ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

2023ལོའི་བོད་རང་སྐྱོང་ལྗོངས་ཀྱི་བོད་བརྒྱུད་ནང་བསྟན་གྱི་དཔེ་ཆ་བས་དགེ་བཤེས་ལྷ་རམས་པའི་སློབ་གནས་བཞེས་པའི་དབྱར་དུས་ཀྱི་གྲ་སྒྲིག་རྒྱུགས་ལེན་བྱེད་སྒོ་ཕུན་སུམ་ཚོགས་པོས་སྤེལ་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-07-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

W020220719658436604807.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  2023ལོའི་བོད་རང་སྐྱོང་ལྗོངས་ཀྱི་བོད་བརྒྱུད་ནང་བསྟན་གྱི་དཔེ་ཆ་བས་དགེ་བཤེས་ལྷ་རམས་པའི་སློབ་གནས་བཞེས་པའི་དབྱར་དུས་ཀྱི་གྲ་སྒྲིག་རྒྱུགས་ལེན་བྱེད་སྒོ་2022ལོའི་ཟླ་7ཚེས་16ནས་23ཉིན་བར་ལྷ་སའི་དགའ་ལྡན་དགོན་དུ་སྤེལ་བ་རེད།

W020220719658436755797.jpg

རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་ཡིན་པའི་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་རྒྱུགས་ལེན་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་ས་གནས་ས་ཐོག་ཏུ་གཟིགས་སྦྱོང་ཡང་གནང་བ་དང་། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་དང་བསོད་ནམས་རིག་འཛིན་རྒྱུགས་ལེན་འགོ་ཚུགས་མཛད་སྒོར་ཞུགས་པ། ལྷ་ས་གྲོང་ཁྱེར་གྱི་དགའ་ལྡན་དགོན་དང་། སེ་ར་དགོན། འབྲས་སྤུངས་དགོན། ར་སྟོད་དགོན་བཅས་དང་། གཞིས་རྩེ་གྲོང་ཁྱེར་གྱི་བཀྲས་ལྷུན་དགོན། ལྷོ་ཁ་གྲོང་ཁྱེར་གྱི་དྭགས་པོ་བཤད་སྒྲུབ་གླིང་དགོན། ཆབ་མདོ་གྲོང་ཁྱེར་གྱི་བྱམས་པ་གླིང་དགོན་དང་། དཔའ་ཤོད་དགོན། དབྱེན་འདུམ་དགོན། བྱམས་ཁང་དགོན། ནག་ཆུ་གྲོང་ཁྱེར་གྱི་ཆོས་འཁོར་དགོན་དང་རབ་བརྟན་དགོན། ཡུན་ནན་བདེ་ཆེན་ཀྲོའུ་ཡི་དོན་གྲུབ་གླིང་དགོན་བཅས་ཀྱི་རྒྱུགས་འབུལ་དགེ་འདུན་པ་13དང་། རྒྱུགས་འབུལ་ཨུ་ལྷན་གྱི་ཁོངས་མི་30 རྒྱུགས་རོགས་དགེ་འདུན་པ་310ལྷག་ཙམ་བཅས་དབྱར་དུས་ཀྱི་གྲ་སྒྲིག་རྒྱུགས་ལེན་བྱེད་སྒོར་ཞུགས་པ་རེད།

W020220719658436604738.jpg

སྲོལ་རྒྱུན་གྱི་ཆོས་ལུགས་སྲོལ་ཁ་ལྟར། དབྱར་དུས་ཀྱི་གྲ་སྒྲིག་རྒྱུགས་ལེན་བྱེད་སྒོར་ཐོག་མར་ཆོས་ལུགས་བྱེད་སྒོ་སྤེལ་ཞིང་། ཞལ་འདོན་མཛད་སྒོ་མཇུག་འགྲིལ་རྗེས་རྒྱུགས་འབུལ་དགེ་འདུན་པ13གྱིས《ཕར་ཕྱིན》དང་། 《དབུ་མ》 《ཚད་མ་རྣམ་འགྲེལ》 《མཛོད》 《འདུལ་བ》བཅས་གཞུང་ཆེན་བཀའ་པོད་ལྔའི་ནང་དོན་ལ་དམིགས་ནས་རྟགས་གསལ་བཏང་བར། དཔྱད་གདེང་ཨུ་ལྷན་གྱི་ཁོངས་མིས་ས་གནས་ས་ཐོག་ཏུ་སྐར་མ་བརྒྱབ་པ་རེད། རྟགས་གསལ་གཏོང་མཇུག་འགྲིལ་རྗེས་ཆབ་སྲིད་དང་བཅའ་ཁྲིམས་དང་རིག་གནས་ཤེས་བྱའི་རྒྱུགས་བླངས་ཡོད། དཔྱད་གདེང་ཨུ་ལྷན་གྱིས་རྒྱུགས་འབུལ་དགེ་འདུན་པས་རྟགས་གསལ་བཏང་ཚུལ་དང་རྒྱུགས་སྤྲད་ཚུལ་ལ་ཕྱོགས་ཡོངས་ནས་ཞིབ་དཔྱད་བྱས་པ་བརྒྱུད། 2023ལོའི་བོད་བརྒྱུད་ནང་བསྟན་གྱི་དཔེ་ཆ་བས་དགེ་བཤེས་ལྷ་རམས་པའི་སློབ་གནས་བཞེས་པའི་དམ་འཇོག་རྟགས་གསལ་གྱི་མཐའ་རྒྱུགས་ནང་ཞུགས་པའི་ཐོབ་ཐང་དང་སྦྱངས་འབྲས་ཨང་རིམ་ཞིབ་དཔྱད་གཏན་འཁེལ་བྱས་པ་རེད། །

W020220719658436750228.jpg

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།