་མེད། ཉེ་བའི་ལོ་ཤས་རིང་། འབྲོག་པ་ཚོ་ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ལས་བརྒལ་བའི“སྲོག་གནས་དཀའ་ཁུལ”ནས་ས་བབ་མཐོ་ཚད་སྨི་3600ཙམ་ཡོད་པའི་སྲིན་བུ་རིར་གཅིག་རྗེས་གཉིས་མཐུད་ངང་གནས་སྤོས་ནས་འཚོ་བ་གསར་པ་སྐྱེལ་འགོ་ཚུགས།

ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ལྷག་ཙམ་ཡོད་པའི་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་ལ་ཇོ་མོ་གླང་མའི་ཡུལ་སྐོར་ཐོན་ཁུངས་མང་པོ་ཡོད་མོད། འོན་ཀྱང་མ་དངུལ་དང་། ལག་རྩལ། ཤེས་ལྡན་མི་སྣ་སོགས་ཀྱི་ཚོད་འཛིན་ཕོག་ནས་སྐབས་ཤིག་རིང་འཕེལ་རྒྱས་ཐད་འཇུར་མིག་གི་ཚོད་འཛིན་འཕྲད་ཡོད། ད་ཆ་ཧྲང་ཧའེ་གྲོང་ཁྱེར་བོད་སྐྱོར་གྱི་རྒྱབ་སྐྱོར་འོག་ཇོ་མོ་གླང་མའི་གྲོང་རྡལ་ཆུང་ངུ་བསྐྲུན་ནས་ཁྲོམ་གཞུང་གཙང་ཞིང་གྲལ་འགྲིག་པ་དང་། གྲོང་མིའི་སྡོད་ཁང་རྒྱ་ཆེ་ལ་དཀར་ཆ་དོད་པ་ཞིག་ཡོད། སྐྱེ་ཁམས་ཡུལ་སྐོར་ཐད་མཁྲེགས་ཆས་ཀྱི་འདེགས་སྐྱོར་ཡོད་པས་དིང་རི་རྫོང་གི་འཕེལ་རྒྱས་ཀྱི་གདེང་ཚོད་སྔར་བས་ཆེ་རུ་ཕྱིན་ཡོད།

ལྷ་ས་སྐྱེད་ཆུའི་འགྲམ་གྱི་གསུམ་ལྡན་གྲོང་ཚོའི“རྒན་གསོའི་ས་ཚིགས”སུ་རྒན་རྒོན་བཅུ་གྲངས་ཁ་ཤས་ཀྱིས་དགའ་སྤྲོའི་ངང་མཉམ་དུ་ཇ་མངར་མོ་འཐུང་བཞིན་དུ་གཅིག་འཕྲོས་་མོལ་འཕྲོས་བྱེད་བཞིན་མཆིས།

ན་གཞོན་ཚོ་ཕྱིར་གླ་པར་སྐྱོད་པ་དང་རྒན་རྒོན་ལ་ལྟ་རྟོག་བྱེད་མཁན་མེད་པའི་དཀའ་གནད་ཐག་གཅོད་བྱ་ཆེད། གསུམ་ལྡན་གྲོང་ཚོས་ལོ་ན་མཐོ་བའི་རྒན་རྒོན་ཚོར་རིན་མི་དགོས་པར་ཉིན་མོའི་ལྟ་རྟོག་ཞབས་འདེགས་ཞུ་བཞིན་ཡོད། ཆེད་ལས་མི་སྣ་གཉིས་ཀྱིས་ལྟ་རྟོག་བྱེད་པ་དང་འབྲེལ་ཉིན་རེའི་ལྟོ་དུས་གསུམ་གྱི་འགན་འཁུར་བ་དང་གྲོང་ཚོའི་འཕྲོད་བསྟེན་ཁང་གི་སྨན་པས་དུས་བཀག་ལྟར་རྒན་རྒོན་ཚོར་ཁྲག་ཤེད་ལྟ་གི་ཡོད། “གུང་ཁྲན་ཏང་དང་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་དྲིན་ལས་ང་ཚོར་བདེ་སྐྱིད་ལྡན་པའི་ཚེ་མཇུག་འཚོ་བར་རོལ་རྒྱུ་བྱུང”ཞེས་ལོ་89ལ་སླེབས་པའི་བདེ་ཆེན་ཆོས་ཉིད་ཀྱིས་བཤད།

དབུལ་པོ་དབུལ་ནག་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་བསལ་བ་དང་། མི་རེའི་ཆ་སྙོམས་ཀྱི་སྔོན་དཔག་ཚེ་ཚད་ལོ་72.19བར་མཐོ་རུ་ཕྱིན་པ། ཐུམ་འབུའི་ནད་དང་གྲུམ་བུ་ཚིགས་ཆེན་ནད་སོགས་ཚུད་པའི་ཡུལ་ནད་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་མེད་པར་བཟོས་པ་དང་འགོག་བཅོས་ཐུབ་པ། ལོ་དགུའི་འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད་95%ཡན་ཟིན་པ་རེད། དམངས་འཚོའི་བྱ་བ་ཆེ་འབྲིང་ཆུང་གསུམ་མཐའ་དག་ལ་ཀུན་གྱིས་སེམས་ཁུར་ཆེན་པོ་བྱེད་ཅིང་། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོའི་འཚོ་བའི་ཁྲོད་ཀྱི་བྱ་བ་ཆུང་ཙག་མང་པོ་ལས་གངས་ལྗོངས་ས་མཐོར་བརྩེ་སེམས་ཀྱིས་ཕྱུག་པའི་རི་མོ་ཞིག་གྲུབ་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།