ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ལྷོ་ཁ་མཚོ་སྨད་རྫོང་གིས་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་བཏང་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-07-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར། གསར་འགོད་པར་མཚོ་སྨད་རྫོང་གི་འབྲེལ་ཡོད་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་གིས་དམིགས་ཚད་ཁ་གསལ་མཐའ་འཁྱོངས་དང་ཐབས་མང་མཉམ་སྤྱོད་བྱས་ནས་ལས་ཞུགས་ལས་གཏོད་ཀྱི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྨད་རྫོང་གིས་ཁོའོ་རིམ་པ་རྒན་པ་ཡན་གྱི་ལས་བྱེད་པས་དུས་བཀག་ལྟར་ལས་ཞུགས་རོགས་སྐྱོར་བྱ་ཡུལ་དང་འབྲེལ་བ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ལས་ཞུགས་མ་ཐུབ་པའི་སློབ་ཐོན་སློབ་མར་སྔ་ཙམ་ལས་ཞུགས་བརྟན་པོ་ཡོང་རོགས་བྱས་ཁར། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་འབྲེལ་གཏུག་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་མཐོ་སློབ་སློབ་ཐོན་སློབ་མ་ལྗོངས་ཕྱིར་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་བཏང་ཡོད། རྣམ་གྲངས་དང་ཐོན་ལས་ལ་བརྟེན་ནས་སྐུལ་ཁྲིད་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། ཁེ་ལས་ཀྱིས་བསྡུ་བ་དང་དངོས་མིང་བཀོད་ནས་བསྡུ་བ་སོགས་ལ་དམ་འཛིན་ཡག་པོ་བྱས་ནས་ཞིང་འབྲོག་མང་ཚོགས་ལས་ཞུགས་གང་ལེགས་ཐུབ་པའི་འགན་ལེན་བྱས་པ་རེད། ལས་ཀའི་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་དང་། ཡུལ་གཞན་དུ་གནས་སྤོས་མང་ཚོགས་དང་དབུལ་ལོག་ཐེབས་སླ་བའི་ལྟ་ཞིབ་དུད་ཚང་ལ་དམ་པོར་དམིགས་པ། ལས་ཞུཌ་ལས་གནས་དུས་ཐོག་ཏུ་ངོ་སྤྲོད་དང་མཁོ་འདོན། “ལས་ཞུགས་གཅིག་ཀྱང་ཐུབ་མེད་པའི”ཁྱིམ་ཚང་སྐབས་བསྟུན་མི་ལྷག་པ་བཅས་བྱས་ནས། “དུད་ཚང་གཅིག་ལ་མི་གཅིག”ལས་ཞུགས་ཐུབ་པའི་ལས་འགན་ལེགས་སྒྲུབ་མཐའ་གཅིག་ཏུ་བྱས་ཡོད། སྤྱི་འདོམས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ལས་ཀའི་ཁྲོད་འཕྲད་པའི་དཀའ་ངལ་དང་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱས་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།