ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱི་ལོ་རྒྱུས་དང་རིག་གནས་དྲིལ་བསྒྲགས་དང་འགྲེམས་སྟོན་ཡག་པོ་བྱེད་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-07-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

—— བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་ཏང་ཨུད་ཀྱི་ཧྲུའུ་ཅི་ལྷག་པ་ཚེ་རིང་ལ་བཅར་འདྲི་བྱས་པ།

དུས་ཡུན་ལོ་5ཙམ་འགོར་བའི་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་བསྐྱར་སྐྲུན་རྒྱས་སྐྲུན་གྱི་ལས་གྲྭ་དང་གྲབས་འཛུགས་ཀྱི་ལས་དོན་ཁག་བདེ་བླག་བྱུང་བ་དང་ཕན་འབྲས་ཆེ་བའི་སྐུལ་འདེད་བཏང་མཐར་རྟེན་རྫས་བཤམས་མཛོད་ཁང་གསར་པ་སྒོ་ཕྱེ་ལ་ཉེ་བའི་མཚམས་སུ། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་ཏང་ཨུད་ཀྱི་ཧྲུའུ་ཅི་ལྷག་པ་ཚེ་རིང་གིས་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གསར་པའི་རིག་གནས་བསམ་བཀོད་ཐོན་རྫས་དང་། བདེ་སྲུང་གི་ལས་དོན། རིག་དངོས་ཚན་རྩལ་སྲུང་སྐྱོང་ལས་དོན་སོགས་སྐོར་ལ་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱས་པ་རེད།

“བདེ་སྲུང་ལས་དོན་ནི་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་རིག་དངོས་བདེ་འཇགས་འགན་ལེན་གྱི་འགག་སྒོ་དང་པོ་ཡིན་པས། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གིས་ཉར་ཚགས་དངོས་རྫས་ཀྱི་བདེ་འཇགས་དང་སྤྱི་པའི་བདེ་འཇགས་དང་འབྲེལ་བ་ཡོད་པའི་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་ཆེན་པོ་བརྒྱབ་ནས་རིག་དངོས་བདེ་འཇགས་ལས་དོན་གྱི་འགོ་ཁྲིད་སྒྲིག་གཞི་སྒྲིག་འཛུགས་བྱས་ནས་བཙུགས་པ་དང་། ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་པའི་འཕྲལ་སྡོམ་སྔོན་ཇུས་དང་། སྤྱི་པའི་འཕྲོད་བསྟེན་གྱི་འཕྲལ་སྡོམ་སྔོན་ཇུས། ཡུལ་སྐོར་བ་མང་དྲགས་པར་ཁ་གཏད་གཅོག་པའི་འཕྲལ་སྡོམ་སྔོན་ཇུས་བཅས་བཟོས་པ་མ་ཟད། མེ་ཟོན་གྱི་སྒྲིག་ཆས་སྣ་ཚོགས་སྒྲིག་སྦྱོར་དང་མེ་ཟོན་རུ་མིའི་དཔུང་ཁག་སྟོབས་ཆེར་བཏང་བས་བདེ་འཇགས་དང་མེ་ཟོན་གྱི་ཆེད་ལས་པའི་གྲངས་འབོར་50ཡང་མ་ཟིན་པ་ནས་100ལྷག་ཙམ་བར་མང་དུ་སོང་ཡོད་ལ། གཟའ་འཁོར་རེར་མེ་ཟོན་ནང་སྦྱོང་བྱས་ནས་རྟེན་རྫས་བཤམས་མཛོད་ཁང་གསར་པའི་བདེ་འཇགས་དང་མེ་ཟོན་གྱི་ལས་དོན་འགན་ལེན་ནུས་ལྡན་བྱས་ཡོད”ཅེས་ལྷག་པ་ཚེ་རིང་གིས་བཤད།

“རྟེན་རྫས་བཤམས་མཛོད་ཁང་ནི་རིག་དངོས་ཉར་ཚགས་དོ་དམ་དང་། སྒྲིག་གཤོམ། ཞིབ་འཇུག་བཅས་བྱ་ཡུལ་གལ་ཆེན་ཞིག་ཡིན། 2014ལོར‘རྒྱལ་ཁབ་རིག་དངོས་ཅུས་ཀྱི་ཚན་རིག་ཞིབ་འཇུག་རྟེན་གཞི་གལ་ཆེན་ཏེ། བོད་ལྗོངས་མཉམ་འབྲེལ་ལས་དོན་ས་ཚིགས’ཞེས་པ་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་ལ་དངོས་སུ་སྒོ་བྱང་བཀལ་ནས་བཙུགས་པ་དང་། དེའི་གཤམ་འོག་ཏུ་ཐང་གའི་ལས་དོན་ཁང་དང་ཤོག་བུའི་རིག་དངོས་ཉམས་གསོའི་ལས་དོན་ཁང་བཙུགས་ཡོད། དེ་དང་ཆབས་ཅིག་ཏུ། 2014ལོ་ནས་བཟུང་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གིས་ཀྲུང་གོའི་དར་གོས་རྟེན་རྫས་བཤམས་མཛོད་ཁང་དང་། རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་། ཧྲང་ཧའེ་རྟེན་རྫས་བཤམས་མཛོད་ཁང་བཅས་དང་མཉམ་དུ་སྔ་རྗེས་སུ་འགྲེམས་ཁང་གི་ཉར་ཚགས་རིག་དངོས་ཉམས་གསོའི་མཉམ་ལས་རྣམ་གྲངས་ལག་ལེན་བསྟར་ཏེ། “ཉམས་གསོར་བརྟེན་ནས་གསོ་སྦྱོང་བྱེད་པའི”གསོ་སྦྱོང་བྱེད་སྟངས་བརྒྱུད་ཆེད་ལས་ཀྱི་རིག་དངོས་ཉམས་གསོའི་ལས་དོན་པ་ཁག་གཅིག་གསོ་སྐྱོང་བྱས་ཤིང་། རིག་དངོས་ཉམས་གསོའི་འབྲེལ་ཡོད་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་དང་ལག་ལེན་དུ་སྤྱོད་ཐབས་ཁོང་དུ་ཆུད་རྗེས། ལས་དོན་པས་རིམ་པ་བཞིན་འགྲེམས་ཁང་གི་ཉར་ཚགས་རིག་དངོས་ཉམས་གསོའི་ལས་ཀ་བྱེད་འགོ་བཙུགས་ཡོད”ཅེས་ལྷག་པ་ཚེ་རིང་གིས་བཤད། ཁོང་གིས་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གིས་བཙུགས་པའི་ས་ཁོངས་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་རིག་དངོས་སྲུང་སྐྱོང་སྒྲིག་གཞིར་བརྟེན་ནས་རང་ལྗོངས་ཀྱི་རིག་དངོས་སྔོན་འགོག་དང་མྱུར་སྐྱོབ་ཀྱི་ཞིབ་འཇུག་དང་ཉམས་གསོའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ། ལྗོངས་ཡོངས་ཀྱི་རིག་དངོས་ལ་ཚན་རྩལ་ཐོག་ནས་སྲུང་སྐྱོང་བྱེད་པའི་ལས་དོན་ལ་ལག་རྩལ་གྱི་འདེགས་སྐྱོར་དང་ཞབས་ཞུའི་ལས་སྟེགས་མཁོ་འདོན་བྱ་རྒྱུ་རེད་ཅེས་བརྗོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།