ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

​མངའ་རིས་ས་ཁུལ་གྱིས་ད་ལོའི་དུས་ཐེངས་དང་པོའི་ཞིང་འབྲོག་མང་ཚོགས་ཀྱི་སྒྲོག་འགྲེལ་པ་གསོ་སྦྱོང་བྱས་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-07-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་གྱི་གཞི་རིམ་སྒྲོག་འགྲེལ་ལས་དོན་ཡག་པོ་བསྒྲུབ་པ་དང་ཞིང་འབྲོག་མང་ཚོགས་ཀྱི་སྒྲོག་འགྲེལ་པའི་སྒྲོག་འགྲེལ་ཆུ་ཚད་སྔར་བས་མཐོ་རུ་གཏོང་ཆེད། ཉེ་ཆར། མངའ་རིས་ས་ཁུལ་གྱིས་2022ལོའི་དུས་ཐེངས་དང་པོའི་ཞིང་འབྲོག་མང་ཚོགས་ཀྱི་སྒྲོག་འགྲེལ་པ་གསོ་སྦྱོང་བྱས་པ་དང་། སྒར་རྫོང་དང་། རུ་ཐོག་རྫོང་། དགེ་རྒྱས་རྫོང་བཅས་ནས་ཡོང་བའི་ཞིང་འབྲོག་མང་ཚོགས་73གཞི་རིམ་གྱི་སྒྲོག་འགྲེལ་པར་གསོ་སྦྱོང་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གསོ་སྦྱོང་དུས་ཡུན་ཉིན་གསུམ་ཡིན་པ་དང་གཅིག་སྡུད་བཀག་སྡོམ་རྣམ་པའི་ཐོག་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན། རིམས་ནད་སྔོན་འགོག་དང་ཚོད་འཛིན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཤེས་བྱ་སོགས་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་མ་ཟད། ད་དུང་གཞི་རིམ་སྒྲོག་འགྲེལ་པར་སྒྲོག་འགྲེལ་བྱེད་སྟངས་འགྲེལ་བཤད་དང་མཛུབ་ཁྲིད་ཀྱང་བྱས་པ་རེད། གསོ་སྦྱོང་སློབ་ཚན་བཀོད་སྒྲིག་ཞིབ་ཚགས་དང་། ནང་དོན་ཕུན་སུམ་ཚོགས་པ། དོན་དངོས་ལ་གཞིར་བཟུང་བ། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱས་ནས་སྒྲོག་འགྲེལ་པའི་ཆབ་སྲིད་བྱང་ཚད་དང་སྒྲོག་འགྲེལ་ནུས་པ་མཐོ་རུ་བཏང་སྟེ་མང་ཚོགས་ཀྱིས“ཉན་འདོད་པ་དང་། གོ་ཐུབ་པ། སྤྱོད་ཐུབ་པ”བཅས་བྱས་ནས་སློབ་སྦྱོང་གི་དམིགས་སའི་རང་བཞིན་ཆེ་རུ་དང་སྒྲོག་འགྲེལ་གྱི་སྤུས་ཚད་མཐོ་རུ་ཏན་ཏིག་བཏང་ཡོད།

“ད་ཐེངས་ཀྱི་གསོ་སྦྱོང་ལ་དོན་སྙིང་ཆེན་པོ་ལྡན་ལ་ནང་དོན་ཡང་མང་ཚོགས་དང་འབྲེལ་བ་དམ་ཟབ་ཡོད། ཧ་མ་གོ་བ་དང་གོ་བ་ལེན་དཀའ་བའི་ཤེས་བྱ་དག་རྒན་ལགས་ཀྱིས་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་ང་ཚོར་བརྒྱུད་སྤྲོད་བྱས་ནས་ང་ཚོར་སྒྲོག་འགྲེལ་ཐད་ཀྱི་ཆེད་ལས་ཤེས་བྱ་མང་པོ་བསླབ་བྱུང་། ངས་སློབ་ཁང་ནས་སྦྱངས་པའི་ཤེས་བྱ་གཞི་རིམ་དང་མང་ཚོགས་ལ་བརྒྱུད་སྤྲོད་བྱེད་ཀྱི་ཡིན”ཞེས་དགེ་རྒྱས་རྫོང་དགེ་རྒྱས་གྲོང་རྡལ་བུ་གོང་གྲོང་ཚོའི་ཞིང་འབྲོག་པའི་སྒྲོག་འགྲེལ་པ་འཇིགས་མེད་ཀྱིས་བཤད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།