ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

མངའ་རིས་ས་ཁུལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་བཏོད་པར་སྐུལ་འདེད་ཏན་ཏིག་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-07-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། བོད་ལྗོངས་མངའ་རིས་ས་ཁུལ་གྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་བཏོད་པའི་ཁྲོད་སྔོན་ཐོན་ཆེད་དོན་ཚན་ཆུང་འཛུགས་རྒྱུ་བརྩོན་ལེན་ཧུར་ཐག་བྱས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཐོག་མཐའ་བར་གསུམ་དུ་བརྟན་པོར་འཛུགས་པ་གཙོ་རྐང་དུ་བྱེད་པ་དང་། དམིགས་ཚད་སྟོན་ཕྱོགས་དང་གནད་དོན་སྟོན་ཕྱོགས། མཇུག་འབྲས་སྟོན་ཕྱོགས་བཅས་རྒྱུན་འཁྱོངས་བྱས་ཏ། མངའ་རིས་ས་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་བཏོད་པའི་ལས་དོན་ལ་སྐུལ་འདེད་གཏོང་བར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།

མངའ་རིས་ས་ཁུལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་བཏོད་པའི་ལས་དོན་ལ་མཐོང་ཆེན་བྱས་ཏེ། དུས་ཐོག་ཏུ་མགོ་ཁྲིད་ཚན་ཆུང་བཙུགས་པ་དང་བཀོད་སྒྲིག་ཞིབ་ཚགས་བྱས་ནས་ལྟ་སྐུལ་མཛུབ་སྟོན་དང་འགྲོ་གྲོན་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་། ལམ་ལུགས་ལ་བརྟེན་ནས་མི་དང་བྱ་བ། དངོས་པོ་བཅས་ལ་དོ་དམ་བྱ་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། ཆེད་གཉེར་འཛིན་གྲྭ་འཛུགས་པ་དང་། ཇུས་གཞི་སྒྲིག་བཟོ། བཀའ་ཞུ་སྙན་ཞུ་འབུལ་བ་སོགས་ཀྱི་བྱེད་ཐབས་བརྒྱུད། “གཟའ་འཁོར་རེར་ཞིབ་འཇུག་དང་། ཟླ་རེར་བཀོད་གཏོང་། དུས་ཚིགས་རེར་སྙན་ཞུ། ལོ་ཕྱེད་ལ་ཕྱོགས་སྡོམ། ལོ་རེར་དཔྱད་ཞིབ”བཅས་ཀྱི་ལས་དོན་ལམ་སྲོལ་བཙུགས་ཏེ། དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ནས་ལྷོད་གཡེང་དུ་མི་གཏོང་བ་དང་། ལོ་ལྔའི་དམིགས་འབེན་དང་ལས་འགན་སྔར་བས་ཁ་གསལ་ཡོང་བར་བྱས། 2025ལོར་སླེབས་སྐབས། རྫོང་བདུན་གྱིས100%ཡིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་རྫོང་དང་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་རྫོང་དུ་བཏོད་པ་དང་། 80%ཡི་ཏང་སྲིད་ལས་ཁུངས་དང་ཁེ་ལས་དང་བྱ་གཞག་སྡེ་ཚན། མི་དམངས་ཚོགས་པ་བཅས་ས་ཁུལ་དང་རྫོང་རིམ་པ་གཉིས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་སྡེ་ཚན་དུ་འཛུགས་པ། “སྤེལ་བ་དགུའི”ལས་དོན་སྲ་བརྟན་དང་གཏིང་ཟབ་ཏུ་བཏང་སྟེ། མངའ་རིས་ས་ཁུལ་གྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་གཏོད་པའི་ཁྲོད་སྔོན་ཐོན་ལས་དོན་གྱི་ཁྱད་ལྡན་བཀྲག་མདངས་འཚེར་ས་བཏོད་ཡོད། གཞན་ཡང་། ཚོགས་འདུ་འཚོགས་པ་དང་གཅིག་སྡུད་སྒྲོག་འགྲེལ་བྱས་ཏེ་ས་ཁུལ་ཡོངས་ཀྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་བཏོད་པའི་ཁྲོད་སྔོན་ཐོན་བརྩོན་ལེན་བྱེད་པའི་ལས་དོན་ཁག་ལ་སྐུལ་འདེད་བརྟན་པོ་བཏང་སྟེ། “ཟླ་གསུམ་པའི་ཁྲིམས་སྐྱོང་དྲིལ་སྒྲོག་ཟླ་བ”གོ་སྐབས་སུ་བྱས་ནས། མི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་ནང་དོན་ལ་གོ་བ་གཏིང་ཟབ་བླངས་ནས། “ངོས་ལེན་ལྔ”སྔར་བས་ཆེ་རུ་བཏང་བ་རེད།

རྗེས་མར། མངའ་རིས་ས་ཁུལ་གྱིས་གཞི་རིམ་དང་འཐབ་ས་དང་པོར་བསྐྱོད་ནས་བརྟག་དཔྱད་ཞིབ་འཇུག་བྱེད་པ་དང་། ལྟ་སྐུལ་མཛུབ་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཞི་རིམ་གྱི་ཉམས་མྱོང་བཟང་པོ་དང་བྱེད་སྟངས་ཕྱོགས་སྡོམ་དང་ཁྱབ་གདལ་གཏོང་བ། སྔོན་ཐོན་དཔེ་མཚོན་གཏོད་པའི་ལས་དོན་ལ་ཤུགས་སྣོན་རྒྱག་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་གཏོད་པའི་ལས་དོན་གྱི་མ་དངུལ་ཡག་པོ་སྤྱོད་པ། ས་ཁུལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་གཏོད་པའི་ལས་དོན་ཏན་ཏིག་སྤེལ་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་གཏོད་པའི་ཁྲོད་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། ཕུལ་བྱུང་རྒྱུགས་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་བ་རྒྱལ་ཁའི་ངང་འཚོག་པར་བསུ་མ་བྱ་རྒྱུ་རེད། ། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།