ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཉིང་ཁྲི་གྲོང་ཁྱེར་གྱི་ཤང་དང་གྲོང་རྡལ་འཕྲོད་བསྟེན་ཁང་གིས“གཅིག་འཐུས་རྣམ་པའི་འཛིན་རྐྱང་ལམ་ལུགས”ཀྱི་འགྲོ་གྲོན་རྩིས་རྒྱག་མ་ལག་སྤྱོད་འགོ་ཚུགས་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-07-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཤང་དང་གྲོང་རྡལ་གྱི་སྨན་བཅོས་འགན་བཅོལ་ཆ་འཕྲིན་ཅན་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་གི་སྨན་བཅོས་འགན་སྲུང་ཞབས་ཞུའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་ཆེད། ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་གྱི་ཤང་དང་གྲོང་རྡལ་འཕྲོད་བསྟེན་ཁང་གི“གཅིག་འཐུས་རྣམ་པའི་འཛིན་རྐྱང་ལམ་ལུགས”ཀྱི་འགྲོ་གྲོན་རྩིས་རྒྱག་མ་ལག་བྲག་ཡིབ་ཆུས་བྲག་ཡིབ་གྲོང་རྡལ་དུ་དངོས་སུ་སྤྱོད་འགོ་ཚུགས་པ་རེད།

མ་ལག་དེ་སྤྱད་རྗེས། ཤང་དང་གྲོང་རྡལ་གྱི་མང་ཚོགས་ཀྱིས་ཐོབ་ཐང་ལག་ཁྱེར་རམ་སྤྱི་ཚོགས་འགན་སྲུང་གཱའམ་ཡང་ན་སྨན་བཅོས་འགན་བཅོལ་གྱི་གློག་རྡུལ་འཛིན་ཡིག་འཁྱེར་ཏེ། ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་ནས་སྒོ་བསྟེན་སྨན་ཉོ་བ་དང་། སྒོ་བསྟེན་ནད་བརྟག་སྨན་བཅོས། སྤྱི་འདོམས་འགྲོ་སོང་རྩིས་ཞུ་སོགས་ཀྱི་ལས་སྒོ་དེ་གཉེར་ཆོག མ་ལག་དེས་སྨན་བཅོས་འགྲོ་གྲོན་རྩིས་ཞུའི་བརྒྱུད་རིམ་སྟབས་བདེ་རུ་སོང་ནས“ཁྱིམ་གྱི་སྒོ་རྩར”དུས་ཐོག་ཏུ་འགྲོ་གྲོན་རྩིས་ཞུ་ཐུབ་ནས། བྲག་ཡིབ་ཆུས་ཀྱི་ཤང་དང་གྲོང་རྡལ་ཁག་གི་མང་ཚོགས་ལ་དེ་བས་སྟབས་བདེ་དང་། ལས་ཕྱོད་ཆེ་བ། སྤུས་ལེགས་བཅས་ཀྱི་ཞབས་འདེགས་ཞུ་ཐུབ་པ་དང་སྨན་བཅོས་འགན་བཅོལ་གྱི་འགྲོ་སོང་རྩིས་ཞུའི“མཐའ་མའི་འགག་གནད”བསལ་ཏེ་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་དེ་བས་ཆེ་རུ་ཕྱིན་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།