ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཉིང་ཁྲི་གྲོང་ཁྱེར་གྱིས་གྲོང་གསེབ་ཡུལ་སྐོར“རིག་ལྡན”ཅན་དུ་འགྱུར་བར་སྐུལ་འདེད་བཏང་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-07-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིང་ཁྲི་གྲོང་ཁྱེར་གྱིས་དམངས་ཀྱི་ཡུལ་སྐོར་དུས་རབས་ལ་སླེབས་པའི་གོ་སྐབས་བཟང་པོ་དམ་འཛིན་ཧུར་ཐག་བྱས་ནས་ཡུལ་སྐོར་རིག་ལྡན་ཅན་དུ་བསྒྱུར་བར་སྐུལ་འདེད་མྱུར་པོ་གཏོང་བ་དང་། རིག་ལྡན་ཡུལ་སྐོར་གྱི་ཆ་འཕྲིན་དང་། རིག་ལྡན་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། རིག་ལྡན་ཡུལ་སྐོར་ཐོན་རྫས་མཁོ་སྤྲོད་བཅས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་རིག་ལྡན་མཛེས་ལྗོངས་ཁུལ་གྱི་རིམ་སྤོར་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད།

མིག་མཐོང་ལག་ཟིན་གྱི་འབབ་འཕར་ཐབས་ལམ་རྒྱ་སྐྱེད་བཏང་བ།

ཟོག་འབྲེལ་དྲ་བ་དང་། གཞི་གྲངས་ཆེ་མོ། སྤྲིན་ཚོགས་རྩིས་རྒྱག མིས་བཟོས་རིག་ལྡན་སོགས་དེང་རབས་ཆ་འཕྲིན་གྱི་ལག་རྩལ་ཕྱོགས་བསྡུས་བེད་སྤྱོད་བྱས་ཏེ། སྲོལ་རྒྱུན་གྱི་གྲོང་གསེབ་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་སྟངས་དེ་དེང་རབས་ཞབས་ཞུའི་ལས་རིགས་ཀྱི་རྣམ་པར་འགྱུར་བར་སྐུལ་འདེད་བཏང་ནས་བྱེད་ནུས་འཐུས་སྒོ་ཚང་བ་དང་། བཀོལ་སྤྱོད་རྒྱ་ཆེ་བ། ཁྲོམ་ར་དང་འབྲེལ་བ་ཟབ་པ་བཅས་ཀྱི་གྲོང་གསེབ་ཡུལ་སྐོར་ཆ་འཕྲིན་ཅན་གྱི་ཞབས་ཞུའི་མ་ལག་རགས་ཙམ་ཞིག་ཆགས་ཡོད་པ་རེད།

ཞིང་འབྲོག་མང་ཚོགས་ཀྱི་ཁྱིམ་ཚང་མགྲོན་ཁང་གཉེར་སྐྱོང་དུད་ཁྱིམ་གྱིས་ལག་ཐོགས་ཁ་པར་གྱི་APPབརྒྱུད་དྲ་ཐོག་མངགས་ཐོར་ལྟ་ཐུབ་པ་དང་། འགྲུལ་ཁང་དོ་དམ། ཞིང་ཞོར་ཐོན་རྫས་ཕྱིར་ཚོང་བཅས་བྱས་ནས་འགྲུལ་རྒྱུན་འདྲེན་ཤུགས་ཆེ་རུ་བཏང་བ་དང་། ཡུལ་སྐོར་བར་ཟས་རིགས་དང་སྡོད་ཁང་གནད་སྨིན་འཚོལ་བ་དང་ཡུལ་ཟོག་ཐོན་རྫས་ཉོ་བ་སོགས་ཀྱི་འབྲེལ་ཡོད་ཆ་འཕྲིན་མཁོ་འདོན་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་ཕྱིར་ཚོང་ཐབས་ལམ་རྒྱ་ཆེར་གཏོང་རོགས་བྱས་ཤིང་། ཞིང་འབྲོག་མང་ཚོགས་དང་ཡུལ་སྐོར་བའི་དབར་འབྲེལ་ཟམ་བཙུགས་ཏེ་གྲོང་གསེབ་ཀྱི་ཡུལ་སྐོར་ཐོན་རྫས་དྲ་ཐོག་ཏུ་འཁོར་རྒྱུག་ཡག་པོ་ཡོང་བར་སྐུལ་འདེད་དང་། གྲོང་གསེབ་ཀྱི་ཡུལ་སྐོར་ཐོན་རྫས་མཁོ་སྤྲོད་ནུས་ལྡན་ཐུབ་རྒྱུར་སྐུལ་འདེད། གྲོང་གསེབ་ཀྱི་ཡུལ་སྐོར་ཐོན་ལས་རིམ་སྤོར་འཕེལ་རྒྱས་ཀྱི་སྒུལ་ནུས་གསོག་འཇོག་བཅས་བྱས་ནས་མང་ཚོགས་དེ་བས་མང་བར་ཡུལ་སྐོར་གྱི་ཡོང་འབབ་རག་པ་དང་ཕྱུག་འགྱུར་ལམ་བུར་སྐྱོད་ཐུབ་པ་བྱས་ཡོད།

ཡུལ་སྐོར་གྱི་ནང་དོན་ཕུན་སུམ་ཚོགས་སུ་བཏང་བ།

ཉིང་ཁྲི་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱིས་2017ལོ་ནས་བཟུང《ཉིང་ཁྲིའི་ས་ཁོངས་རིག་གནས་དཔེ་ཚོགས》གཞི་འཛིན་སར་བྱས་ནས《ཉིང་ཁྲི་གྲོང་ཁྱེར་གྱི་ཡུལ་སྐོར་སྣེ་ཤན་པའི་ཤེས་བྱ་ཀུན་བཏུས》རྩོམ་སྒྲིག་བྱེད་འགོ་བཙུགས་པ་རེད།

2019ལོར་མི་དམངས་དཔེ་སྐྲུན་ཁང་གིས《ཉིང་ཁྲི་གྲོང་ཁྱེར་གྱི་ཡུལ་སྐོར་སྣེ་ཤན་པའི་ཤེས་བྱ་ཀུན་བཏུས(རྒྱ་ཡིག་དཔར་མ)》དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དང་། 2021ལོར་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དཔེ་རྙིང་དཔེ་སྐྲུན་ཁང་གིས《ཉིང་ཁྲི་གྲོང་ཁྱེར་གྱི་ཡུལ་སྐོར་སྣེ་ཤན་པའི་ཤེས་བྱ་ཀུན་བཏུས(བོད་ཡིག་དཔར་མ)》དཔེ་སྐྲུན་བྱས་པ་རེད། 《ཉིང་ཁྲི་གྲོང་ཁྱེར་གྱི་ཡུལ་སྐོར་སྣེ་ཤན་པའི་ཤེས་བྱ་ཀུན་བཏུས》ཞེས་པ་དེ་ཡུལ་སྐོར་སྣེ་ཤན་པའི་ཤེས་བྱའི་ཁྱད་ཆོས་དང་མཐུན་པ་དང་། ངོ་སྤྲོད་ཀྱི་ནང་དོན་གནད་ལ་འཁེལ་ལ་གསོན་ཉམས་དོད་པ། དབང་གྲགས་རང་བཞིན་དང་ཆེད་ལས་རང་བཞིན་ཆེན་པོ་ལྡན་པས་ལྟ་སྐོར་གནས་བཤད་ཀྱི་ནུས་པ་ཐོན་པ་དང་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣའི་གདེང་འཇོག་བཟང་པོ་ཐོབ་པ་མ་ཟད། རྒྱ་ཆེའི་ཡུལ་སྐོར་བས་དགའ་པོ་བྱེད་ཀྱི་ཡོད་པ་རེད།

ཞབས་འདེགས་ཞུ་སྟངས་ལེགས་སུ་བཏང་བ།

སྔ་རྗེས་སུ་དུས་ཐེངས་གཉིས་ནང་ལྗོངས་ཡོངས་ཀྱི་རིག་ལྡན་ཡུལ་སྐོར་སྣེ་ཤན་པའི(ངག་ཐོག་འགྲེལ་བཤད)མ་ལག་ཐོག་མ་དེ་བསྐྲུན་ཟིན་པ་དང་གྲོང་ཁྱེར་ཡོངས་སུ་ས་ཚིགས་516བཙུགས་པ་དང་ཉིང་ཁྲི་གྲོང་ཁྱེར་གྱི་མཛེས་ལྗོངས་ཁུལ་88ལ་ཁྱབ་ཡོད་པ་རེད། ཡུལ་སྐོར་བས་ས་གནས་ས་ཐོག་ནས་སྐད་འཕྲིན་གྱི་རྩ་གཉིས་ཨང་རྟགས་བཤེར་བའམ་ཡང་ན་ཉིང་ཁྲི་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱི་གཞུང་ཕྱོགས་སྐད་འཕྲིན་བརྒྱུད་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་ལམ་ཐིག་གི་ཁྲིད་སྟོན་ཞབས་ཞུ་རིན་མེད་སྤྱོད་ཆོག་གི་ཡོད་པ་རེད། ཡུལ་སྐོར་བས་ལག་ཐོགས་ཁ་པར་བརྒྱུད་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་ལམ་ཐིག་ཕྱོགས་སྟོན་མངོན་འགྱུར་ཐུབ་པ་མ་ཟད། མིག་སྔའི་མཛེས་ལྗོངས་ཁུལ་གྱི་གནས་ཡུལ་དབྱེ་འབྱེད་བྱ་རྒྱུར་སྟབས་བདེ་ཡང་བསྐྲུན་ཡོད་པ་རེད།

མིག་སྔར་རིག་ནུས་ཡུལ་སྐོར་དེ་ཉིང་ཁྲིའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གསར་པ་དང་སྒུལ་ནུས་གསར་པ་གལ་ཆེན་ཞིག་ཏུ་གྱུར་ཡོད། གོམ་སྟབས་རྗེས་མར་ཉིང་ཁྲི་གྲོང་ཁྱེར་གྱིས་རིག་ལྡན་ཡུལ་སྐོར་ཁོངས་གཏོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་བཏང་སྟེ། སྲོལ་རྒྱུན་གྱི་ཡུལ་སྐོར་ཐོན་ཁུངས་དང་དེང་རབས་ཀྱི་ཆ་འཕྲིན་ཐོན་ཁུངས་མ་ལག་བསྡུ་སྒྲིལ་དང་གསར་སྤེལ་གཏིང་ཟབ་དང་བེད་སྤྱོད་ཧུར་ཐག་བྱས་ནས། ཚན་རྩལ་ལ་བརྟེན་ནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་དང་གསར་གཏོད་བྱས་ཏེ་ཡུལ་སྐོར་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། ཉིང་ཁྲིས་བོད་ལྗོངས་སྒོ་དབྱེའི་སྔོན་བསྟར་ཁུལ་བསྐྲུན་རྒྱུ་དང“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”སྐུལ་འདེད་གཏོང་ཆེད། ཡུལ་སྐོར་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཏེ་ཕུལ་བྱུང་གི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།