ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

2022ལོའི་ལྷ་ས་བསྐོར་བའི་རྐང་འཁོར་འགྲན་བསྡུར་ཆེ་མོ་ཟླ7པའི་ཚེས23ཉིན་འགོ་འཛུགས་རྒྱུ་ཡིན་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-07-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པར་2022ལོའི་ལྷ་ས་བསྐོར་བའི་རྐང་འཁོར་འགྲན་བསྡུར་ཆེ་མོའི་འགྲན་བསྡུར་གོང་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2022ལོའི་ལྷ་ས་བསྐོར་བའི་རྐང་འཁོར་འགྲན་བསྡུར་ཆེ་མོ་ཟླ་7ཚེས་23ཉིན་འགོ་འཛུགས་རྒྱུ་ཡིན་ཞིང་། སྐབས་དེ་དུས་རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་རྐང་འཁོར་བཞོན་རྒྱུར་དགའ་པོ་བྱེད་མཁན་300ལྷག་ཙམ་ལྷ་སར་འཛོམས་ནས་འགྲན་བསྡུར་ནང་ཞུགས་རྒྱུ་རེད།

2022ལོའི་ལྷ་ས་བསྐོར་བའི་རྐང་འཁོར་འགྲན་བསྡུར་ཆེ་མོ་ཡག་པོ་གཉེར་ཆེད། ལྷ་ས་གྲོང་ཁྱེར་གྱིས་2022ལོའི་ལྷ་ས་བསྐོར་བའི་རྐང་འཁོར་འགྲན་བསྡུར་ཆེ་མོའི་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་ཆེད་མངགས་བཙུགས་པ་དང་དེའི་གཤམ་དུ་གཞུང་ལས་ཁང་དང་། འགྲན་བསྡུར་སྒྲིག་འཛུགས། སྨན་བཅོས་འགན་ལེན། དྲིལ་བསྒྲགས་འཕྲིན་སྤེལ། བདེ་འཇགས་སྲུང་སྐྱོང་སོགས་ལས་དོན་སྒྲིག་གཞི་8བཙུགས་ཏེ་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་འགྲན་བསྡུར་གཉེར་ཐུབ་པའི་འགན་ལེན་བྱ་རྒྱུ་རེད། མིག་སྔར། ལས་དོན་ཁག་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།