ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱིས“ཡིད་རྟོན་སླར་གསོའི”ཟང་ཟིང་གི་རྣམ་པར་ཆེད་དོན་བཅོས་སྒྲིག་བྱས་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-07-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པར་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས་སྒྲིག་འཛུགས་བྱས་ནས་སྤེལ་བའི་6·14ཡིད་རྟོན་དོ་ཁུར་ཉིན་མོའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་ནས་ཤེས་རྟོགས་བྱུང་བར། ཟླ་3པའི་ཟླ་མཇུག་ཏུ་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས་ཁོངས་གཏོགས་ཁུལ་ནང་གི་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞི་སྒྲིག་འཛུགས་བྱས་ཏེ་བོད་ཀྱི་ཁོངས་གཏོགས་ཁུལ་གྱི“ཡིད་རྟོན་སླར་གསོའི”ཟང་ཟིང་གི་རྣམ་པར་ཆེད་དོན་བཅོས་སྒྲིག་བྱེད་པའི“ཉིན་བརྒྱའི་བྱ་སྤྱོད”སྤེལ་འགོ་ཚུགས་པ་དང་ཆབས་ཅིག་རང་སྐྱོང་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་དོན་ཁང་དང་། སྤྱི་བདེ་ཐིང་། ཁྲོམ་ར་ལྟ་འདོམས་ཅུས་བཅས་མཉམ་དུ་ཞུགས་ཏེ་གྲལ་བཤེར་གཏིང་ཟབ་བྱས་ནས་ཁུངས་སྣེ་འཚོལ་བ་དང་། ཐབས་མང་སྤྱད་དེ་བཅོས་སྒྲིག་བྱེད་པ། དྲིལ་བསྒྲགས་རྒྱ་ཁྱབ་བྱས་ནས་ཉེན་ཟོན་ཆེན་པོ་བྱེད་པ་བཅས་ཀྱི་བྱེད་ཐབས་བརྒྱུད“ཉིན་བརྒྱའི་བྱ་སྤྱོད”ལ་ཕན་འབྲས་དངོས་ཐོབ་པར་སྐུལ་འདེད་བརྟན་པོ་བཏང་བ་རེད།

“ཉིན་བརྒྱའི་བྱ་སྤྱོད”སྤེལ་རིང་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་སྡེ་ཚན་དང་མཉམ་དུ་ཐོ་འགོད་ཆ་འཕྲིན་འཚོལ་བཤེར་བྱས་ནས་ས་གནས་ས་ཐོག་ཏུ་འདྲི་རྩད་དང་དེ་བཞིན་ཁ་པར་རྒྱག་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ཟླ་5པའི་ཟླ་མཇུག་བར་ལྗོངས་ཡོངས་ཀྱི་ཚན་པའི་མིང་ངམ་ཡང་ན་གཉེར་སྐྱོང་ཁྱབ་ཁོངས་སུ“ཡིད་རྟོན”ཞེས་བཀོད་པའི་སྒྲིག་གཞི་39ལ་གསེད་བཀྲོལ་དང་གྲལ་བཤེར་བྱས་ཤིང་། མིག་སྔར་སྒྲིག་གཞི་10བཅོས་སྒྲིག་ཚད་ལྡན་བྱས་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།