ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱི‘བདུན་གཅིག’གླུ་གར་འགྲན་བསྡུར”གྱི་བྱ་འགུལ་ཉིང་ཁྲི་གྲོང་ཁྱེར་དུ་བསྡུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2022-06-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

a400e85d-fd31-444b-a167-a7a1958f12d4.jpg

འདི་ནི་གཞིས་རྩེ་གྲོང་ཁྱེར་གྱི་འཐུས་མི་ཚོགས་པས《བདེ་སྐྱིད་བོད་ཁྱིམ》ཞེས་པའི་གླུ་དབྱངས་ལེན་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། “‘གླུ་ཞིག་བླངས་ནས་ཏང་ལ་འབུལ’ཏང་གི་ཚོགས་ཆེན་ཉི་ཤུ་པ་དགའ་བས་བསུ། དུས་རབས་གསར་པར་འབད་པས་མདུན་དུ་སྐྱོད—— ལྗོངས་ཡོངས་ཀྱི‘བདུན་གཅིག’གླུ་གར་འགྲན་བསྡུར”ཉིང་ཁྲི་གྲོང་ཁྱེར་གྱི་ཀོང་པོ་སྤྱི་གླིང་དུ་གཉེར་ཞིང་། ཐོག་མའི་འགྲན་བསྡུར་བྱས་པ་བརྒྱུད་བདམས་ཐོན་བྱུང་བའི་གྲོང་ཁྱེར་དང་ས་ཁུལ་7དང་། ལྗོངས་ཐད་གཏོགས་ཚན་པ། ཁེ་ལས་སོགས་ཀྱི་འཐུས་མི་ཚོགས་པ་15ཡིས་གསར་བརྗེའི་གླུ་དབྱངས་སྣ་ཚོགས་བླངས་པ་དང་དུས་རབས་ཀྱི་བསྟོད་གླུ་ཡང་ཡང་ཕུལ་ཏེ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག“འཛུགས་གཏོད་བཞིར”སྐུལ་འདེད་གཏོང་བར་ཤུགས་སྣོན་རྒྱག་རྒྱུ་དང“མདུན་གྲལ་དུ་སླེབས་པ་བཞི”ཡོང་བར་འབད་བརྩོན་མཐའ་འཁྱོངས་བྱས་པ་མཚོན་པ་དང་། དྲིན་ཚོར་མདུན་སྐྱོད་དང་ལས་བརྩོན་གསར་གཏོད་ཀྱི་ཞུམ་པ་མེད་པའི་སྙིང་སྟོབས་དང་ཉམས་འགྱུར་མཚོན་པར་བྱས་པ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་བྱེད་པའི་ཟོལ་མེད་བརྩེ་སེམས་མཚོན་པར་བྱས་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་ཐུབ་པའི་སྨོན་འདུན་བཟང་པོ་ཞུས་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།