ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

རང་བྱུང་ཁམས་ལ་གཅེས་སྤྲས་ཀྱིས། དམངས་སྲོལ་རིག་གནས་ཉམས་སུ་མྱོང་།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-07-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

—— ཁྲེང་ཀོན་ཆུས་མངའ་ཁོངས་ཀྱི་དོག་སྡེར་སྐྱོད་པ།

28134d22-7130-452c-9ada-74a132833d14.jpg

པར་འདི་ནི་འོལ་པ་གྲོང་ཚོས་སྐྱེ་ཁམས་སླར་གསོའི་ལས་གྲྭ་ལག་ལེན་བསྟར་བཞིན་པ།

920445aa-0e33-4af0-83be-c6d3ab4a4870.jpg

པར་འདི་ནི་འོལ་པ་གྲོང་ཚོའི་གླིང་འཛོམས་ཚོགས་ཆུང་གི་རྣམ་པ་གསར་པ་ཡིན་པ།

35b1e333-7888-4fd1-88cd-ce304c1ef875.jpg

པར་འདི་ནི་སྐྲུན་བཞིན་པའི་དོག་སྡེ་གློག་ཁང་ཡིན་པ།

96e8e726-6651-40b8-9c33-10251530647d.jpg

པར་འདི་ནི་གྲོང་མིས་ཤིང་འབྲས་ཧྲུའུ་མའེ་ལ་གཡོག་བྱེད་བྱེད་བཞིན་པ།

fbbeddda-fe03-4a1b-b1a2-b4ff55468627.jpg

པར་འདི་ནི་འོལ་པ་གྲོང་ཚོའི་ཏང་ཡོན་གྱི་མཉམ་པར་ཡིན་པ།

47f3e100-32fe-4ddc-a2d8-cd8d93cce11a.jpg

པར་འདི་ནི་འོལ་པ་གྲོང་ཚོའི་སྐྱེ་འཚར་ལེགས་པའི་ཤིང་འབྲས་ཧྲུའུ་མའེ་ཡིན་པ།

efa15ba2-7354-4db5-a358-58837cb15f67.jpg

པར་འདི་ནི་དོག་སྡེའི་རྣམ་པ་ཡིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལྷ་སའི་བྱང་འདབས་སུ་གནས་པའི་དོག་སྡེའི་ཡིད་དབང་འཕྲོག་ཤུགས་སྐོར་གླེང་སྐབས། དེ་གར་འུན་ཤིང་ཀོང་ཇོའི་ཞབས་རྗེས་ཡོད་པ་ཕུད། ད་དུང“ལྷ་སའི་རི་མཐོ་ཤོས་ཡོད་པ་མ་ཟད། སྔོན་མའི་བོད་ཀྱི་ཆུ་ཤུགས་གློག་ཁང་ཐོག་མ་དང་བོད་ཀྲམ་བཟོ་གྲྭ་ཐོག་མ་དེ་ཡང་འདི་གར་བསྐྲུན་མྱོང་ཡོད། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་དེང་གི་དུས་སུ། འདི་གར་བོད་ལྗོངས་ཆུ་འཐག་རིག་གནས་ཉམས་ལེན་ལྟེ་གནས་དང་། འབྲོག་དུད་སྤྲོ་སྐྱིད་ཁང་། སེམས་རྩ་འཁོལ་བའི་བོད་ཁྱིམ་སོགས་ཀྱི་མིང་བྱང་གསར་པ་བསྣན་པས། ལུང་ཤུར་དེས་མི་རྣམས་ཀྱི་ཡིད་དབང་རབ་ཏུ་འཕྲོག

དོག་སྡེའི་འོལ་པ་གྲོང་ཚོ་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བྱང་ཤར་ཕྱོགས་སུ་གནས་པ་དང་གྲོང་ཁྱེར་ལྟེ་གནས་དང་བར་ཐག་སྤྱི་ལེ་7ཡོད། སྟབས་བདེ་བའི་འགྲིམ་འགྲུལ་དང་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་ཀྱིས་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་གཏོང་བར་ཆ་རྐྱེན་བཟང་པོ་བསྐྲུན་ཡོད།

ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱིས་ལྷོ་རི་དང་བྱང་རིའི་སྔོ་འགྱུར་ལས་གྲྭ་ལག་བསྟར་ཤུགས་ཆེན་བྱས་པ་བརྒྱུད། གནའ་བོའི་ཀེའུ་ཚང་རིར་སྒྲོན་ཤིང་དང་། སྤྲིན་གསོམ། ཡོ་འབོག་སོགས་སྡོང་ཕྲུག་ཁྲི་ཕྲག་མང་པོ་སྐྱེ་འཚར་ཡག་པོ་བྱུང་བ་དང་། ལི་ཤིའི་མེ་ཏོག་དང་རྒྱ་སེ་མེ་ཏོག་སོགས་དུས་ཚིགས་མི་འདྲ་བར་རབ་ཏུ་བཞད་ཅིང་། རི་རྩེར་ཆུ་འདྲེན་པ་དང་ས་དང་སྡོང་ཕྲུག་སྒལ་པར་དབོར་བས་ལྗང་མདོག་གི་བར་ཁྱམས་ཤིག་ཆགས་ཡོད། ལག་ལེན་བསྟར་བཞིན་པའི་ས་ཆུ་སྲུང་འཛིན་ལས་གྲྭའང་ལས་མཇུག་འགྲིལ་ཉེར་ཡོད་པས་མང་ཚོགས་ཀྱི་སེམས་ཁྲལ་སེལ་བ་མ་ཟད། མཐའ་འཁོར་གྱི་ཁོར་ཡུག་ཀྱང་སྔར་བས་མཛེས་སུ་ཕྱིན་ཡོད།

“དེ་སྔ་ང་ཚོ་འོལ་པ་གྲོང་ཚོའི་གྲོང་མི་བྱེ་རྡོ་སྔོག་ནས་འཚོ་ཐབས་བྱེད་པ་ལས་སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་ཚབས་ཆེན་ཕོག་ནས་མཐའ་འཁོར་གྱི་རི་ཚང་མ་བྱེ་རྡོས་ཁེངས་ཏེ་སྐྱ་ཐེར་ཐེར་དུ་གྱུར་པས་རླུང་བུ་ལྡང་སྐབས་ཐལ་རྡུལ་གྱིས་ལུང་པ་ཚང་མ་ཁེངས་ཀྱི་རེད”ཅེས་གྲོང་མི་ཚེ་ཆོས་ཀྱིས་དྲན་གསོ་བྱེད་བཞིན་བཤད། ད་ཆ་ཚང་མས་བྱེ་རྡོ་སྔོག་འདོན་གྱི་ལག་ཆ་བསྐྱུར་ནས་ཤིང་འཛུགས་ནགས་སྲུང་ལས་ལ་གཞོལ་བས་ཡུལ་མི་དེ་བས་མང་བར་སྐྱེ་ཁམས་དང་ཡུལ་སྐོར་གྱི་ཡོང་འབབ་རག་པ་དང་ཆབས་ཅིག་གྲོང་ཚོའི་ཁོར་ཡུག་ཀྱང་ཇེ་ལེགས་སུ་སོང་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་འབྲས་བུ་ལས་གྲོང་ཚོ་ཡོངས་ཀྱི་མང་ཚོགས་ལ་ཕན་པ་ཐོབ་ཡོད།

དབྱར་དུས་ནི་གླིང་ཁ་གཏོང་བའི་དུས་ཚིགས་ཡག་ཤོས་རེད། འོལ་པ་གྲོང་ཚོར་གླིང་ཁ་དང་སྤྲོ་གསེང་དུ་ཡོང་མཁན་ཧ་ཅང་མང་པོ་ཡོད་པས་འཁྲུག་ཆ་ཤིན་ཏུ་དོད། གླིང་ཁར་འཛུལ་སྐབས་ལྗོན་ཤིང་སྟུག་པོ་དང་། དྭངས་གཙང་གི་ཆུ་མོ་ཤང་ཤང་དུ་རྒྱུག་པ། མེ་ཏོག་རབ་ཏུ་བཞད་པ། དྲོད་ཚད་སྙོམས་པ། ད་དུང་མིག་ལ་མཛེས་པའི་གུར་སོགས་རབ་ཏུ་མཛེས་པའི་ཁོར་ར་ཁོར་ཡུག་ཁྲོད་མི་རྣམས་བག་ཕེབས་ངང་དབྱར་དུས་ཀྱི་གླིང་ཁར་རོལ་བཞིན་མཆིས། མིག་སྔར་འོལ་པ་གྲོང་ཚོར་གླིང་ཁ་ཆེ་ཆུང་སྣ་ཚོགས་བསྡོམས་25ཡོད་པའི་ཁྲོད་དྲ་ཐོག་སྐད་གྲགས་ཆོད་པའི་གླིང་ཁ་མང་པོ་ཡོད། དུས་ཆེན་དང་ངལ་གསོའི་སྐབས་སུ་གླིང་ཁ་གཏོང་མཁན་གྱིས་ཁེངས་ནས་འཁྲུག་ཆ་ཤིན་ཏུ་དོད།

གྲོང་ཚོའི་ནང་ལོ་རྒྱུས་རྗེས་ཤུལ་ཕུད་འོལ་པ་གྲོང་ཚོས་ད་དུང་མཐའ་འཁོར་གྱི་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས་རི་ཐང་བྲག་འཛེག་དང་རྐང་ཐང་ཡུལ་སྐོར་སོགས་ཁང་ཕྱིའི་བྱེད་སྒོ་བཏོད་པས། ཡུལ་སྐོར་དང་སྤྲོ་གསེང་དུ་ཡོང་མཁན་མང་པོ་ཡོད།

འོལ་པ་གྲོང་ཚོའི་གླིང་འཛོམས་ཚོགས་ཆུང་ནི་དོག་སྡེའི་མངའ་ཁོངས་ཀྱི་འབྲོག་ལས་རྐྱང་པའི་ཚོཌ་ཆུང་འབའ་ཞིག་རེད། ཞག་སྡོད་དང་། ལྗོངས་ལྟ། སྤྲོ་གསེང་། རོལ་རྩེད་བཅས་གཞི་གཅིག་ཏུ་བསྡུས་པའི“སེམས་རྩ་འཁོལ་བའི་བོད་ཁྱིམ”དམངས་སྲོལ་ཡུལ་སྐོར་གྲོང་ཚོའི་འཛུགས་སྐྲུན་རྣམ་གྲངས་མིག་སྔར་ལས་མཇུག་འགྲིལ་ནས་མཐའ་མའི་གྲ་སྒྲིག་ལས་དོན་སྒྲུབ་བཞིན་ཡོད་པ་དང་སྔོན་དཔག་བྱས་ན་ཉེ་དུས་གཉེར་སྐྱོང་བྱེད་འགོ་ཚུགས་རྒྱུ་ཡིན་ཞིང་། སྐབས་དེ་དུས་གྲོང་མི་དང་ཡུལ་སྐོར་བས་ཁྲེང་ཀོན་ཆུས་སུ་འབྲོག་ཁུལ་གྱི་རིག་གནས་ཉམས་སུ་མྱོང་ཆོག

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།