ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་ཀྱི་ས་བབ་མཐོ་ཤོས་ཀྱི་རྫོང་མཚོ་གཉིས་རྫོང་གི་འབྲོག་པའི་སྐྱེ་ཁམས་གནས་སྤོ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-07-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1310643704_16582823823881n.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བོད་རང་སྐྱོང་ལྗོངས་ཀྱིས་རྒྱལ་ཡོངས་ཀྱི་ས་བབ་མཐོ་ཤོས་ཀྱི་རྗོང་སྟེ། མཚོ་གཉིས་རྫོང་གི་ས་བབ་མཐོ་བའི་འབྲོག་པ་སྐྱེ་ཁམས་གནས་སྤོ་ཁག་གཉིས་པ་ལག་བསྟར་བྱེད་འགོ་བཙུགས་ཤིང་། འབྲོག་པ་རྣམས་འགྲུལ་སྐྱེལ་རླངས་འཁོར་ནང་བསྡད་དེ་ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་སྟོད་མ་ཤང་ནས་ཁ་བྲལ་ཏེ་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་སྲིན་བུ་རིའི་བཀོད་སྒྲིག་བྱ་ཡུལ་དུ་ཡོང་ཡོད།

1310643704_16582823823571n.jpg

1310643704_16582823821711n.jpg

མཚོ་གཉིས་རྫོང་ནི་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་ཁུལ་དུ་གནས་ཤིང་། ཆ་སྙོམས་ས་བབ་མཐོ་ཚད་སྨི་5000ལྷག་ཙམ་ཟིན་པ་དང་། ས་ཐག་རིང་ཞིང་། གྲང་ངར་ཆེ་བ། གསོ་རླུང་དཀོན་པ། ཁོར་ཡུག་ཞན་པོ་ཡོད་པས་ས་གནས་དེ་གའི་འབྲོག་པས་སྤུས་ཚད་མཐོ་བའི་སྤྱི་པའི་ཞབས་ཞུ་ལོངས་སྤྱོད་བྱེད་ཐབས་བྲལ་བ་དང་ཁུལ་ཁོངས་ཀྱི་རྩྭ་ར་ཡང་ལོ་རེར་3%ནས་5%ཡི་མྱུར་ཚད་ཐོག་ནས་ཞན་འགྱུར་འགྲོ་བཞིན་ཡོད།

1310643704_16582823821321n.jpg

མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དཀའ་གནད་སེལ་བ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་བཅད་བརྟན་དུ་གཏོང་ཆེད། བོད་རང་སྐྱོང་ལྗོངས་ཀྱིས་2019ལོར་མཚོ་གཉིས་རྫོང་གི་བྱང་རྒྱུད་ཀྱི་ཤང་དང་གྲོང་རྡལ་3སྐྱེ་ཁམས་གནས་སྤོ་བྱས་ཡོད་པ་དང་། ཐེངས་འདིར་གཙོ་བོ་རྫོང་དེའི་ལྷོ་རྒྱུད་ཀྱི་ཤང་དང་གྲོང་རྡལ་4གཅིག་སྡུད་གནས་སྤོ་བྱ་རྒྱུ་ཡིན་ཞིང་། ཟླ་8པའི་ཟླ་སྟོད་དུ་གནས་སྤོས་ཚར་བ་བྱ་རྒྱུ་རེད།

1310643704_16582823822861n.jpg

1310643672_16582831228211n.jpg

སྲིན་བུ་རི་བཀོད་སྒྲིག་བྱ་ཡུལ་ནི་ཡར་ཀླུང་གཙང་པོའི་བྱང་ངོགས་སུ་གནས་ཤིང་། ས་བབ་མཐོ་ཚད་སྨི་3600ལྷག་ཙམ་ཟིན་པ་དང་། ལྷ་ས་གྲོང་ཁུལ་དང་བར་ཐག་སྤྱི་ལེ་60ལྷག་ཙམ་ལས་མེད་ལ། གནམ་ཐང་དང་། ལྕགས་ལམ། མྱུར་བགྲོད་གཞུང་ལམ་བཅས་དང་ཐག་ཉེ་བ་དང་། ཁོར་ཡུག་སྡོད་མལ་ལ་འཚམ་ལ། འགྲིམ་འགྲུལ་སྟབས་བདེ་པོ་བཅས་ཡོད་པས་ས་ཁོངས་ཀྱི་ལེགས་ཆ་མངོན་གསལ་དོད་པོ་ཡོད། བཀོད་སྒྲིག་བྱ་ཡུལ་དུ་སྨན་ཁང་དང་། སློབ་གྲྭ ཁྲོམ་ར་སོགས་གང་དགོས་ཚང་མ་ཡོད་པས་མཚོ་གཉིས་རྫོང་གི་འབྲོག་པ་ཚོའི་འཚོ་བ་གསར་པ་འདི་གར་སྐྱེལ་འགོ་འཛུགས་རྒྱུ་རེད། །

1310643704_16582823825911n.jpg

1310643704_16582823822561n.jpg

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།