ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཆབ་མདོ་གྲོང་ཁྱེར་གྱིས་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལ་དམ་འཛིན་ནན་པོ་བྱས་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-07-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གྲོང་ཁྱེར་ཐད་གཏོཌ་ལས་ཁུངས་ཀྱིས་ཏང་ཀྲུང་དབྱང་དང་། ལྗོངས་ཏང་ཨུད། གྲོང་ཨུད་བཅས་ཀྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་དམིགས་ནས་ཏང་འཛུགས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་ཀྱི་དོན་ཆེན་བཞིར་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་བྱས་པ་རེད།

ཐོག་མཐའ་བར་གསུམ་དུ་གཞི་རིམ་ལ་དམ་འཛིན་དང་རྨང་གཞི་འདིང་རྒྱུ་མཐའ་འཁྱོངས་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་ཚད་ལྡན་ཅན་འཛུགས་སྐྱོང་བྱེད་པར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པ་དང་། ལམ་ལུགས་འཛུགས་སྐྱོང་འགན་ལེན་དུ་བྱེད་པ་དང་། ཏང་ཡོན་གྱི་སྤུས་ཚད་མཐོ་རུ་གཏོང་བ་རྩ་བར་འཛིན་པ། ཏང་ཡོན་གྱི་བྱང་ཚད་མཐོ་རུ་གཏོང་བ་རྨང་གཞིར་བྱེད་པ། ཏང་ཡོན་གྱི་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ་བྱ་ཐབས་སུ་འཛིན་པ་བཅས་བྱས་ཏེ་ཏང་ཡོན་དཔུང་ཁག་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པ། ལས་ཁུངས་ཏང་རྩ་འཛུགས་ཀྱི་རྩ་འཛུགས་ནུས་པ་ཆེ་རུ་གཏོང་བ་དང་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལས་ཀའི་གཞི་རྟེན་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་ཤུགས་རྒྱག་སར་བྱས་ནས“སྤུས་རྟགས”ཀྱི་འདུ་ཤེས་ཏང་འཛུགས་སྐྱོང་གི་ལས་ཀའི་ནང་མཉམ་འདྲེས་ཡོང་ཐབས་བྱས་ཤིང་། ལས་ཁུངས་དང་ཚན་པ་40ཡིས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པ་དང་། ཤེས་དཔལ་གྲོང་ཁྱེར་འཛུགས་གཏོད་ལ་སྐུལ་སྤེལ་གཏོང་བ། ཏང་ཡོན་གྱིས་མང་ཚོགས་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བ་སོགས་ཀྱི་ལས་དོན་དང་ཟུང་འབྲེལ་བྱས་ཏེ་རང་རང་སོ་སོའི་ཏང་འཛུགས་སྐྱོང་གི་སྤུས་རྟགས་རྣམ་གྲངས་འདུན་ཞུ་བྱས་པ་དང་། སྒྱུར་བཅོས་དང་། འཕེལ་རྒྱས། དམངས་འཚོ། མང་ཚོགས། ཏང་ཡོན་བཅས་ལ་ཞབས་འདེགས་ཞུ་བའི་ཁྲོད་ནས་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་ཡག་པོ་བཏོན་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།