ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་ལྗོངས་མངའ་རིས་ཀྱིས་སྒོར་དུང་ཕྱུར530བཏང་ནས་རྣམ་གྲངས་གལ་ཆེན3867ལག་བསྟར་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-07-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བོད་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་མངའ་རིས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། གསར་འགོད་པས་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་གསལ་ལྟར་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་མངའ་རིས་ས་ཁུལ་གྱིས་བློ་བརྟན་འགྱུར་མེད་ངང་བརྟན་ལྷིང་འགན་ལེན་དང་འཕེལ་རྒྱས་ལ་སྐུལ་འདེད། དམངས་འཚོར་ཕན་པ། རྨང་གཞི་བརྟན་གཏོང་། སྒོ་མོ་འབྱེད་པ་བཅས་བྱས་པས་བྱ་གཞག་སོ་སོར་གྲུབ་འབྲས་མངོན་གསལ་ཐོབ་པ་རེད།

ཤེས་གསལ་ལྟར་ན། 2021ལོར་མངའ་རིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར77.65ཟིན་པ་དང་། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར77.3བཏང་པ། ས་གནས་ནོར་སྲིད་ཀྱི་ཡོང་འབབ2012ལོའི་སྒོར་དུང་ཕྱུར1.6ནས2021ལོའི་སྒོར་དུང་ཕྱུར3.76བར་འཕར་བ། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར17.72ཟིན་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར49620ཟིན་པ། གྲོང་གསེབ་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར15959ཟིན་པ། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་གི་འཕར་གྲངས3%ནང་ཚོད་འཛིན་བྱས་པ་དང་། གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད5.5%ནང་ཚོད་འཛིན་བྱས་པ་རེད།

གཞན་ཡང་། མངའ་རིས་ས་ཁུལ་གྱིས་འཕེལ་རྒྱས་དེ་རྨང་གཞི་དང་འགག་རྩར་བཟུང་ནས། བློ་བརྟན་འགྱུར་མེད་ངང་ནུས་ལྡན་མ་འཇོག་གཞི་ཁྱོན་ཆེ་རུ་བཏང་ཞིང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཁྱོན་ཡོངས་ནས་སྤེལ་བ་རེད། ལོ་བཅུའི་རིང་མ་དངུལ་སྒོར་དུང་ཕྱུར530.64བཏང་ནས་ལག་བསྟར་བྱས་པ་ལས་ཤུགས་རྐྱེན་ཟབ་མོ་ལྡན་པའི་རྣམ་གྲངས་གལ་ཆེན3867ཟིན་ཡོད་པ་དང་། རྒྱལ་ལམ་དང་ཞིང་ཆེན་གཞུང་ལམ། རྒྱལ་སྲུང(མཐའ་སྲུང)གཞུང་ལམ། “ཡག་པོ་བཞིའི་གྲོང་གསེབ་གཞུང་ལམ” ། མཛེས་ལྗོངས་ཁུལ་གྱི་གཞུང་ལམ་འཛུགས་སྐྲུན་བཅས་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་བས། གཞུང་ལམ་ཤར་གཏོང་ཐུབ་པའི་སྤྱིའི་ལམ་ཚད་སྤྱི་ལེ་ཁྲི2.1791ཟིན་ཞིང་། རྫོང་དང་ཤང་། གྲོང་ཚོ་བཅས་ཀྱི་གཞུང་ལམ་ཤར་གཏོང་ཐུབ་ཚད་སོ་སོར100%དང95%། 86%བཅས་ཟིན་ཡོད། ཁོང་ཧྲ་གནམ་ཐང་བསྐྱར་སྐྲུན་རྒྱས་སྐྲུན་དང་། སྤུ་ཧྲེང་གནམ་ཐང་འཛུགས་སྐྲུན་རྣམ་གྲངས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ནས་ཞིན་ཅང་ནས་བོད་ལྗོངས་བར་གྱི་ལྕགས་ལམ་གྱི་དུས་མགོའི་ལས་དོན་བརྟན་བརླིང་ངང་སྤེལ་བཞིན་ཡོད། མ་དངུལ་སྒོར་དུང་ཕྱུར61.35བཏང་ནས་གཙོ་གནད་ནུས་རྒྱུའི་རྣམ་གྲངས54ལག་བསྟར་བྱས་པ་དང་། སེང་གེ་ཁ་འབབ་གྲོང་རྡལ་གྱི་ཚ་གློག་ཐུན་མོང་ཐོན་སྐྱེད་དང་། རེས་སྐོར་གསར་པའི་གྲོང་གསེབ་ཀྱི་གློག་དྲ་རིམ་སྤོར་སྒྱུར་བཀོད། “ཁུལ་གསུམ་དང་གླིང་གསུམ”གྱི་གྲོང་གསེབ་ཀྱི་གློག་དྲ་རིམ་སྤོར་སྒྱུར་བཀོད། གློག་དྲ་ཆེན་པོ་ཤར་གཏོང་སོགས་ཀྱི་ལས་གཞི་གལ་ཆེན་ལག་བསྟར་བྱས་ནས། མངའ་རིས་དང་བོད་དབུས་གློག་དྲའི་དྲ་སྦྲེལ་ལས་གཞི་དངོས་སུ་འཁོར་རྒྱུག་བྱས་པ་བཅས་ལས་རྒྱལ་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་ཁོ་ནས་གློག་དྲ་ཁེར་རྐྱང་ཐོག་འཁོར་སྐྱོད་བྱེད་པའི་ལོ་རྒྱུས་མཇུག་སྒྲིལ་པ་རེད།

ཤེས་གསལ་ལྟར་ན། མངའ་རིས་ས་ཁུལ་གྱིས་རྒྱུན་ཆད་མེད་པར་རྨང་གཞི་ཞན་ལ་རང་བྱུང་ཆ་རྐྱེན་ཞན་པ་སོགས་ཀྱི་དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་ནས། དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལས་རྒྱལ་ཁ་ལེན་པར་མཐའ་འཁྱོངས་བྱས་པ་དང་། ཉེ་བའི་ལོ་འགའི་རིང་། མངའ་རིས་ས་ཁུལ་གྱིས་བསྡོམས་པས་དུད་ཚང6124ཡི་མི23293དབུལ་ཐར་བྱུང་ནས་རྫོང7གྱི་དབུལ་ཞྭ་ཕུད་པ་དང་། གྲོང་ཚོ139དབུལ་ཐར་བྱུང་བ་མ་ཟད། མ་དངུལ་སྒོར་དུང་ཕྱུར12.2གཅིག་འདོམས་གྱིས་བསྡུ་སྒྲིལ་བྱས་ཏེ་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བའི་རྣམ་གྲངས159ལག་བསྟར་བྱས་པ་རེད།

གཞན་ཡང་། 2017ལོ་ནས2021ལོ་བར་མངའ་རིས་ས་ཁུལ་དུ་མཐོ་སློབ་ཆེན་མཐར་ཕྱིན་སློབ་མ2170ལས་ཞུགས་ཐུབ་པ་དང་། སློབ་ཆེན་སློབ་མའི་ལས་ཞུགས་ཐུབ་ཚད95%ཡན་རྒྱུན་འཁྱོངས་བྱས་པ་རེད། ཞིང་འབྲོག་པ་ཁྲི6.17ལས་ཞུགས་སྤོ་སྒྱུར་ཐུབ་པ་དང་། ངལ་ནུས་ཕྱིར་གཏོང་མི་ཐེངས་ཁྲི9.39བྱས་ལ། ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར6.38ཟིན་ཡོད།

ལོ་ངོ་བཅུའི་རིང་མངའ་རིས་ས་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་མཐའ་འཁྱོངས་བྱས་ནས། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་གཏིང་ཟབ་སྒོས་ལག་བསྟར་བྱས་པ་དང་། གནམ་སྔོ་ཞིང་ཆུ་དྭངས་བ། ས་གཙང་མ་བཅས་ཀྱི་སྲུང་སྐྱོང་དམག་འཐབ་ཀྱི་གྲུབ་འབྲས་སྲ་བརྟན་དུ་བཏང་བས། ས་ཁུལ་ཡོངས་ཀྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད98%ཡན་ཟིན་པ་དང་། ཆུ་བོ་དང་མཚེའུ་གཙོ་བོའི་ཆུའི་སྤུས་ཚད་ཚང་མ་རིགསⅢཔའི་ཚད་གཞི་ལས་ལེགས་ཤིང་། ས་རྒྱུའི་ཁོར་ཡུག་སྤུས་ཚད་སྤྱིའི་ཆ་ནས་ཡག་པོ་རྒྱུན་འཁྱོངས་ཐུབ་ཡོད།

དེ་དང་ཆབས་ཅིག “གཙང་པོ་གཉིས་དང་ཆུ་བོ་བཞི”ཡི་ནགས་སྐྲུན་ལྗང་སྒྱུར་དང་། བྱེ་འགོག་བྱེ་བཅོས། གཙང་པོ་ཆེན་པོའི་འབྱུང་ཡུལ་གྱི་སྐྱེ་ཁམས་ནུས་པའི་ཁུལ་སྲུང་སྐྱོང་སོགས་ཀྱི་རྣམ་གྲངས་ལག་བསྟར་བྱས་ནས་བྱང་ཐང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་མགྱོགས་མྱུར་སྒོས་སྐུལ་འདེད་བཏང་ཡོད་ལ། རྒྱལ་ཁབ་རིམ་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དཔེ་སྟོན་ས་ཁུལ་ཁག་བཞི་པ་བདེ་བླག་ངང་བཏོད་དེ། རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དཔེ་སྟོན་ས་ཁུལ1དང་དཔེ་སྟོན་རྫོང1། དཔེ་སྟོན་ཤང་གྲོང13། དཔེ་སྟོན་ཤང་གྲོང54བཅས་བཏོད་ཡོད། ད་ལྟའི་མངའ་རིས་ཀྱི་ནམ་མཁའ་སྔར་ལས་དྭངས་བ་དང་། ས་ཆ་སྔར་ལས་སྔོ་བ། ཆུ་མོ་སྔར་ལས་དྭངས་བ། མཁའ་རླུང་རྒྱུན་དུ་གསར་པ་བཅས་ཡིན་པས་སྐྱེ་ཁམས་སྡོད་གནས་ལ་འཚམ་པའི་ཁོར་ཡུག་མུ་མཐུད་དུ་ཇེ་ལེགས་སུ་འགྲོ་བཞིན་ཡོད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།