ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ལྷ་ས་གྲོང་ཁྱེར་གྱིས་ཚན་རྩལ་གྲུབ་འབྲས་སློབ་གྲྭར་ཁྱབ་གདལ་བཏང་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-07-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཐོན་སློབ་ཞིབ་གསུམ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་མི་ཤུགས་དང་། ལག་རྩལ། གྲུབ་འབྲས། རྟེན་གཞིའི་ཐོན་སྐྱེད་ཆ་རྐྱེན་བཅས་ཀྱི་ལེཌ་ཆ་འདོན་སྤེལ་གང་ལེགས་བྱ་ཆེད། ཉེ་ཆར་ལྷ་ས་གྲོང་ཁྱེར་ཞིང་ལས་ལག་རྩལ་ཁྱབ་གདལ་སྤྱི་ཁྱབ་ས་ཚིགས་ཀྱིས་ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་དང་མཉམ་དུ་ཚན་རྩལ་གྲུབ་འབྲས་སློབ་གྲྭར་ཁྱབ་གདལ་གཏོང་བའི་ངལ་རྩོལ་དང་སློབ་གསོའི་ལག་ལེན་བྱེད་སྒོ་སྤེལ་བར་ལག་རྩལ་མི་སྣ་དང་པེ་ཅིང་ཚོད་ལྟའི་སློབ་འབྲིང་གི་དགེ་སློབ་ཁྱོན་བསྡོམས་120ལྷག་ཙམ་ཞུགས་ཡོད་པ་རེད།

བྱེད་སྒོ་སྤེལ་རིང་། ལྷ་ས་གྲོང་ཁྱེར་ཞིང་ལས་ལག་རྩལ་ཁྱབ་གདལ་སྤྱི་ཁྱབ་ས་ཚིགས་ཀྱིས་ཐོན་འབབ་བཟང་བའི་ཞོག་ཁོག་སྣ་ཁ་གསར་པ་ནང་འདྲེན་དང་ལེགས་འདེམས་བྱས་པ་དང་། ལག་རྩལ་མི་སྣས་ས་བོན་གྱི་ཁྱད་ཆོས་དང་། ས་ཁོད་སྙོམས་སྟངས་དང་ལུད་རྒྱག་ཐབས། ཡག་སྒྲུག་བརྒྱབ་ནས་ཞིང་སྨན་སྟོར་སྟངས། རྩ་སྤོས་རྒྱག་སྟངས་དང་འདེབས་སྟངས་སོགས་འགག་རྩའི་ལག་རྩལ་གསལ་འགྲེལ་ཞིབ་ཕྲ་བྱས་པ་དང་ཆབས་ཅིག ས་གནས་ས་ཐོག་ཏུ་འདེབས་འཛུགས་ཀྱི་བརྒྱུད་རིམ་ཧྲིལ་པོ་དཔེ་སྟོན་བྱས་པ་རེད། དེ་རྗེས་སློབ་མ་ཡོངས་ཚོགས་ཆུང་བགོས་ནས་ས་བོན་གསར་པ་འདེབས་པའི་ལག་རྩལ་གྱི་བརྒྱུད་རིམ་ཧྲིལ་པོ་ཉམས་ལེན་བྱེད་དུ་བཅུག་པ་རེད།

ད་རེས་ཀྱི་བྱེད་སྒོས་ལྷ་ས་གྲོང་ཁྱེར་གྱིས་ནང་འདྲེན་བྱས་པའི་ས་བོན་གསར་པ་དང་ལག་རྩལ་གསར་པ་བཀོལ་སྤྱོད་དང་ཁྱབ་གདལ་གཏོང་ཤུགས་ཆེ་རུ་སོང་བ་དང་། སློབ་མས་ཞོག་སོན་སྣ་ཁ་གསར་པ་དང་ལག་རྩལ་གསར་པ་ཤེས་རྟོགས་ཐུབ་ནུས་ཆེ་རུ་ཕྱིན་པ་མ་ཟད། སློབ་མར་ངལ་རྩོལ་ལ་དགའ་བའི་གོམས་གཤིས་བཟང་པོ་འཇགས་ནས་ངལ་རྩོལ་གྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་སློབ་སྦྱོང་གི་སྦྱངས་འབྲས་ལེགས་སུ་འགྲོ་བར་ཡང་རམ་འདེགས་བྱས་ཡོད། གོམ་སྟབས་རྗེས་མར་ཕྱོགས་གཉིས་པོས་མཉམ་ལས་སྤེལ་རེས་ལ་མུ་མཐུད་ཤུཌ་སྣོན་བརྒྱབ་ནས་ཚན་རྩལ་གྲུབ་འབྲས་དེ་བས་མང་བ་སློབ་གྲྭར་ཁྱབ་གདལ་བཏང་སྟེ་སློབ་མའི་ཀུན་སྤྱོད་དང་། བློ་གྲོས། ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།