ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

སྤྱི་ཁྱབ་ཧྲུའུ་ཅི་བོད་དུ་གཟིགས་ཞིབ་གནང་བར་ཕེབས་ནས་ལོ་གཅིག་འཁོར་བའི་མཚམས་སུ་བོད་ལྗོངས་ཀྱི་ས་གནས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་བྱེད་སྒོ་སྣ་ཚོགས་སྤེལ་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-07-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2021ལོའི་ཟླ་7ཚེས་21ཉིན་ནས་23ཉིན་བར། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་མཚམས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་བོད་དུ་ཕེབས་ནས། བོད་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་བ་དང་འབྲེལ། དུས་རབས་གསར་པར་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁ་ཕྱོགས་གཏན་འཁེལ་དང་འཆར་གཞི་བཀོད་གནང་བ་བོད་ཀྱི་མི་དམངས་ཀྱི་བློ་ལ་གསལ་པོར་ངེས་ཡོད། ལོ་གཅིག་རིང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་བཀའ་དྲིན་ཚོར་བཞིན་འབད་འབུངས་མདུན་སྐྱོད་ཀྱིས་དུས་རབས་གསར་པར་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བོད་དུ་གཟིགས་ཞིབ་གནང་བར་ཕེབས་ནས་ལོ་གཅིག་འཁོར་བའི་མཚམས་སུ། ས་མཐོའི་བུ་ཕྲུག་ཚོས་ལྷག་བསམ་ཟོལ་མེད་ངང་མི་དམངས་ཀྱི་གཙོ་འཛིན་ལ་དགའ་གུས་ཀྱི་བསམ་པ་དང་དྲིན་ཚོར་གྱི་བསམ་པ་གཞས་ཚིག་ནང་བྲིས་པ་དང་འགྱུར་ཁུག་ནས་མཚོན་པར་བྱས་ཏེ་གངས་རི་དང་། གཙང་པོ། རླབས་ཆེན་གྱི་དུས་རབས་གསར་པ་བཅས་ལ་བསྟོད་གླུ་ཕུལ་ཡོད། ཉིན་ཤས་རིང་། བོད་ལྗོངས་ཀྱི་ས་གནས་ཁག་གིས་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་དང་། རིག་རྩལ་འཁྲབ་སྟོན། དང་བླངས་ཞབས་ཞུ་སོགས་ཀྱི་བྱེད་སྒོ་གཅིག་རྗེས་གཉིས་མཐུད་ངང་སྤེལ་ནས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཁྱིམ་ཚང་ཀུན་གྱིས་ཤེས་པ་དང་མི་སེམས་སུ་གཏིང་ཟབ་ཟུག་པར་སྐུལ་འདེད་བཏང་བ་རེད།

གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱིས“ཚོགས་ཆེན་ཉི་ཤུ་པ་དགའ་བས་བསུ། སེམས་གཏིང་གི་སྐད་ཆ་ཏང་ལ་བརྗོད”ཅེས་པའི་གྲོང་ཚོའི(གྲོང་ལྷན)ལས་བྱེད་པའི་རྒྱལ་ཁབ་ཀྱི་སྤྱི་སྐད་གཏམ་བཤད་འགྲན་བསྡུར་གྱི་མཐའ་བསྡུར་གཉེར་བ་དང་། ཤང(ཁྲོམ་གཞུང)གྲོང་ཚོ(གྲོང་ལྷན)14ཡི་ལས་བྱེད་པས་གཏམ་བཤད་ཀྱི་རྣམ་པའི་ཐོག་ནས་ཏང་ལ་ལྷག་བསམ་རྣམ་དག་བྱེད་ལུགས་དང་མེས་རྒྱལ་ལ་དགའ་ཞེན་བྱེད་ལུགས་མཚོན་པར་བྱས་པ་རེད།

ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་རི་རོང་ཤང་མཚེ་སྨད་གྲོང་ཚོས་རིག་རྩལ་འཁྲབ་སྟོན་གྱི་བྱེད་སྒོ་སྤེལ་ནས་མཛེས་སྡུག་ལྡན་པའི་འཚོ་བར་བསྟོད་གླུ་ཕུལ་བ་རེད། ལྟད་མོ་ཆེ་བའི་འཁྲབ་ཚན་རེ་རེ་བརྒྱུད་ཏང་དང་མཛེས་སྡུག་ལྡན་པའི་འཚོ་བར་བསྟོད་གླུ་ཕུལ་བ་དང་། དེ་ལས་གྲོང་ཚོ་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ཏེ་ཕུ་ཐུང་བརྫེས་ནས་ངར་ཤུགས་སྒྲིམ་བཞིན་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་གདེང་ཚོད་དང་ཆོད་སེམས་མཚོན་པར་བྱས་པ་རེད།

ཉིན་ཤས་རིང་། མཛོ་སྒང་རྫོང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། རྣམ་པ་སྣ་ཚོགས་ཀྱི་དང་བླངས་ཞབས་ཞུའི་བྱེད་སྒོ་སྒྲིག་འཛུགས་བྱས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱས་པ་རེད། “ཁོར་ཡུག་སྤུས་ཚད་ལེགས་སུ་བཏང་ནས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ”བརྗོད་དོན་གཙོ་བོར་བྱས་པའི་གཅིག་སྡུད་སྒྲོག་འགྲེལ་བྱེད་སྒོ་སྤེལ་ནས། ཞིང་འབྲོག་མང་ཚོགས་ལ་ལྗང་མདོག་ཤེས་དཔལ་གྱི་འཚོ་བའི་གོམས་གཤིས་འཇགས་པར་སྔར་བས་ཁྲིད་སྟོན་བྱས་པ་རེད།

ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱིས“ཏང་གི་ཚོགས་ཆེན་ཉི་ཤུ་པ་དགའ་བས་བསུ། རྒྱལ་ཁབ་སྟོབས་ཆེན་དང་བསྐྱར་དར་ཡོང་བར་ང་ཡིས་འབད”ཅེས་པའི་སྐབས་དང་པོའི“མི་སེར་སྒྲོག་འགྲེལ་མཁས་པའི”མཐའ་བསྡུར་བྱས་པ་དང་། བྲག་ཡིབ་ཆུས་ཀྱི་གྲོང་ཚོ(གྲོང་ལྷན)ཁག་དང་། ཁེ་ལས། དགོན་སྡེ་བཅས་ཀྱི་བདམས་ཐོན་པ་11འགྲན་བསྡུར་ལ་ཞུགས་ཡོད། བྱེད་སྒོ་སྤེལ་ཡུལ་དུ་བདམས་ཐོན་པ་ཚོས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞིར་དམིགས་ནས“སྤྱི་ཁྱབ་ཧྲུའུ་ཅི་བོད་དུ་གཟིགས་ཞིབ་གནང་བར་ཕེབས། ང་ཚོའི་ལོ་འདི”དང་། “གྲོང་ཚོའི་ལོ་རྒྱུས་དང་འགྱུར་ལྡོག་སྐོར་གླེང་བ” “ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ”སོགས་ཀྱི་ཐད་ནས། རྒྱུན་གཏན་གྱི་འཚོ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་མང་ཚོགས་དང་བར་ཐག་ཉེ་བ་དང་མང་ཚོགས་ཀྱིས་གོ་བདེ་བའི་སྐད་ཆའི་ཐོག་ནས་བརྩེ་སེམས་ཟབ་མོས་སྒྲོག་འགྲེལ་བྱས་པ་རེད། “འགྲན་བསྡུར་བྱེད་སྟངས་དེ་རིགས་བརྒྱུད་དེ་སྔ་ཚོགས་ཆེན་འཚོགས་པ་དང་། ཡིག་ཆ་ཀློག་པ། སྲིད་ཇུས་གླེང་བ་བཅས་ཀྱི‘ཐབས་ཤེས་རྙིང་པ་གསུམ’ལ་འགྱུར་ལྡོག་ཕྱིན་ནས་ཉན་མཁན་ཚོས་དགའ་པོ་བྱེད་པ་མ་ཟད། ད་དུང་ང་ཚོས་ཤོད་སྐབས་ཀྱང་སེམས་ཤུགས་དེ་བས་འཕེལ་གྱི་འདུག”ཅེས་འགྲན་བསྡུར་ནང་བྱ་དགའ་ཨང་དང་པོ་ཐོབ་མཁན་ཉིང་ཁྲི་གྲོང་རྡལ་སྤྲིན་པ་གྲོང་ཚོའི་ཏང་ཀྲི་པུའི་དྲིལ་བསྒྲགས་ཨུ་ཡོན་ཉི་མ་རྡོ་རྗེས་བརྗོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།