ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱི་རིམ་ལྔའི་ནགས་དཔོན་རྩ་འཛུགས་མ་ལག་སྤྱིའི་ཆ་ནས་བཙུགས་ཟིན་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-07-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པར་བོད་རང་སྐྱོང་ལྗོངས་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། 2022ལོའི་ཟླ་5པའི་ཟླ་མཇུག་བར། བོད་ཡོངས་སུ་རིམ་ལྔའི་ནགས་དཔོན་རྩ་འཛུགས་མ་ལག་སྤྱིའི་ཆ་ནས་བཙུགས་ཟིན་ཞིང་། ནགས་དཔོན་ཁྱོན་35185ཡོད་པ་དེའི་ནང་རང་སྐྱོང་ལྗོངས་རིམ་པའི་ནགས་དཔོན་59དང་། ས་ཁུལ(གྲོང་ཁྱེར)རིམ་པའི་ནགས་དཔོན་313 རྫོང(ཆུས)རིམ་པའི་ནགས་དཔོན་2381 ཤང་དང་གྲོང་རྡལ་རིམ་པའི་ནགས་དཔོན་6819 གྲོང་ཚོ་རིམ་པའི་ནགས་དཔོན་25613བཅས་ཡོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། བོད་ཀྱི་རིམ་ཁག་ནགས་དཔོན་གྱིས་འགན་འཁྲིའི་ཁྱབ་ཁོངས་ནང་ནགས་རྩྭའི་ཐོན་ཁུངས་སྲུང་སྐྱོང་འཕེལ་རྒྱས་ལས་དོན་ལ་སྤྱི་འདོམས་བྱས་ནས། ནགས་རྩྭའི་ཐོན་ཁུངས་སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་དམིགས་ཚད་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ཡོད། ཡུལ་སྦྲེལ་འགན་གཙང་ལེན་མཁན་ནགས་དཔོན་གྱིས་ཡུལ་སྦྲེལ་འགན་གཙང་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་སླར་གསོའི་ལས་དོན་ལ་སྤྱི་འདོམས་བྱེད་རྒྱུའི་འགན་འཁུར་གྱི་ཡོད། ལྗོངས་ཡོངས་ཀྱིས་རང་སྐྱོང་ལྗོངས་ཀྱི་སྤྱི་ཁྱབ་ནགས་དཔོན་གཞོན་པས་རྫོང(ཆུས)བར་ཡུག་སྦྲེལ་འགན་གཙང་ལེན་པ་དང་། ས་ཁུལ(གྲོང་ཁྱེར)རིམ་པའི་ནགས་དཔོན་གྱིས་ཤང(གྲོང་རྡལ)བར་ཡུལ་སྦྲེལ་འགན་གཙང་ལེན་པ། རྫོང(ཆུས)རིམ་པའི་ནགས་དཔོན་གྱིས་སྲིད་འཛིན་གྲོང་ཚོ་བར་ཡུག་སྦྲེལ་འགན་གཙང་ལེན་པ། ཤང་དང་གྲོང་རྡལ་རིམ་པའི་ནགས་དཔོན་གྱིས་རང་བྱུང་གྲོང་ཚོ་བར་ཡུག་སྦྲེལ་འགན་གཙང་ལེན་པ། གྲོང་ཚོ་རིམ་པའི་ནགས་དཔོན་གྱིས་རི་རྩེ་དང་མུ་ཁའི་བར་ཡུག་སྦྲེལ་འགན་གཙང་ལེན་པ་བཅས་ཀྱི་རྩ་དོན་གཞིར་བཟུང་། རིམ་ཁག་ནགས་དཔོན་གྱི་ཡུག་སྦྲེལ་འགན་གཙང་གྱི་འགན་འཁྲིའི་ཁྱབ་ཁོངས་དབྱེ་ཡོད། 2022ལོའི་ཟླ་5པའི་ཟླ་མཇུག་བར། ལྗོངས་ཡོངས་ཀྱི་རིམ་ཁག་ནགས་དཔོན་གྱི་ཡུལ་སྦྲེལ་འགན་གཙང་གི་འགན་འཁྲིའི་ཁྱབ་ཁོངས་སྤྱིའི་ཆ་ནས་དབྱེ་ཟིན་པ་དང་། ནགས་རྩྭའི་ཐོན་ཁུངས་ཁྱོན་ཡོངས་ལ་ཁྱབ་པ་དང་འབྱུང་རྩ་ནས་དོ་དམ་སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་རྣམ་པ་ཞིག་རགས་ཙམ་ཆགས་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན། ནགས་དཔོན་ལམ་ལུགས་ལག་བསྟར་བྱས་པ་བརྒྱུད། བོད་ཀྱིས་ནགས་དཔོན་ལམ་ལུགས་དམ་འཛིན་བྱ་གཞིར་བྱས་ཏེ། “ནགས་དཔོན་ལམ་ལུགས”ཀྱིས“ནགས་དཔོན་བཅོས་སྒྲིག”ལ་སྐུལ་འདེད་བཏང་ནས། ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་འདུ་འགོད་དང་ནགས་ཚལ་ལྟ་སྐུལ་དག་ཐེར་སོགས་ཀྱི་གཙོ་གནད་ལས་དོན་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་འདུ་འགོད་དེ་ལྷ་ས་གྲོང་ཁྱེར་དང་ལྷོ་ཁ་གྲོང་ཁྱེར་གྱི་རྫོང(ཆུས)9ཡི་ཤང་དང་གྲོང་རྡལ་35དང་འབྲེལ་བ་ཡོད་པ་རེད། འཆར་འགོད་དུས་ཡུན་ནི་2021ལོ་ནས་2030ལོ་བར་ཁྱོན་ལོ་10རེད། 2030ལོར་ནགས་གསོ་མུའུ་ཁྲི་206.7དང་2022ལོར་ནགས་གསོ་མུའུ་ཁྲི་22.5ལེགས་སྒྲུབ་བྱེད་རྩིས་ཡོད་པ་རེད། 2022ལོའི་ཟླ་6པའི་ཟླ་དཀྱིལ་བར། རིམ་རྩིས་བྱས་ན་སྡོང་ཕྲུག་རྐང་ཁྲི་1000ལྷག་ཙམ་བཙུགས་པ་དང་། ལྕགས་དྲྭ་སྨི་ཁྲི་60བསྐོར་བ། ཞིང་ནང་དུ་མདོང་ལམ་སྨི་ཁྲི་280འདྲུད་པ། ལམ་སྤྱི་ལེ་60བཟོས་པ། ས་འོག་ཆུ་འདྲེན་སྒྲིག་བཀོད་ཚང་མ་འཛུགས་སྐྲུན་ལེགས་གྲུབ་ཟིན་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།