ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་རང་སྐྱོང་ལྗོངས་ཀྱི་མི་སྒེར་གྱི་འཛད་སྤྱོད་དངུལ་བུན་ལྷག་གྲངས་འཕར་སྣོན་མངོན་གསལ་དོད་པོ་བྱུང་བ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-07-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ཀྱི་འཛད་སྤྱོད་ཁྲོམ་ར་སླར་གསོ་དང་འཕེལ་རྒྱས་ཡོང་བ་དང་ཆབས་ཅིག དངུལ་ཁང་ལས་རིགས་ཀྱིས་ལས་སྒོའི་གཙོ་གནད་དེ་བབ་བསྟུན་གྱིས་སིལ་ཚོང་ལས་སྒོའི་ཕྱོགས་སུ་ཁ་ཕྱོགས་པ་དང་། “སིལ་ཚོང་གསར་པ”ཕྱོགས་སྒྱུར་བྱེད་རིང་མི་སྒེར་གྱི་འཛད་སྤྱོད་དངུལ་བུན་དེ་དངུལ་ཁང་ལས་རིགས་ཀྱི་ནུས་ཤུགས་འདོན་སར་གྱུར་ཡོད། 

ཤེས་རྟོགས་བྱུང་བར་གཞིགས་ན། ཁོངས་གཏོགས་ཁུལ་གྱི་དངུལ་རྩའི་སྒྲིག་གཞི་ཁག་གིས་མི་དམངས་དངུལ་ཁང་ལྷ་སའི་ལྟེ་བའི་ཉིང་ལག་དངུལ་ཁང་གི་མཛུབ་ཁྲིད་འོག སྲིད་ཇུས་བྱེད་ཐབས་སྣ་ཚོགས་བཏོན་པ་དང་། བྱེད་སྒོ་རབ་དང་རིམ་པ་སྤེལ་བ། ཁྱད་ལྡན་ཐོན་རྫས་སྟོན་པ་བཅས་བྱས་ཏེ་འཛད་སྤྱོད་ལ་སྐུལ་འདེད་གཏོང་བར་དངུལ་རྩའི་འདེགས་སྐྱོར་བྱས་ཡོད། འདི་ལོའི་ལོ་སྟོད་དུ། བོད་རང་སྐྱོང་ལྗོངས་ཀྱི་མི་སྒེར་གྱི་འཛད་སྤྱོད་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་634.11ཟིན་པ་དེ་ལོ་སྟོད་ལས་སྒོར་དུང་ཕྱུར་61.58འཕར་ནས་10.67%འཕར་བ་དང་། ན་ནིང་གི་དུས་མཚུངས་ལས་སྒོར་དུང་ཕྱུར་86.36འཕར་ནས་15.77%འཕར་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།