པར་འདི་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ཉི་མ་ལྕང་རྭ་ཤང་སྤང་མདའ་གྲོང་ཚོའི་གྲོང་མིས་པད་ཁའི་ཞིང་ཁར་ལས་ཀ་བྱེད་བཞིན་པ།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པ་ནི་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་དུ་པད་ཁའི་མེ་ཏོག་རབ་ཏུ་བཞད་པའི་དུས་ཚིགས་ཡིན། རྒྱང་རིང་ནས་བལྟས་ན་ས་གཞི་ཆེན་པོར་གསེར་མདོག་གི་ས་གདན་བཏིང་པ་དང་གཉིས་སུ་མ་མཆིས་ལ། སེར་ལམ་ལམ་གྱི་པད་ཁའི་ཞིང་ས་དང་གཡུ་མདོག་གི་རི་བོའི་མུ་ཁྱུད་གཉིས་ཀྱིས་མཛེས་ཤིང་ལྟ་ན་སྡུག་པའི་ཡུལ་ལྗོངས་ཞིག་གྲུབ་ཡོད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
ལྷ་སའི་མལ་གྲོ་གུང་དཀར་རྫོང་དུ་པད་ཁའི་མེ་ཏོག་རབ་ཏུ་བཞད་པ།