ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས། བཀའ་དྲིན་ཚོར་བཞིན་རྒྱང་ལམ་གསར་པར་སྐྱོད།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-07-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ce47668b-1597-4b7f-bdf4-3147844c6129.jpg

པར་འདི་ནི་སྐལ་བཟང་མེ་ཏོག་གི་འདབ་མ་ལྷུག་པོར་གྲོལ་བ་ལྟར་གྱི་བོད་རང་སྐྱོང་ལྗོངས་སྨན་ཁང་ཡིན་པ།

ec98d7f1-d46d-4f1e-b7a7-ea5d32c4d5da.jpg

པར་འདི་ནི་བོད་ལྗོངས་སློབ་ཆེན་གྱི་སློབ་ཐོན་སློབ་མས་སློབ་ཐོན་པར་རྒྱག་བཞིན་པ།

744b0400-ff8f-4a22-8cc9-ec128cfee9f5.jpg

པར་འདི་ནི་ལྷ་ས་གྲོང་ཁྱེར་ཀྲུང་ཧྭ་རིག་གནས་སྤྱི་གླིང་གི་ཞི་མཐུན་སེམས་སྦྲེལ་ཟམ་པ་ཡིན་པ།

25d8ea15-c3c8-4629-8e62-0e42f23ac255.jpg

པར་འདི་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བར་སྐོར་གྱི་འདོད་འཇོ་ཚང་བོད་ཆས་ཚོང་ཁང་གི་སྦྱིན་བདག་སྒྲོལ་མས(གཡོན)བུ་མོར་ཕྱུ་པ་གཡོག་རོགས་བྱེད་བཞིན་པ།

9bef0bd2-ef7c-4110-a5fc-504701a43f49.jpg

པར་འདི་ནི་བོད་ལྗོངས་རྟེན་མཛོད་ཁང་གི་འགྲེམས་ཁང་གསར་པ་ཡིན་པ།

f3bcbf05-6879-426b-b98a-245a8ae27361.jpg

པར་འདི་ནི་འབྲས་སྤུངས་དགོན་པའི་དགེ་འདུན་པས་རང་སྐྱོང་ལྗོངས་དཔེ་མཛོད་ཁང་འབྲས་སྤུངས་དགོན་པའི་ཡན་ལག་ཁང་གི་དཔེ་རྙིང་འགྲེམས་ཁང་དུ་ཉར་བའི་དཔེ་རྙིང་ལེགས་སྒྲིག་བྱེད་བཞིན་པ།

e0612936-0e54-41ce-8caa-740503fbaf56.jpg

པར་འདི་ནི་ཉིན་བཞིན་འཕེལ་རྒྱས་འགྲོ་བཞིན་པའི་ལྷ་སའི་རྣམ་པ་གསར་པ་ཡིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2021ལོའི་ཟླ་བདུན་པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གངས་ལྗོངས་ས་མཐོར་ཕེབས་ནས་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་བ་མ་ཟད། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུས་པ་དང་། གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་སྟེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་བཀོད་སྒྲིག་ཞིབ་ཚགས་དང་བོད་ལྗོངས་དུས་རབས་གསར་པའི“རྒྱུགས་འབུལ་ལམ་བུར”ཡག་པོ་སྐྱོད་པར་ཕྱོགས་སྟོན་སྣེ་ཁྲིད་གནང་ཡོད།

ལོ་གཅིག་གི་རིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན། “དོན་ཆེན་བཞི”དང“འགན་ལེན་བཞིར”དམིགས་པ། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”སྟོབས་ཤུགས་སྒྲིལ་བ་བཅས་བྱས་ནས་ངར་སེམས་ཆེར་སྐྱེད་དང་འབད་འབུངས་མདུན་སྐྱོད་ཀྱིས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་གང་མགྱོགས་འཛུགས་སྐྲུན་བྱས་ཡོད།

མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མཉམ་དུ་མངོན་འགྱུར་བྱེད་པའི་བརྗིད་ཆེའི་རྒྱང་སྐྱོད་ལམ་བུར་སྐྱོད་པའི་སྐབས་དང་། རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་བཀོད་སྒྲིག་བྱས་པའི“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིའི”བརྗིད་ཆེའི་འཆར་འགོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་སྐབས། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཐབས་ཇུས་བཀོད་སྒྲིག་ཁག་གི་ལག་བསྟར་དོན་འཁྱོལ་བྱེད་པའི་བརྗིད་ཆེའི་ལག་ལེན་ཁྲོད། དུས་རབས་གསར་པའི་བོད་ཀྱི་ལས་དོན་མདུན་ཕྱོགས་སུ་སྐྱོད་པའི་གོམ་སྟབས་རེ་རེ་དང་། ས་མཐོའི་ས་གཞི་ཆེ་མོར་བྱུང་བའི་འཕེལ་རྒྱས་ཀྱི་འགྱུར་ལྡོག་རེ་རེའི་ཁྲོད་སྤྱི་ཁྱབ་ཧྲུའུ་ཅིའི་བྱམས་བརྩེའི་ཐུགས་ཁུར་དང་ཟོལ་མེད་བཀའ་སློབ་འདུས་ཡོད་པ་ང་ཚོར་མྱོང་ཚོར་ཟབ་མོ་བྱུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱོགས་སྟོན་སྣེ་ཁྲིད་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ལྷག་པར་དུ་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་བཅས་ཡོད་སྟབས། བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅིས་བསྟན་གནང་བའི་ཁ་ཕྱོགས་ཀྱི་རྗེས་སུ་བློ་ཁོག་ཆེན་པོས་མདུན་སྐྱོད་བྱས་ཚེ། བོད་འདི་སྔར་བས་འོད་ཟེར་སྟོང་ལྡན་གྱི་འབྱུང་འགྱུར་ཕྱོགས་སུ་སྐྱོད་ཐུབ་ངེས་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།