ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱིས་ཐོན་ལས་སྣ་མང་སྤེལ་ནས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-07-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། རྒྱལ་ཁབ་གྲོང་གསེབ་དར་སྤེལ་ཅུའུ་ཡིས《པྲོག་གསར་གློ་ཚད་ཀྱི་ཤུགས་རྐྱེན་ལ་ཁ་གཏད་ནས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དང་རྒྱ་ཆེར་གཏོང་བའི་བྱེད་ཐབས་འགའ》བཟོས་ནས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བའི་འབྲེལ་ཡོད་བྱེད་ཐབས་རབ་དང་རིམ་པ་བཏོན་པ་རེད། བསྡོམས་རྩིས་ལྟར་ན། ཟླ5པའི་ཟླ་མཇུག་བར་དུ་དབུལ་ཐར་ངལ་ནུས(དབུལ་པོ་བསྐྱར་ལོག་སྔོན་འགོག་ལྟ་ཞིབ་ཚད་ལེན་བྱ་ཡུལ་ཚུད་པ)ལས་ཞུགས་གཞི་ཁྱོན་མི་ཁྲི3133ཟིན་ནས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་གྱི103.8%ལེགས་གྲུབ་ཟིན་ཡོད། ཐོན་ལས་རོགས་སྐྱོར་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ཞིང་། ཀྲུང་དབྱང་ནོར་སྲིད་ཀྱི་འབྲེལ་མཐུད་མ་དངུལ་དོ་དམ་བེད་སྤྱོད་སྔར་ལས་ཇེ་ལེགས་སུ་བཏང་ནས་ཐོན་ལས་འཕེལ་རྒྱས་ལ་སྤྱོད་པའི་བསྡུར་ཚད་མུ་མཐུད་མཐོ་རུ་བཏང་ལ། འབོར་ཉུང་ཡིད་རྟོན་དངུལ་བུན་གཏོང་ཚད་སྒོར་དུང་ཕྱུར250ལྷག་ཇེ་མང་དུ་བཏང་ནས། དབུལ་ཐར་མི་འབོར་ཁྲི57.3གྱི་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས།

དུས་རབས་གསར་བའི་ནང་རང་རྒྱལ་གྱི་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་བླངས་ཏེ། དབུལ་པོ་དབུལ་རྐྱང་སེལ་བའི་དཀའ་ཚེགས་ཆེ་བའི་ལས་འགན་ལེགས་འགྲུབ་ཟིན་ཡོད། ཏང་ཀྲུང་དབྱང་གིས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བའི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་བཟོས་ནས་ལས་སླ་མོ་མིན་པའི་གྲུབ་འབྲས་སྲ་བརྟན་དུ་བཏང་ཡོད། དབུལ་པོ་བསྐྱར་ལོག་བྱེད་པ་དང་ལྷག་པར་དུ་གཞི་ཁྱོན་རང་བཞིན་གྱི་དབུལ་པོ་བསྐྱར་ལོག་གི་སྣང་ཚུལ་སྔོན་འགོག་བྱ་ཆེད། བར་བརྒལ་དུས་ཡུན་ལོ་ལྔ་གཏན་འཁེལ་བྱས་ཏེ་དབུལ་ཞྭ་ཕུད་པ་དང་། དབུལ་ཞྭ་མ་ཕུད་ན་སྲིད་ཇུས་ལག་བསྟར་བྱེད་པ། དབུལ་ཞྭ་མ་ཕུད་ན་རོགས་སྐྱོར་བྱེད་པ། དབུལ་ཞྭ་མ་ཕུད་ན་འགན་འཁྲི་ཡོད་པ། དབུལ་ཞྭ་མ་ཕུད་ན་ལྟ་སྐུལ་དོ་དམ་བཅས་བྱ་རྒྱུ་རེད། ས་ཁུལ་སོ་སོ་དང་སྡེ་ཚན་སོ་སོས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་པས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བྱུང་ཡོད།

བོད་ལྗོངས་སུ་རིམ་པ་སོ་སོའི་སྡེ་ཚན་གྱིས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བར་ངེས་པར་དུ་ལས་ཀའི་བསམ་ཕྱོགས་ལེགས་སྒྲིག་བྱེད་དགོས་པ་དང་། གངས་ལྗོངས་ས་མཐོའི་དངོས་ཡོད་གནས་ཚུལ་གཞིར་བཟུང་ནས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་། རྒྱུན་མཐུད་འཕེལ་རྒྱས་ལ་གཞོལ་བའི་ཕུགས་ཕན་ལམ་སྲོལ་བཙུགས་ནས་ཐོན་ལས་དང་ལས་ཞུགས་ཀྱི་རྩ་བའི་རང་བཞིན་གྱི་གནད་དོན་གཉིས་ལ་དམ་འཛིན་ཡག་པོ་བྱེད་དགོས་པའི་ངོས་འཛིན་ཡག་པོ་བྱས་ཡོད། ད་ལོ་ནས་བཟུང་། བོད་ལྗོངས་ཀྱིས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་དེ་དམངས་འཚོའི་རྣམ་གྲངས་ཆེ་ཤོས་སུ་བརྩིས་ནས། གཞི་ཁྱོན་རང་བཞིན་གྱི་དབུལ་པོ་བསྐྱར་ལོག་གི་མཐའ་ཚད་མཐའ་གཅིག་ཏུ་བསྲུངས་ཏེ་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་བཏང་ཞིང་། གྲོང་གསེབ་དར་སྤེལ་གྱི་སྦྲེལ་མཐུད་ནུས་ལྡན་ལས་དོན་དོན་འཁྱོལ་བྱ་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་བཏང་བར་ཕན་འབྲས་མངོན་གསལ་ཐོན་ཡོད།

ཇ་ལོ་ནི་བོད་ལྗོངས་སུ་འཚོ་བ་སྐྱེལ་བཞིན་པའི་མི་རྣམས་ཀྱི་ཉེར་མཁོའི་དངོས་པོ་ཞིག་ཡིན། ཉེ་བའི་ལོ་འགའི་རིང་ལ་ཉིང་ཁྲིའི་ཇ་ལོ་ཐོན་ལས་འཕེལ་རྒྱས་མྱུར་པོ་ཕྱིན་པས། བོད་ལྗོངས་ཀྱིས་རང་གིས་ཐོན་སྐྱེད་བྱས་པའི་ཇ་ལོ་ལ་བརྟེན་ནས། ས་གནས་མང་ཚོགས་ཀྱིས་ཇ་ཉོ་བར་སྟབས་མི་བདེ་བའི་གནད་དོན་ཐག་གཅོད་ཐུབ་ཡོད། མིག་སྔར། མེ་ཏོག་རྫོང་གི་ཇ་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི1.69ལྷག་ཟིན་པ་དང་། ཇ་ལོ་བསྡུ་ཆོག་པའི་གཞི་ཁྱོན་མུའུ5080ལ་སླེབས། 2019ལོར་ཇ་ལོ་ཐོན་ཚད་རྒྱ་མ་ཁྲི25ཙམ་ཟིན་ནས་ས་གནས་ཞིང་འབྲོག་པར་འབབ་འཕར་སྒོར་ཁྲི606ཡོང་བར་སྐུལ་འདེད་བྱས་ཤིང་། ཇ་ལོ་བསྡུ་བའི་དུས་ཚིགས་ནང་སྔོན་རྩིས་བྱས་ན་ཉིན་རེར་ཇ་ལོ་རྒྱ་མ2000ནས3000བར་བཏུས་ནས་ས་གནས་ཞིང་འབྲོག་པར་ཉིན་རེར་ཡོང་འབབ་སྒོར་ཁྲི6ནས10བར་བསྐྲུན་ཡོད། ལོ་འདི་དག་རིང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་བཏང་བ་བརྒྱུད་ཇ་ལོ་ཐོན་ལས་དེ་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་དང་རྫ་ཡུལ་རྫོང་། མེ་ཏོག་རྫོང་བཅས་སུ་ཁྱབ་ཡོད་ལ། ད་ལྟ་ཇ་ལོ་ནི་ཉིང་ཁྲིའི་བཀྲག་མདངས་འཚེར་བའི་མིང་བྱང་ཞིག་ཏུ་གྱུར་ཡོད།

ལྷ་ས་རུ་ས་གཙང་བདེ་ཐང་ཐོན་ལས་དང་རིག་གནས་ཡུལ་སྐོར་ལས་རིགས་སྤེལ་བར་དམིགས་ཏེ་ཁྱད་ལྡན་འདེབས་འཛུགས་ལས་རིགས་དང་གསོ་སྤེལ་ལས་རིགས། ལས་སྣོན་ལས་རིགས། ཚོང་དོན་ཟོག་འགྲེམས་ལས་རིགས། ཐོན་ཁུངས་གསར་སྤེལ་བེད་སྤྱོད་སོགས་ཀྱི་དབུལ་སྐྱོར་ཐོན་ལས་ཧུར་ཐག་གིས་བཏོད་དེ། “ཁེ་ལསམཉམ་ལས་ཁངདབུལ་ཐར་དུད་ཚང”བཅས་ཟུང་དུ་འབྲེལ་བའི་ཐོན་ལས་འཕེལ་རྒྱས་གཏོང་སྟངས་བདེ་བླག་ངང་ལག་བསྟར་བྱས་ཡོད། ཟླ6པའི་བར་དུ་ལྷ་ས་གྲོང་ཁྱེར་གྱི་དབུལ་པོ་མི་གྲངས11337ཕྱིར་ལས་ཀར་བསྐྱོད་ནས། ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་གྱི57.98%ལེགས་འགྲུབ་བྱུང་བ་དང་། དེའི་ནང་ཞིང་ཆེན་ཕྱི་རུ་ལས་ཀ་བྱེད་པའི་མི35དང་། ཞིང་ཆེན་ནང་ཁུལ་གྱི་རྫོང་ཁོངས་སུ་ལས་ཀ་བྱེད་པའི་མི4505 ། རྫོང་ནང་ཁུལ་དུ་ལས་ཀ་བྱེད་པའི་མི6797བཅས་ཟིན་པ་རེད།

2018ལོར་བཙུགས་པའི་ནག་ཆུ་གྲོང་ཁྱེར་འབྲོག་མོ་མཉམ་འབྲེལ་ལས་གཏོད་ཚད་ཡོད་འགན་འཁྲི་ཀུང་སིས་བཟའ་བཏུང་ལས་རིགས་དང་། འབྲོག་ས་གཉེར་སྐྱོང་། མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས། ཁྱད་ལྡན་ཐོན་རྫས། འོ་མའི་ཐོན་རྫས། དངོས་ཟོག་ཚོང་གཉེར་སོགས་ཀྱི་རྣམ་གྲངས་སྤེལ་བ་བརྒྱུད་ས་གནས་ཀྱི་དབུལ་པོ་བུད་མེད་སྔར་ལས་མང་པོའི་སྣེ་ཁྲིད་དེ་རང་གི་སྒོ་ཁ་ནས་ལས་ཞུགས་བྱས་པ་དང་། ངལ་རྩོལ་ལ་བརྟེན་ནས་བདེ་སྐྱིད་ཀྱི་འཚོ་བ་རོལ་དུ་བཅུག་པ་རེད།

ཕྱོགས་ཡོངས་ནས་བལྟས་ན། ད་ལྟའི་དུས་རིམ་གྱི་བོད་ལྗོངས་ཀྱིས་ཐོག་མར་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་པ་དང་། ཞོར་དུ་ཕྱི་ནས་ཡོང་བའི་ལག་རྩལ་དང་མ་རྩ་སོགས་ལ་བརྟེན་ནས། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་བརྒྱུད་དམངས་ཕྱུག་དང་རྫོང་ཕྱུག་པོ། ས་ཁོངས་ཕྱུག་འགྱུར་བཅས་ཡོང་བ་བྱས་ཏེ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ཡོད། གཉིས་ནས་ཐོན་ལས་གསར་པ་དང་ལས་རྣམ་གསར་པ་འཕེལ་རྒྱས་བཏང་ནས། ཞིང་ལས་ཡུལ་སྐོར་ལྟ་སྐོར་དེ་དཔེ་མཚོན་གྱི་ཞིང་ལས་ཐོན་ལས་གསར་པར་བརྩིས་ནས། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བར་ཕུགས་ཕན་རང་བཞིན་ལྡན་ཡོད། མཇུག་མཐར་མཉམ་འདྲེས་འཕེལ་རྒྱས་ལ་བརྟེན་ནས། “རྫོང་གཅིག་ལ་ལས་རིགས་གཅིག”དང“གྲོང་ཚོ་གཅིག་ལ་ཟོང་རྟགས་གཅིག”གི་འཕེལ་རྒྱས་རྣམ་པ་ཆགས་ནས་རིན་ཐང་འབྲེལ་ཐག་མཐོར་འདེགས་དང་། མཁོ་སྤྲོད་འབྲེལ་ཐག་ལ་འགན་སྲུང་། ཁེ་ཕན་འབྲེལ་ཐག་འཐུས་ཚང་དུ་བཏང་ཡོད།

དབུལ་ཐར་དང་དབུལ་ཞྭ་ཕུད་རྒྱུ་ནི་མཇུག་སྒྲིལ་པ་མིན་ལ་འཚོ་བ་གསར་པ་དང་འབད་འཐབ་གསར་པའི་མགོ་བརྩམས་པ་ཡིན། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་ཆེར་བཏང་ནས། དབུལ་ཐར་ས་ཁུལ་གྱི་འཕེལ་རྒྱས་དང་མང་ཚོགས་ཀྱི་འཚོ་བ་ཇེ་ལེགས་སུ་འགྲོ་བར་མུ་མཐུད་དུ་སྐུལ་འདེད་བཏང་ཚེ། གཞི་ནས་གྲོང་གསེབ་དར་སྤེལ་གྱི་ལས་དོན་ཆེན་པོ་དེ་ཡག་པོ་སྒྲུབ་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བའི་དམིགས་ཚད་ཀྱི་ཕྱོགས་སུ་མདུན་སྐྱོད་བྱེད་ཐུབ་ངེས་ཡིན། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།