ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

མངའ་རིས་ས་ཁུལ་གྱིས“བདེ་ཐང་སློབ་ཚན”ཁྲིད་པའི་བྱེད་སྒོ་སྤེལ་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-07-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མངའ་རིས་ས་ཁུལ་གྱི་ལས་བྱེད་ལས་བཟོའི་བདེ་ཐང་འདུ་ཤེས་དང་འཕྲོད་སྦྱོར་འདུ་ཤེས་ཟབ་ཏུ་ཏན་ཏིག་བཏང་སྟེ་ལས་བྱེད་ལས་བཟོའི་བདེ་ཐང་བྱང་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་ཆེད། ཉེ་ཆར། མངའ་རིས་ས་ཨུད་ལས་བྱེད་པའི་འཕྲོད་སྦྱོར་ཨུ་ལྷན་གྱིས“མངའ་རིས་ས་ཁུལ་གྱི་2020ལོ་ནས་2022ལོ་བར་གྱི་ལས་བྱེད་པར་སེམས་ཁུར་དང་གཅེས་སྐྱོང་བྱེད་པའི་ཤེས་ལྡན་མི་སྣའི་བྱ་སྤྱོད་འཆར་གཞི”གོ་སྐབས་སུ་བྱས་ནས། “རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ”དང“བདེ་ཐང་མངའ་རིས”འཛུགས་སྐྲུན་གྱི་འབྲེལ་ཡོད་བླང་བྱ་དང་ཟུང་འབྲེལ་གྱིས“བདེ་ཐང་སློབ་ཚན”ལས་ཁུངས་དང་། སློབ་གྲྭ གཞི་རིམ་བཅས་སུ་འཁྲིད་པའི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་བ་རེད།

བྱེད་སྒོ་སྤེལ་རིང་། མངའ་རིས་ས་ཁུལ་མི་དམངས་སྨན་ཁང་གི་སྨན་པ་དཀའ་བཅུ་པ་ལས་གྲུབ་པའི་བདེ་ཐང་ཚན་རིག་ཁྱབ་གདལ་རིགས་གཅིག་མཁས་ཅན་ཚོགས་ཆུང་རྫོང་ཁག་ཏུ་བསྐྱོད་ནས། ཡིག་རིས་གཉིས་ལྡན་གྱི་པར་དང་ནད་ཐོག་སྨན་བཅོས་དངོས་དཔེ་ཟུང་དུ་འབྲེལ་བའི་རྣམ་པ་སྤྱད་དེ་གཞི་རིམ་གྱི་ལས་བྱེད་ལས་བཟོར་སྙིང་དང་ཁྲག་རྩའི་ནད་གཞི་དང་ཁྲག་ཤེད་མཐོ་བའི་ནད་གཞི་སྔོན་འགོག་དང་སྨན་བཅོས་བྱེད་སྟངས་སྐོར་ལ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་མ་ཟད། བདེ་ཐང་བརྟག་དཔྱད་ཀྱི་གལ་ཆེའི་རང་བཞིན་ཡང་ནན་བཤད་བྱས་པ་རེད། མིག་སྔའི་བར་བདེ་ཐང་འཆད་ཁྲིད་ཐེངས་7བྱས་པར་མི་ཐེངས་2000ལྷག་ཙམ་ཟིན་ཡོད་པ་རེད།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།