ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཧྲང་ཧའེ་བོད་སྐྱོར་གྱིས་གཞིས་ཀ་རྩེའི་གྲངས་འཛིན་ཡུལ་སྐོར་གསར་གཏོད་འཕེལ་རྒྱས་ལ་རམ་འདེགས་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-07-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1310642526_16580584763781n.jpg

པར་འདི་ནི2022ལོའི་བོད་ལྗོངས་གཞིས་ཀ་རྩེའི་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་དང་གྲངས་འཛིན་ཡུལ་སྐོར་གསར་གཏོད་འཕེལ་རྒྱས་གླེང་སྟེགས་ཐོག ས་གནས་མང་ཚོགས་ལ་བཅར་འདྲི་བྱས་པའི་བརྙན་ཐུང་ལ་ལྟ་བཞིན་པའི་རྣམ་པ་རེད། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། ཧྲང་ཧའེ་བོད་སྐྱོར་གྱིས་མ་དངུལ་རོགས་རམ་བྱས་པ་དང་གཞིས་ཀ་རྩེ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པའི2022ལོའི་བོད་ལྗོངས་གཞིས་ཀ་རྩེའི་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་དང་གྲངས་འཛིན་ཡུལ་སྐོར་གསར་གཏོད་འཕེལ་རྒྱས་གླེང་སྟེགས་ལྷ་སར་བསྡུས། བྱ་འགུལ་ཐོག“ང་རང་ཇོ་མོ་གླང་མར་འགྲོ་འདོད”ཅེས་པའི་བཅར་འདྲིའི་བརྙན་ཐུང་དང་ཡུལ་སྐོར་གྱི་གློག་བརྙན་ཐུང་གྲས་སོགས་བསྟན་ཏེ། གཞིས་ཀ་རྩེའི་གྲངས་འཛིན་ཡུལ་སྐོར་གྱི་གྲུབ་འབྲས་འགྲེམ་སྟོན་བྱས་པ་དང་། ཧྲང་ཧའེ་བོད་སྐྱོར་གྱིས་ལས་སྟེགས་བསྐྲུན་པ་དང་གཞིས་ཀ་རྩེ་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུའུ་ཡིས་འགན་འཁུར་བས“ཇོ་མོ་གླང་མ་སྐོར་བའི་གྲངས་འཛིན་ཡུལ་སྐོར་ཐོན་ལས་མནའ་འབྲེལ”བཙུགས་པ་ཁྱབ་བསྒྲགས་བྱས་ཤིང་། གཞིས་ཀ་རྩེའི་ཡུལ་སྐོར་གཞི་གྲངས་ཆེན་མོའི་ལྟེ་གནས་ཀྱི་སྒོ་བྱང་འགེལ་བའམ་ཞའེ་ཁྲིན་གྱི་གཞི་གྲངས་ཆེན་མོའི་མཐོང་རུང་ཅན་གྱི་མཉམ་སྤྱོད་མ་ལག་སྤྱོད་མགོ་ཚུགས་ལ། གཞན་ཡང་། རྒྱལ་ནང་གི་ལས་རིགས་མི་སྣས་གྲངས་འཛིན་རིག་གནས་ཡུལ་སྐོར་དང་གཞིས་ཀ་རྩེའི་ཡུལ་སྐོར་གྲངས་འཛིན་ཅན་འཕེལ་རྒྱས་ཀྱི་མདུན་ལྗོངས་སོགས་ལ་དམིགས་ནས་བརྗོད་གཞིའི་གཏམ་བཤད་སྤེལ་བ་རེད། །

1310642526_16580584764591n.jpg

པར་འདི་ནི2022ལོའི་བོད་ལྗོངས་གཞིས་ཀ་རྩེའི་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་དང་གྲངས་འཛིན་ཡུལ་སྐོར་གསར་གཏོད་འཕེལ་རྒྱས་གླེང་སྟེགས་ཐོག་ཡུལ་སྐོར་གློག་བརྙན་ཐུང་གྲས་སྟོན་བཞིན་པའི་རྣམ་པ་རེད། 

1310642526_16580584765191n.jpg

པར་འདི་ནི2022ལོའི་བོད་ལྗོངས་གཞིས་ཀ་རྩེའི་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་དང་གྲངས་འཛིན་ཡུལ་སྐོར་གསར་གཏོད་འཕེལ་རྒྱས་གླེང་སྟེགས་ཐོག་ཡུལ་སྐོར་གློག་བརྙན་ཐུང་གྲས་སྟོན་བཞིན་པའི་རྣམ་པ་རེད། 

1310642526_16580584766001n.jpg

པར་འདི་ནི2022ལོའི་བོད་ལྗོངས་གཞིས་ཀ་རྩེའི་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་དང་གྲངས་འཛིན་ཡུལ་སྐོར་གསར་གཏོད་འཕེལ་རྒྱས་གླེང་སྟེགས་ཐོག“ཇོ་མོ་གླང་མ་སྐོར་བའི་གྲངས་འཛིན་ཡུལ་སྐོར་ཐོན་ལས་མནའ་འབྲེལ”བཙུགས་པའི་མཛད་སྒོ་སྤེལ་བཞིན་ཚུལ་རེད།

1310642526_16580584766631n.jpg

པར་འདི་ནི2022ལོའི་བོད་ལྗོངས་གཞིས་ཀ་རྩེའི་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་དང་གྲངས་འཛིན་ཡུལ་སྐོར་གསར་གཏོད་འཕེལ་རྒྱས་གླེང་སྟེགས་ཐོགརྒྱལ་ནང་གི་ལས་རིགས་མི་སྣས་གྲངས་འཛིན་རིག་གནས་ཡུལ་སྐོར་དང་གཞིས་ཀ་རྩེའི་ཡུལ་སྐོར་གྲངས་འཛིན་ཅན་འཕེལ་རྒྱས་ཀྱི་མདུན་ལྗོངས་སོགས་ལ་དམིགས་ནས་བརྗོད་གཞིའི་གཏམ་བཤད་སྤེལ་བཞིན་པའི་ཚུལ་རེད།

1310642526_16580584767191n.jpg

པར་འདི་ནི2022ལོའི་བོད་ལྗོངས་གཞིས་ཀ་རྩེའི་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་དང་གྲངས་འཛིན་ཡུལ་སྐོར་གསར་གཏོད་འཕེལ་རྒྱས་གླེང་སྟེགས་ཐོགགཞིས་ཀ་རྩེའི་ཡུལ་སྐོར་གཞི་གྲངས་ཆེན་མོའི་ལྟེ་གནས་ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་སྤེལ་བའི་ཚུལ་རེད།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།