ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་གཞི་རིམ་དུ་བསྐྱོད་དེ་གནས་ཚུལ་ཤེས་རྟོགས་དང་བྱེད་ཐབས་དངོས་སྤྱད་ནས་ཁོར་ཡུག་ཇེ་ལེགས་སུ་བཏང་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-07-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཁྲེང་ཀོན་ཆུས་དང་། སྟོད་ལུང་བདེ་ཆེན་ཆུས། སྟག་རྩེ་ཆུས་བཅས་ཀྱི་སྲིད་དོན་ཞབས་ཞུའི་ཚོམས་ཆེན་གྱི་ཁེ་ལས་འགྲོ་ལུགས་གཉེར་སར་བསྐྱོད་དེ“སྤྱོད་ཚུལ་སྒྱུར་བ་དང་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི”ཆེད་དོན་བརྟག་ཞིབ་ལས་དོན་སྤེལ་བ་དང་ཆབས་ཅིག ས་གནས་ས་ཐོག་ཏུ་བརྟག་ཞིབ་དང་། ཡིག་ཚགས་ལྟ་ཀློག སྤེལ་རེས་བཞུགས་མོལ་སོགས་ཀྱི་བྱེད་ཐབས་སྤྱད་ནས། རྫོང་དང་ཆུས་ཀྱི་འཇུག་འཐུས་གཉེར་སྐྱོང་དང་། ཕྱིར་འཐེན་གྱི་གོ་རིམ་སྟབས་བདེ། བཙན་ཤེད་ངང་ཐོ་ཁོངས་བསུབ་པ་སོགས་ཀྱི་སྲིད་ཇུས་དོན་འཁྱོལ་བྱས་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཁེ་ལས་ཀྱི་འགྲོ་ལུགས་གཉེར་བའི་ཐད། ཁྲེང་ཀོན་ཆུས་ཀྱིས་ཉིན་3ལ་འགྲོ་ལུགས་གཉེར་ཟིན་པ་དང་། སྟོད་ལུང་བདེ་ཆེན་ཆུས་ཀྱིས་ཉིན་2ལ་འགྲོ་ལུགས་གཉེར་ཚད་60%ཟིན་པ་དང་ཉིན་3ལ་འགྲོ་ལུགས་གཉེར་ཚད་100%ཟིན་པ། སྟག་རྩེ་ཆུས་ཀྱིས་སྤྱིར་ན་ཉིན་གཅིག་དང་ཉིན་ཕྱེད་ལ་འགྲོ་ལུགས་གཉེར་ཟིན་གྱི་ཡོད་པ་རེད།

ཁེ་ལས་ཕྱིར་འཐེན་ཐད། ཆ་རྐྱེན་དང་མཐུན་རིགས་ལ་རྫོང་དང་ཆུས་ཁག་ཚང་མས་ཐོ་ཁོངས་ནས་བསུབ་པའི་འགྲོ་ལུགས་སྟབས་བདེ་ལག་བསྟར་བྱས་པ་དང་། ཁྲེང་ཀོན་ཆུས་དང་སྟག་

རྩེ་ཆུས་ཀྱིས་བཙན་ཤེད་ངང་ཐོ་ཁོངས་ནས་བསུབ་པའི་ཚོད་ལྟའི་ལས་དོན་སྤེལ་བཞིན་ཡོད་པ་རེད། མིག་སྔའི་བར་ལྷ་ས་གྲོང་ཁྱེར་དུ་རིཌ་ཁག་གི་ཁྲོམ་རའི་བྱེད་པོའི་ཚོང་དུད་10268མང་དུ་ཕྱིན་པ་དེ་ན་ནིང་གི་ལོ་མཇུག་ལས་7.4%འཕར་ཡོད་པ་རེད།

ས་ཆ་དེ་རང་དུ་བརྟག་ཞིབ་བྱས་ནས་གནས་ཚུལ་ཤེས་རྟོགས་དང་། ཤེས་རྟོགས་བྱུང་བའི་གནད་དོན། མི་འདང་ས་བཅས་གཞིར་བཟུང་པ་དང་སྦྲགས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་དང་གྲོང་ཁྱེར་ཏང་ཨུད་ཀྱི་འབྲེལ་ཡོད་ལས་དོན་གྱི་བླང་བྱ་དང་ཟུང་འབྲེལ་བྱས་ནས། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། ཚུགས་གནས་མཐོ་རུ་གཏོང་བ་དང་ངོས་འཛིན་གཅིག་གྱུར་ཡོང་བར་བྱས་ནས“གཏན་འཁེལ་གཉིས”སྲུང་སྐྱོང་དང་། “སྲུང་སྐྱོང་གཉིས”ལག་བསྟར། “སྤྱི་ཡོངས་གཉིས”ལ་ཁ་གཏད་གཅོག་པའི་ཆབ་སྲིད་ཀྱི་མཐོ་ཚད་བཅས་ཀྱི་ཐོག་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་། བསམ་བློའི་ངོས་འཛིན་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཐོག་ཏུ་གཅིག་གྱུར་དང་། “དོན་ཆེན་བཞིར”དམིཌ་པ་དང“འཛུཌ་གཏོད་བཞིར”སྐུལ་འདེད་གཏོང་བ། “མདུན་གྲལ་དུ་སླེབས་པ་བཞི”སྒྲུབ་ཐུབ་པ་བཅས་ཀྱི་ལག་ལེན་གྱི་བླང་བྱ་ཞིབ་ཕྲའི་ཐོག་གཅིག་གྱུར་ཡོང་བར་བྱས་ཡོད། “གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་ཟབ་ཏུ་གཏོང་བའི་སྐོར་གྱི་ཏང་ཀྲུང་དབྱང་གི་དགོངས་དོན་གལ་ཆེན་ཁོང་དུ་ཏན་ཏིག་ཆུད་པར་བྱས་ནས།“སྒོ་གཅིག་ལས་འཛུལ་མི་དགོས་པ”དང་། “མང་ཤོས་སུ་ཐེངས་གཅིག་ལས་བསྐྱོད་མི་དགོས་པ” “ཞིབ་མཆན་མང་པོ་འགོད་མི་དགོས་པ” “རེའུ་མིག་གཅིག་ལས་འབྲི་མི་དགོས་པ” “ངོ་ཐུག་ཞིབ་མཆན་འགོད་མི་དགོས་པ” “གྲངས་གཞིའི་ཐོག་ནས་གཉེར་བ་དང་མི་སེར་ཉུང་ཙམ་སྐྱོད་པ”སོགས་ཀྱི་དམིགས་ཚད་ལས་འགན་དོན་འཁྱོལ་ཡག་པོ་བྱས་པ་མ་ཟད། བརྒྱུད་རིམ་སྔར་བས་ལེགས་སུ་དང་། ལྷུ་ཚིགས་ཉུང་གཏོང་། དཔྱད་ཡིག་ཧྲག་བསྡུས་བཅས་བྱས་ནས་ས་གནས་ལ་དམིགས་བསལ་མེད་པ་དང་ཁྱད་པར་མེད་པ་དངོས་འབྲེལ་སྒྲུབ་ཐུབ་པར་བྱས་ཡོད། འགན་ནུས་ཞིབ་མཆན་འགོད་པའི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་ལས་སྒོ་མང་བའི་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ། སྒེར་གྱི་རིག་ནུས་ཞིབ་དཔྱད་འཕྲུལ་འཁོར་དང་ཁེ་ལས་ཀྱི་རིག་ནུས་ཞིབ་དཔྱད་འཕྲུལ་འཁོར། ཡིག་ཚགས་ཇུས་འདྲིའི་འཕྲུལ་འཁོར་བཅས་ཉོས་ཏེ་ལས་དོན་མི་སྣ་ཁ་ཐང་བའི་གནད་དོན་ཞི་ལྷོད་དུ་བཏང་ཡོད་ཅེས་བརྗོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།