ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱིས་བོད་ཀྱི་ཁྱད་ལྡན་རྒན་གསོའི་ཞབས་ཞུའི་མ་ལག་དང་ནུས་པ་འཛུགས་སྐྱོང་ལ་རྒྱུན་མཐུད་སྐུལ་འདེད་བཏང་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-07-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

3ffc43b3-8b9d-4703-b9ee-13649f5c9ced.jpg

འདི་ནི་ལྷ་ས་གྲོང་ཁྱེར་སྤྱི་ཚོགས་ཕན་བདེ་ཁང་གི་རྒན་རྒོན་གཉིས་དཀྱིལ་བཀྲམ་རྩེ་བཞིན་པ།

4b405d93-5ab2-4a3c-97a0-ce2b53adf8f2.jpg

འདི་ནི་མཐུན་ཚོགས་དེའི་དང་བླངས་པས་ཁྱིམ་སྡོད་བསྙེན་བཀུར་གྱི་རྒན་རྒོན་ཞིག་ལ་ཁ་ལག་སྐྱེལ་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ཁྱིམ་སྡོད་རྒན་གསོའི་ཞབས་ཞུར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་ལྟ་ངའི་ནད་གཞི་དྲག་ཏུ་ཕྱིན་འདུག་ལ་ཉེ་འགྲམ་དུ་འཆམ་འཆམ་དུ་ཡང་འགྲོ་ཐུབ་ཀྱི་འདུག དངོས་འབྲེལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ལོ་75ལ་སླེབས་པའི་བགྲེས་སོང་སྨི་སྨི་ལགས་ནི་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གླང་སྨད་སྤྱི་ཚོགས་ལས་དོན་པ་དང་དང་བླངས་པའི་ཞབས་ཞུའི་མཐུན་ཚོགས་ཀྱི་ཞབས་འདེགས་ཞུ་ཡུལ་གྱི་གྲས་ཤིག་རེད།

མཐུན་ཚོགས་དེས་2020ལོའི་ལོ་མཇུག་ནས་ཁྱིམ་སྡོད་རྒན་གསོའི་ཞབས་ཞུ་ཚོད་ལྟ་བྱས་ཚུན། རྒན་རྒོན་300ལ་ཞབས་འདེགས་ཞུས་ཡོད། ས་གནས་དེ་གའི་འོས་འགན་ལས་མི་བདམས་ཏེ་རྒན་རྒོན་གྱི་རྒྱུན་གཏན་འཚོ་བར་ལྟ་རྟོག་དང་ཚབ་གཉེར་ཞབས་འདེགས་ཞུ་བ་ཕུད། ད་དུང་ཆེད་ལས་མི་སྣ་གདན་དྲངས་ཏེ་རྒན་རྒོན་ལ་དྲག་སྐྱེད་སྨན་བཅོས་དང་། སྨན་བཅོས་རོགས་རམ། སེམས་གསོ་སོགས་ཀྱི་ཞབས་འདེགས་ཞུ་ཡི་ཡོད།

བགྲེས་སོང་སྨི་སྨི་ལགས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་རང་ལྗོངས་ཀྱིས་གྲོང་ཁྱེར་སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུ་སྤེལ་བའི་བསྡུས་རིས་ཤིག་ཡིན་ལ། རང་ལྗོངས་ཀྱིས་རྒན་གསོའི་ཞབས་ཞུའི་ཕྱོཌ་སྒྱུར་འཕེལ་རྒྱས་ལ་ནུས་ཤུཌ་ཡོད་རྒུས་སྐུལ་འདེད་བཏང་ནས་ཁྱིམ་སྡོད་རྨང་གཞིར་བྱེད་པ་དང་། སྡེ་ཁུལ་རྟེན་སར་བྱེད་པ། སྒྲིག་གཞི་ཁ་གསབ་བྱེད་པ་བཅས་ནས་བོད་ཀྱི་ཁྱད་ཆོས་ལྡན་ལ་རིམ་པ་མང་བའི་རྒན་གསོའི་ཞབས་ཞུའི་མ་ལག་ཧུར་ཐག་བསྐྲུན་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཀྱང་རེད།

བོད་ཀྱི་ཁྱད་ཆོས་ལྡན་པའི་རྒན་གསོའི་ཞབས་ཞུའི་མ་ལག་བཙུགས་པ།

རྒན་གསོའི་ཞབས་ཞུ་འཕེལ་རྒྱས་དང་འཐུས་སྒོ་ཚང་དུ་གཏོང་བའི་གོམ་སྟབས་ཚང་མ་སྲིད་ཇུས་མ་ལག་གི་འགན་སྲུང་དང་ཁ་འབྲལ་ཐབས་མེད།

ལྗོངས་དམངས་སྲིད་ཐིང་གིས་ད་དུང་ལྗོངས་སྤྱི་བདེ་ཐིང་དང་། ནོར་སྲིད་ཐིང་། འཕྲལ་སྡོམ་ཐིང་། ཁྲོམ་ར་ལྟ་འདོམས་ཅུས་སོགས་སྡེ་ཚན་དང་མཉམ་དུ《གྲོང་གསེབ་ཀྱི་གཞིས་སྲུང་རྒན་རྒོན་གྱི་གཅེས་སྐྱོང་ཞབས་ཞུར་ཤུགས་སྣོན་དང་རྒན་གསོའི་སྒྲིག་གཞིའི་ལྟ་འདོམས་ཀྱི“སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”ལ་སྐུལ་འདེད་གཏོང་བ》སོགས་ཀྱི་སྲིད་ཇུས་བཀྲམ་པ་དང་སྦྲགས་སྡེ་ཚན་ཁག་གི་འགན་འཁྲི་སྒྲུབ་ཤུགས་ཆེ་རུ་བཏང་ནས་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་རྣམ་པ་ཆགས་པར་བྱས་ཡོད། ལྗོངས་ནོར་སྲིད་ཐིང་དང་མཉམ་དུ་རྒན་གསོའི་ཞབས་ཞུའི་ཁ་གསབ་ལམ་ལུགས་བཟོས་ཏེ་ཁ་གསབ་བྱ་ཡུལ་དང་། ཁ་གསབ་ཚད་གཞི། མ་དངུལ་སྤྲོད་ཐབས་བཅས་ཁ་གསལ་བཟོས་ནས་ཁ་ཐོར་བསྙེན་བཀུར་གྱི་དམིཌ་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་དང་། དབང་པོ་སྐྱོན་ཅན་གྱི་རྒན་རྒོན། མ་མཐའི་འཚོ་བ་འགན་ལེན་གྱི་རྒན་རྒོན། འཆར་ལྡན་བུ་བཙའི་ཕྲུ་གུ་ཁེར་གཅིག་མ་ཤི་བའི་རྒན་རྒོན། གཙོ་གནད་གཟིགས་སྐྱོང་བྱ་ཡུལ་གྱི་རྒན་རྒོན། གྲོང་གསེབ་ཀྱི་གཞིས་སྲུང་རྒན་རྒོན་བཅས་དང་དེ་བཞིན་ལོ་70ཡན་གྱི་ཚང་སྟོང་རྒན་རྒོན་བཅས་ཞབས་འདེགས་ཞུ་ཡུལ་མི་ཁྲི་6ལྷག་ཙམ་ལ་ཕན་བདེ་བསྐྲུན་ཡོད།

རྒན་གསོའི་ཞབས་ཞུའི་ཁྲིམས་སྲོལ་སྲིད་ཇུས་དང་མཛུབ་ཁྲིད་རང་བཞིན་གྱི་ཡིག་ཆ་རབ་དང་རིམ་པ་བཏོན་པ་དེས་རང་ལྗོངས་ཀྱི་རྒན་གསོའི་ཞབས་ཞུའི་ལས་རིགས་ཀྱི་ཆུ་ཚད་མཐོ་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་ཐོབ་ནས་བོད་ཀྱི་ཁྱད་ཆོས་ལྡན་པའི་རྒན་གསོའི་ཞབས་ཞུའི་སྲིད་ཇུས་ཀྱི་སྒྲོམ་གཞིའི་མ་ལག་ཅིག་གཞི་རྩའི་ཆ་ནས་གྲུབ་ཡོད།

རྒན་གསོའི་ཞབས་ཞུའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བ།

ན་ནིང་ལོ་མཇུག་ཏུ་ཉིང་ཁྲི་གྲོང་ཁྱེར་གྱིས་གྲོང་གསེབ་ཀྱི་བདེ་སྐྱིད་གླིང་དང་པོ་སྟེ། ཀོང་པོ་རྒྱ་མདའ་རྫོང་རྒྱ་མདའ་ཤང་གི“ཐའེ་ཀྲའོ་གྲོང་ཚོའི་གྲོང་གསེབ་ཀྱི་བདེ་སྐྱིད་ཁང”སྤྱོད་འགོ་ཚུགས་ནས་ཉིང་ཁྲི་གྲོང་ཁྱེར་གྱི“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་གྲོང་གསེབ་ཀྱི་རྒན་གསོའི་ཞབས་ཞུའི་མ་ལག་བསྐྲུན་འགོ་ཚུཌ་པ་རེད།

རྒན་རྒོན་50ལྷག་ཙམ་གྱིས་དེ་གར་བདེ་ཐང་མཛུབ་ཁྲིད་དང་། ཉིན་མོའི་ལྟ་སྐྱོང་། ལུས་གསོ་དྲག་སྐྱེད། འཕྲལ་སྡོམ་རོགས་སྐྱོབ། སེམས་གསོ་སོགས་ཀྱི་ཞབས་ཞུ་དང་ལེན་བྱ་རྒྱུ་ཡིན་པ་རེད།

རྒན་གསོའི་ཞབས་ཞུའི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་སྔར་བས་ལེགས་སུ་ཕྱིན་ནས་ཐ་སྐྱོང་འགན་ལེན་ནུས་པ་ཆེ་རུ་དང་རྒན་གསོའི་ཞབས་ཞུའི་ཆུ་ཚད་མཐོ་རུ་ཕྱིན་ཡོད་པ་རེད།

ལྗོངས་དམངས་སྲིད་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱིས་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་30ཙམ་བཏང་ནས་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་ལྟེ་གནས་80དང་བྱིས་པའི་ཕན་བདེའི་སྒྲིག་གཞི་11བསྐྲུན་པ་དང་འབྲེལ་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་ལྟེ་གནས་ཁག་གཅིག་སྒྱུར་བཀོད་རྒྱས་སྐྲུན་དང་ཉམས་བཟོ་སྒྱུར་བཀོད་བྱས་ནས་གསོ་རླུང་མཁོ་འདོན་དང་། དྲོད་རླངས་མཁོ་འདོན། མེ་ཟོན། ལྡིར་སོ་སྤྲོས་ཆས། ཤེལ་ཁང་སོགས་བྱེད་ནུས་མང་དུ་བཏང་ཡོད།

——རྒྱལ་ཡོངས་ཀྱི་སྔོན་དུ་རྫོང་ཚང་མར་ཚད་གཞི་མཐོ་བའི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་ལྟེ་གནས་རེ་འཛུགས་རྒྱུའི་དམིགས་ཚད་མངོན་འགྱུར་བྱུང་བ་དང་འབྲེལ་འདོད་མོས་ཡོད་པའི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་ཚང་མར་གཅིག་སྡུད་བསྙེན་བཀུར་བྱས།

——རིམ་རྩིས་བྱས་ན་སྒོར་དུང་ཕྱུར་3.6བཏང་ནས་རྒན་རྒོན་གྱི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་61བསྐྲུན་པ་དང་མིག་སྔར་ལྟེ་གནས་22གཉེར་སྐྱོང་བྱས་ཏེ་རང་སྐྱོང་ལྗོངས་ཀྱི་ཁྱིམ་སྡོད་དང་སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུར་སྐུལ་འདེད་གཏོང་ཆེད་རྨང་གཞི་བཏིང་ཡོད།

——རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་1.02བཏང་ནས་གྲོང་གསེབ་ཀྱི་བདེ་སྐྱིད་གླིང་34བསྐྲུན་ཏེ་གྲོང་གསེབ་ཀྱི་རོགས་རེས་རྣམ་པའི་རྒན་གསོའི་ཞབས་ཞུར་དངོས་པོའི་རྨང་གཞི་མཁོ་འདོན་བྱས་ཡོད།

རྒན་གསོའི་ཞབས་ཞུའི་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ།

“ཁྱིམ་གྱི་སྒོ་རྩར་ཆེད་ལས་རྒན་གསོའི་ཞབས་ཞུ་ལོངས་སྤྱོད་ཐུབ་སྟེ་ན་དུས་སྨན་ཁང་ལ་སྐྱེལ་རོགས་བྱེད་མཁན་ཡོད་པ་དེ་ནི་སྔོན་མ་བསམ་བློར་ཡང་འཁོར་མ་མྱོང”ཞེས་ལྷ་ས་གྲོང་ཁུལ་རྙིང་པའི་ཤ་གསར་ཟུར་དུ་སྡོད་མཁན་ལོ་84ལ་སླེབས་པའི་བགྲེས་སོང་པ་སངས་ཚེ་རིང་གིས་བཤད།ད་ཆ་རྒད་པོ་པ་སངས་ཚེ་རིང་ཁྱིམ་དུ་བསྡད་ནས་ཚེ་མཇུག་གི་བདེ་སྐྱིད་འཚོ་བ་ལོངས་སུ་སྤྱོད་བཞིན་ཡོད།

2020ལོ་ནས་བཟུང་། ལྷ་ས་གྲོང་ཁྱེར་གྱིས་ཀྲུང་དབྱང་ནོར་སྲིད་ཀྱི་འདེགས་སྐྱོར་ལ་བརྟེན་ནས་སྤེལ་བའི་ཁྱིམ་སྡོད་དང་སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུའི་ལམ་ལུགས་སྒྱུར་བཅོས་ཚོད་ལྟ་བྱ་རྒྱུ་ཚན་པར་བྱས་ཏེ། རྒན་འཁོགས་ཀྱི་དགོས་མཁོ་ཕྱོཌ་སྟོན་དུ་བཟུང་ནས་རྒན་གསོའི་ཞབས་འདེགས་ཞུ་སྟངས་གསར་གཏོད་ཀྱིས་ལྷ་ས་གྲོང་ཁྱེར་གྱི་ཁྱིམ་སྡོད་དང་སྡེ་ཁུལ་རྒན་རྒོན་གྱི་འཚོ་བའི་སྤུས་ཚད་ཕྱོཌ་ཡོངས་ནས་མཐོ་རུ་བཏང་ཡོད།

ལྗོངས་དམངས་སྲིད་ཐིང་གི་འབྲེལ་ཡོད་འགན་འཁུར་བས། བོད་ཀྱི་མི་འབོར་ན་རྒས་ཅན་གྱི་འཕེལ་རྒྱས་འགྲོ་ཕྱོགས་ལ་སྔོན་ནས་ཁ་གཏད་བཅགས་ཏེ་ཁྱིམ་སྡོད་དང་སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུའི་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་བརྟན་པོ་བཏང་ཡོད།རིམ་རྩིས་བྱས་ན། རང་ལྗོངས་ཀྱིས་རིགས་སྣ་ཚོགས་ཀྱི་ཚོད་ལྟར་འགྲོ་གྲོན་སྒོར་དུང་ཕྱུར་1.3བཏང་སྟེ་ནག་ཆུ་གྲོང་ཁྱེར་ལ་རྒན་རྒོན་སྨན་བཅོས་དང་ལུས་གསོ་ཟུང་འབྲེལ་གྱི་ཞབས་ཞུའི་ཚོད་ལྟ་དང་། ལྷ་ས་གྲོང་ཁྱེར་ལ་ཁྱིམ་སྡོད་དང་སྡེ་ཁུལ་གྱི་རྒན་གསོ་ཞབས་ཞུའི་ཚོད་ལྟ་སྔ་རྗེས་སུ་བྱས་ཡོད་ཅེས་ངོ་སྤྲོད་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།