ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཆབ་མདོ་གྲོང་ཁྱེར་གྱིས་ཟླ་དང་པོ་ནས་ལྔ་བའི་བར་ལས་ཞུགས་ལས་གཏོད་ཀྱི་ལས་དོན་བརྟན་པོའི་ངང་སྐུལ་འདེད་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-07-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནས་བཟུང་། བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་ལས་ཞུགས་བརྟན་པོ་དང་དམངས་འཚོ་འགན་ལེན་ལས་དོན་དེ་ལས་འགན་ཨང་དང་པོར་བརྩི་རྒྱུ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ། ལས་ཞུགས་ཀྱི“འགག་རྩའི་དུས་སྐབས”ལ་དམིགས་པ་དང་ལས་ཞུགས་ཀྱི་ཁ་སྒྱུར་འཁོར་ལོ་བརྟན་པོ་སྲུང་བ། གསར་གཏོད་དང་འགག་སྒྲོལ་དོན་གཉེར་བཅས་བྱས་པས། གྲོང་ཁྱེར་ཡོངས་ཀྱི་ལས་ཞུགས་ལས་གཏོད་ཀྱི་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་ཐེབས་ཡོད། 

མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་མགོ་བརྟན་པོ་བཙུགས་པ།

2022ལོའི་ཟླ3པར། པད་མ་དབང་འདུས་ཀྱིས་ཐེངས་གཅིག་རང་བཞིན་གྱི་ལས་གཏོད་ཁ་གསབ་མ་དངུལ་སྒོར་ཁྲི6བླངས། སློབ་མཐར་ཕྱིན་རྗེས། རི་བོ་ཆེ་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡི་རོགས་རམ་འོག ཁོང་གིས་རི་བོ་ཆེ་རྫོང་དུ་ཀུང་སི་བཙུགས་ནས་ལས་གཏོད་ཀྱི་ལམ་བུ་བཏོད་ཡོད།

པད་མ་དབང་འདུས་ནི་མཐོ་སློབ་མཐར་ཕྱིན་སློབ་མ་མང་པོའི་ཁྲོད་རང་བརྟེན་ལས་གཏོད་བྱེད་མཁན་གྱི་གྲས་ཤིག་རེད། ད་ལོའི་ཟླ1ནས5པའི་བར་ཆབ་མདོ་གྲོང་ཁྱེར་གྱིས་རིགས་ཁག་གི་ལས་ཞུགས་ལས་གཏོད་ཀྱི་ཁ་གསབ་མ་དངུལ་ཁྱོན་སྒོར་ཁྲི1020.43སྤྲད་པས་མི241ལ་ཕན་ཐོགས་ཡོད།

མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡི་ལས་དོན་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། ད་ལོའི་ཚུན་དུ་ཆབ་མདོ་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་ལོ་འདི་གའི་མཐར་ཕྱིན་སློབ་མ4786གི་རྨང་གཞིའི་ཆ་འཕྲིན་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་པ་དང་། ཆ་འཕྲིན4536གསར་སྒྱུར་དང་འཐུས་ཚང་དུ་བཏང་སྟེ། དངོས་མིང་ཐོ་འགོད་བྱེད་ཚད94.78%ཟིན་ཡོད།

ཟླ5པའི་ཚེས1ཉིན། ཐེམ་ཁུངས་ཆབ་མདོ་ཡིན་པའི་མཐོ་སློབ་མཐར་ཕྱིན་སློབ་མ22ཁྲུང་ཆིང་ཞན་ཐའོ་རྒྱལ་སྤྱིའི་གཞི་གྲངས་རོང་ཐེང་ཞུན་སྤྲིན་རྩིས་དཔལ་འབྱོར་ཐོན་ལས་རྟེན་གཞིར་བསྐྱོད་དེ། དུས་ཡུན་ཉིན10ཡི་མངགས་ཐོ་རྣམ་པའི་གསོ་སྦྱོང་སྤེལ་བ་རེད། ཐེངས་འདིའི་གསོ་སྦྱོང་ནི་ཆབ་མདོ་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་ཁྲུང་ཆིང་དུ་བཅའ་སྡོད་བྱས་པའི་ཆབ་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ལས་ཞུགས་འབྲེལ་གཏུག་ཞབས་ཞུའི་ས་ཚིགས་དང་མཉམ་དུ་གཙོ་སྒྲུབ་བྱས་ཤིང་། དེའི་ནང་དོན་སྔོན་ཐོན་གྱི་མི་ཐབས་རིག་ནུས་ཀྱི་གཞི་གྲངས་ཆེན་མོ་དང་། གཞི་གྲངས་ཐོན་རྫས་ཞབས་ཞུ་དང་གཞི་གྲངས་རིན་ཐང་ཆེ་འགྱུར་སོགས་དང་འབྲེལ་བ་ཡོད།

གསོ་སྦྱོང་མཇུག་འགྲིལ་རྗེས། ད་དུང་སྤེལ་རེས་བགྲོ་གླེང་དང་ཁེ་ལས་ཀྱིས་ཡུལ་དངོས་སུ་ལས་མི་བསྡུ་བ་སོགས་བཀོད་སྒྲིག་བྱས་ཡོད། ཐེངས་འདིའི་གསོ་སྦྱོང་བརྒྱུད་དེའི་ཁྲོད་ཀྱི་མི7ལྗོངས་ཕྱིར་ལས་ཞུགས་ཐུབ་པ་དང་མི5ཡི་འདོད་མོས་གྲོས་མཐུན་བཞག་པ་རེད།

རོང་འབྲོག་པའི་སྤོ་སྒྱུར་ལས་ཞུགས་ལ་སྐུལ་འདེད་ཏན་ཏིག་བཏང་བ།

འཇོ་མདའ་རྫོང་གི་རོང་འབྲོག་མང་ཚོགས་ཀྱི་སྤོ་སྒྱུར་ལས་ཞུགས་ལས་དོན་ཏན་ཏིག་དང་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བ་དང་། རྩ་འཛུགས་ཅན་དང་ས་ཁོངས་ལས་བརྒལ་ནས་ངལ་རྩོལ་ནུས་ཤུགས་སྤོ་སྒྱུར་ལས་ཞུགས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་མགྱོགས་པོ་གཏོང་ཆེད། ད་ལོ་ནས་བཟུང་འཇོ་མདའ་རྫོང་གིས“རོང་འབྲོག་པ་སྤོ་སྒྱུར་ལས་ཞུགས་དང‘ཚོགས་སྒྲིག་རྣམ་པའི’ངལ་ནུས་ཕྱིར་གཏོང་གི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ”དམིགས་ཚད་དུ་བྱས་ཏེ། “ཚོགས་སྒྲིག་རྣམ་པའི”མཚོ་སྔོན་ཡུས་ཧྲུའུ་གྲོང་ཁྱེར་དུ་སྤོ་སྒྱུར་ལས་ཞུགས་སོགས་ཀྱི་བྱ་ཐབས་སྤྱད་ནས། འཇོ་མདའ་མང་ཚོགས་ཀྱི་ལས་ཞུགས་ཡོང་འབབ་གཏོད་པར་སྐུལ་འདེད་བཏང་བ་རེད།

ད་ལོའི་ཟླ3པར། “ཚོགས་སྒྲིག་རྣམ་པའི”ལྗོངས་ཕྱིའི་སྤོ་སྒྱུར་ལས་ཞུགས་མི་སྣ13ཡུས་ཧྲུའུ་རུ་བསྐྱོད་དེ་བརྒྱུད་རིམ་ཧྲིལ་པོར་རྩ་འཛུགས་དང་སྐྱེལ་འདྲེན། དོ་དམ་བཅས་གཅིག་གྱུར་ཡོང་བ་མངོན་འགྱུར་བྱུང་ནས། སྒོ་འགྲམ་ནས་ཀུང་སིའི་བར་གྱི“བརྒྱུད་འབྲེལ”ཞབས་ཞུ་མངོན་འགྱུར་བྱུང་ཡོད།

ད་ལོའི་ལོ་སྟོད་དུ་ཆབ་མདོ་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་དམའ་རིམ་སློབ་འབྲིང་དང་དེའི་ཡན་གྱི་རིག་གནས་ཆུ་ཚད་དང་གསོ་སྦྱོང་ནང་ཞུགས་འདོད་ཡོད་པའི་རོང་འབྲོག་མང་ཚོགས45སྒྲིག་འཛུགས་བྱས་ནས། ཁྲུང་ཆིང་དུ་བསྐྱོད་དེ་ཨར་སྐྲུན་ཁྱབ་ཁོངས་ཀྱི“མངགས་ཐོ་རྣམ་པའི”རྩལ་ནུས་གསོ་སྦྱོང་བྱས་པ་དང་། སྔོན་དུ་འདོད་བློ་གསལ་རྟོགས་དང་། རང་འགུལ་ངང་སྦྲེལ་མཐུད་དང་མཐུན་སྦྱོར། གསོ་སྦྱོང་བཀོད་སྒྲིག་ལུགས་མཐུན་སོགས་ཀྱི་བྱ་ཐབས་སྤྱད་པ་བརྒྱུད། ལྗོངས་ཕྱིར་གསོ་སྦྱོང་བྱེད་པར་བསྐྱོད་པའི་མང་ཚོགས་ཀྱི་ངར་སེམས་འཕེལ་བར་བྱས།

རྒྱུས་ལོན་པ་ལྟར་ན། ད་ལོར་ཆབ་མདོ་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་སྒྲིག་འཛུགས་ཡོད་པ་དང་གཞི་ཁྱོན་ལྡན་པའི་ངང་གསོ་སྦྱོང་གི་འདོད་མོས་ཡོད་པའི་རོང་འབྲོག་པ300ལྷག་ཆབ་མདོའི་ཁ་གཏད་རོགས་སྐྱོར་ཞིང་ཆེན(གྲོང་ཁྱེར)ལ་སོང་ནས་ཡུན་རིང་གི་གསོ་སྦྱོང་སྤེལ་རྩིས་ཡོད།

བྱ་ཐབས་རབ་དང་རིམ་པའི་འོག ཟླ5པའི་ཟླ་མཇུག་བར་ཆབ་མདོ་གྲོང་ཁྱེར་དུ་བསྡོམས་པས་རོང་འབྲོག་པའི་རྩལ་ནུས་གསོ་སྦྱོང་ནང་ཞུགས་མཁན9126ཡོད་པ་དང་། ལྗོངས་ཕྱིར་མི1198སྤོ་སྒྱུར་ལས་ཞུགས་བྱས་ཤིང་། རིམ་རྩིས་བྱས་ན་རོང་འབྲོག་ཁུལ་གྱི་ངལ་ནུས་ལྷག་མ་མི་ཁྲི7.69སྤོ་སྒྱུར་ལས་ཞུགས་ཐུབ་ནས། ཆེད་ལས་ལས་ཞུགས་འབབ་འཕར་སྒོར་དུང་ཕྱུར6.55མངོན་འགྱུར་བྱུང་ཡོད་དེ། སོ་སོར་ལོ་འཁོར་དམིགས་ཚད་ལས་འགན་གྱི51.36%དང50.36%ལེགས་འགྲུབ་བྱུང་ལ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད1.65%ཟིན་པ་དང་བརྟག་དཔྱད་བྱེད་ཚད5%ནང་དུ་ཚོད་འཛིན་བྱས་ཡོད།

སྤྱི་ཚོགས་འགན་བཅོལ་གྱིས་ལས་གནས་བརྟན་པོ་ཡོང་བར་སྐུལ་འདེད་བཏང་བ།

འབོར་མང་ལ་རྒྱ་ཆེ་བའི་ཁེ་ལས་ཆུང་འབྲིང་དང་ཆེས་ཆུང་གྲས་ནི་ནམ་ཡིན་ཡང་དཔལ་འབྱོར་དང་ལས་ཞུགས་བརྟན་བརླིང་ཡོང་བའི་གཙོ་ཤུགས་ཀྱི་འདེགས་སྐྱོར་ཞིག་ཡིན། ཁེ་ལས་ཆུང་འབྲིང་དང་ཆེས་ཆུང་གྲས་ཀྱི་དཀའ་གནད་སེལ་བར་རོགས་རམ་བྱས་ནས་ཁྲོམ་རའི་བདག་གཉེར་བའི་ལས་ཞུགས་བརྟན་པོ་ཡོང་བར་སྲུང་སྐྱོང་བྱ་ཆེད། ཆབ་མདོ་གྲོང་ཁྱེར་གྱིས་ལས་ཤོར་འགན་བཅོལ་གྱི་ལས་གནས་བརྟན་པོའི་མ་དངུལ་ཕྱིར་སློག་དང་། འགྲོ་གྲོན་ཚད་གཞི་དམའ་རུ་གཏོང་བ། སྤྱི་ཚོགས་འགན་བཅོལ་གྲོན་དངུལ་དུས་འགྱངས་ཀྱིས་སྤྲོད་པ་སོགས་ཀྱི་སྲིད་ཇུས་མུ་མཐུད་ལག་བསྟར་བྱ་རྒྱུ་རེད།

2021ལོར། གྲོང་ཁྱེར་ཡོངས་ཀྱིས་ཁེ་ལས་ཆུང་འབྲིང23ལ་ཁེ་ལས་ཀྱི་ལས་གནས་བརྟན་བརླིང་མ་དངུལ་སྒོར་ཁྲི53.86ཕྱིར་སློག་པ་རེད། ད་ལོར་གྲོང་ཁྱེར་ཡོངས་ཀྱི་ཁེ་ལས780ལྷག་ལ་རྒན་གསོ་དང་། ལས་རྨས། ལས་ཤོར་འགན་བཅོལ་བཅས་ཀྱི་མ་དངུལ་སྒོར་ཁྲི670ལྷག་ཇེ་ཉུང་དུ་གཏོང་རྒྱུ་དང་། དམིགས་བསལ་དཀའ་ངལ་ཡོད་པའི་ཁེ་ལས་དང་སྡེ་ཁག769ལ་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་སྒོར་ཁྲི4600ལྷག་དུས་འགྱངས་སྒོས་སྤྲོད་རྒྱུ་མ་ཟད། ཆ་རྐྱེན་དང་འཚམ་པའི་ཁེ་ལས་ལ་ལས་ཤོར་འགན་བཅོལ་དང་ལས་གནས་བརྟན་བརླིང་མ་དངུལ་ཕྱིར་སློག་པའི་སྲིད་ཇུས་དོན་འཁྱོལ་བྱས་ནས། ཁེ་ལས་ཆུང་འབྲིང་དང་ཆེས་ཆུང་གྲས་ཀྱི་དཀའ་ངལ་སེལ་བར་སྐུལ་འདེད་གཏོང་རྒྱུ་རེད།

རྗེས་མར། ཆབ་མདོ་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་འདུ་ཤེས་ཀྱི་ཁྲིད་སྟོན་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། ཁ་གསབ་དངུལ་བརྗེས་ཚད་ལྡན་དུ་གཏོང་བ། ལས་ཞུགས་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་བ། སྤོ་སྒྱུར་ལས་ཞུགས་བྱེད་ཤུགས་ཆེ་རུ་གཏོང་བ། རྩལ་ནུས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། སྲིད་ཇུས་ཁྱབ་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་ལས་ཞུགས་ལས་གཏོད་ཀྱི་གཙོ་གནད་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབ་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།