ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

མང་ཚོགས་ཡུལ་སྐོར་ལ་བརྟེན་ནས་ཕྱུག་པོའི་ལམ་བུར་བསྐྱོད།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-07-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

——བོད་ལྗོངས་སྨར་ཁམས་རྫོང་རོང་མེ་གྲོང་རྡལ་ལ་འོག་གྲོང་ཚོའི་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་པའི་སྐོར་བཀོད་པ།

ལ་འོག་གྲོང་ཚོ་ནི་བོད་རང་སྐྱོང་ལྗོངས་སྨར་ཁམས་རྫོང་རོང་མེ་གྲོང་རྡལ་དུ་གནས་པ་དང་རྒྱལ་ལམ་318རྒྱུད་དུ་ཡོད། ད་ཆ“ལ་འོག་ཁྱིམ་གཞིས”དེ་གྲོང་མིའི་ངོས་ནས་བརྗོད་ན“གཅེས་སེམས་ཁྱིམ་གཞིས”ཤིག་ཡིན་པ་མ་ཟད། འགྲོ་འོང་བྱེད་མཁན་ཡུལ་སྐོར་བའི་དྲ་ཐོག་མིང་ཅན་གྱི་ས་ཆ་ཞིག་ཏུ་གྱུར་ཡོད།

2021ལོའི་ཟླ་4པར་ལ་འོག་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་གྲོང་ཚོའི་ཏང་ཀྲི་པུའུ་ལ་གཞོགས་འདེགས་བྱས་ཏེ་ཚང་མའི་བློ་རིག་གཅིག་སྡུད་ཀྱི“ལ་འོག་ཁྱིམ་གཞིས”བསྐྲུན། གྲོང་སྡོད་ལས་དོན་རུ་ཁག་གི་རོགས་རམ་འོག་ལ་འོག་གྲོང་ཚོའི་ཏང་ཀྲི་པུས་དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། དུས་བཀག་ནང་གྲོང་མིའི་འཐུས་མི་ཚོགས་ཆེན་འཚོག་པ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ཚད་ལྡན་དུ་གཏོང་བ། ཐབས་ཤེས་བཟང་པོ་འདོན་པ། དཀའ་གནད་སེལ་བ། “གྲོང་ཚོ་ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་འགན་ནུས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ཡོད།

ལ་འོག་གྲོང་ཚོའི་ཏང་རྩ་འཛུགས་སྟོབས་ཆེར་གཏོང་བའི་རྨང་གཞིའི་ཐོག གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོའི་ཏང་ཀྲི་པུའུ་དང་མཉམ་དུ་དམངས་ལ་ཞབས་འདེགས་ཧུར་ཐག་ཞུས་པ་དང་ཏང་དང་མང་ཚོགས་གཅིག་སེམས་གཅིག་འབྲེལ་གྱི“ལ་འོག་ཁྱིམ་གཞིས”བསྐྲུན། མང་ཚོགས་ཀྱི་དགོས་མཁོ་དང་བསྟུན་ནས་ལ་འོག་གྲོང་ཚོའི་དམངས་ཕན་ཞབས་ཞུའི་ཚོམས་ཆེན་དུ་ཏང་ཡོན་དང་མང་ཚོགས་ལ་ཞབས་ཞུ། ངལ་རྩོལ་འགན་ལེན། དམངས་སྲིད་ཞབས་ཞུ། ཕྱོགས་བསྡུས་ཞབས་ཞུ་སོགས་ཀྱི་སྐར་ཁུང་ཚན་རིག་དང་མཐུན་པའི་ངང་བཀོད་སྒྲིག་བྱས་ཏེ། གཅིག་སྡུད་ཐོག་མང་ཚོགས་ལ་མ་མཐའི་འཚོ་བའི་འགན་ལེན་དང་སྤྱི་ཚོགས་འགན་བཅོལ་སོགས་ཀྱི་ལས་སྒོ་གཉེར་བ་རེད།

འཚོ་བ་འབྱོར་ཕྱུག་གི“ལ་འོག་ཁྱིམ་གཞིས”བསྐྲུན་ཆེད། གྲོང་ཚོའི་ཏང་ཀྲི་པུས་གྲོང་སྡོད་ལས་དོན་རུ་ཁག་དང་མཉམ་དུ་བློ་བསྡུས་དགེ་འཚོལ་གྱིས་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་བར་འབད་བརྩོན་ལྷོད་མེད་བྱས་ཡོད། ལ་འོག་གྲོང་ཚོའི་རི་སྐྱེས་མངར་ཁམ་སྡོང་པོ་དང་ཁམ་སྡོང་སོགས་ལ་ལྟ་སྐོར་གྱི་རིན་ཐང་ལྡན་པ་མ་ཟད། དཔལ་འབྱོར་གྱི་ཁེ་ཕན་ཡང་ལྡན་པས། གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོའི་ཏང་ཀྲི་པུའུ་ལ་གཞོགས་འདེགས་བྱས་ཏེ་ས་གནས་དེའི་སྤུས་ལེགས་ཐོན་རྫས་ལ་བརྟེན་ནས་ཡུལ་སྐོར་ལས་རིགས་དང་། ཞིང་འབྲོག་ལས། ཞབས་ཞུའི་ལས་རིགས་སོགས་གཙོར་བཟུང་ནས“ལ་འོག་འབྲས་ཤིང་ལྡུམ་རའི”འཆར་གཞི་ལག་བསྟར་བྱས་ཡོད།

དུས་མཚུངས་སུ་གྲོང་ཚོའི་ཏང་ཀྲི་པུས་གྲོང་སྡོད་ལས་དོན་རུ་ཁག་དང་མཉམ་དུ་ལས་ཀའི་བྱ་ཐབས་གསར་གཏོད་བྱས་ནས“ཁྱུག་དབྱིངས”སོགས་སྨྱན་སྦྱོར་སྟེགས་བུ་བརྒྱུད“དྲ་ཐོག་མིང་ཅན་གྱི་ས་ཆ”སྟེ་ལ་འོག་གཅེས་སེམས་ས་ཚིགས་ཧུར་ཐག་བཏོད་པ་མ་ཟད། ཞབས་ཞུའི་རྣམ་འགྱུར་དང་ཞབས་ཞུའི་སྤུས་ཚད་ལེགས་སུ་ཧུར་ཐག་བཏང་བས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཅིང་། ལོ་གཅིག་རིང་གཅེས་སེམས་ཀྱིས་ཁེངས་པའི་ལ་འོག་ས་ཚིགས་དེར་ཡུལ་སྐོར་བ་མང་པོ་ཡོང་བ་རེད།

“ན་ནིང་གཅེས་སེམས་ས་ཚིགས་ཀྱི་ཞལ་འདེབས་སྒམ་ནང་ཡུལ་སྐོར་བས་རང་མོས་ངང་ཞལ་འདེབས་བརྒྱབ་པའི་སྒོར་ཁྲི་2ཟིན་པ་དང་གྲོང་མིའི་ཚོགས་ཆེན་ཐོག་དེའི་ཁྲོད་ཀྱི་སྒོར་5000ནད་གཞི་ཕོག་པའི་གྲོང་མི་གཅིག་ལ་ཞལ་འདེབས་རྒྱག་རྒྱུའི་ཐག་བཅད། ‘ཁྱུག་དབྱིངས’ལས་སྟེགས་སུ་དྲིལ་བསྒྲགས་བྱས་རྗེས་རྒྱལ་ཡོངས་ས་གནས་ཁག་གི་གྲོགས་པོ་ཚོའི་དོ་སྣང་ཐོབ་ལ། མིག་སྔའི་བར་རྒྱལ་ཡོངས་ས་གནས་ཁག་གིས་ཞལ་འདེབས་བརྒྱབ་པའི་དངོས་ཟོག་གི་རིན་ཐང་སྒོར་ཁྲི་6ལྷག་ཙམ་ཟིན་གྱི་ཡོད”ཅེས་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་ལི་ཡན་གྱིས་བཤད།

ན་ནིང་གཅེས་སེམས་ས་ཚིགས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་3ལྷག་ཙམ་ལ་སྣེ་ལེན་ཞུས་ཤིང་། དམངས་ཕན་སྒོ་རྩིས་ཚོང་ཁང་ལ་ཡོང་འབབ་སྒོར་ཁྲི་5ལྷག་ཙམ་བྱུང་བ་དང་ས་གནས་དེའི་ཞིང་ལས་ཐོན་རྫས་ཕྱིར་བཙོངས་ནས་ཡོང་འབབ་སྒོར་ཁྲི་5རག་ཡོད།

ལ་འོག་གྲོང་ཚོའི་མང་ཚོགས་ཚོའི་སེམས་པ་ཏང་ལ་ཕྱོགས་པའི་བློ་བརྟན་འགྱུར་མེད་ཀྱི་དད་སེམས་གང་ལེགས་མངོན་པར་བྱ་ཆེད། ཉེ་ཆར་ལ་འོག་གྲོང་ཚོའི་ཏང་ཀྲི་པུས་གྲོང་མི་ཡོངས་ཀྱི་སྣེ་ཁྲིད་དེ“རྡོ་བརྐོས་ཏང་དར”ཆེན་པོ་བསྐྲུན་པ་དང་། མང་ཚོགས་ཀྱི་སེམས་ཤུགས་ལྷག་པར་འཕེལ་ལ། ལས་ཀའི་ཧུར་སེམས་ཀྱང་ཆེས་ཆེར་འཕེལ། ལ་འོག་གྲོང་ཚོའི་མང་ཚོགས་ཀྱིས་བློ་གཅིག་སེམས་གཅིག་ངང་བསྐྲུན་པའི“རྡོ་བརྐོས་ཏང་དར”དེ་ཉི་འོད་འོག་ཧ་ཅང་བཀྲག་མདངས་རྒྱས་པ་ཞིག་ཡོད།

གྲོང་ཚོའི་ཏང་ཀྲི་པུའུ་དང་གྲོང་མི་ཡོངས་ཀྱི་ཐུན་མོང་གི་འབད་བརྩོན་འོག་ལ་འོག་གྲོང་ཚོ་དེ་སྐྱེ་ཁམས་སྡོད་མལ་ཁུལ་དང་ཡུལ་སྲོལ་ཡ་རབས་ཀྱི་སྔོན་ཐོན་དཔེ་སྟོན་གྲོང་ཚོར་འགྱུར་བཞིན་ཡོད་ལ། གྲོང་ཚོའི་རྣམ་པ་གསར་རྐྱང་དུ་གྱུར་ནས་ཡུལ་སྐོར་བ་བློ་ཡིད་ཚིམ་ཚད་ཀྱང་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། ཡུན་རིང་མི་འགོར་བར“ལ་འོག་ཁྱིམ་གཞིས”དེ་མི་རྣམས་ཀྱིས་དོ་སྣང་བྱ་ཡུལ་དུ་གྱུར་ནས་མང་ཚོགས་ཀྱི་འཚོ་བ་དེ་བས་ལེགས་སུ་འགྲོ་ངེས་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།