ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོར་བྱས་ནས་བདེ་སྐྱིད་ཀྱི་འཚོ་བ་རོལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-06-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

0662917d-cab3-4b73-b605-aa2648226bee.jpg

པར་འདི་ནི་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་སྤུ་ཧྲེང་གྲོང་རྡལ་རི་ཁུག་གྲོང་ཚོའི་གནས་སྤོར་སྡོད་གནས་གསར་བའི་རྣམ་པ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་མངས་རིས་ས་ཁུལ་སྤུ་ཧྲེང་རྫོང་སྤུ་ཧྲེང་གྲོང་རྡལ་རི་ཁུག་གྲོང་ཚོ་ནི་བོད་ཀྱི་ཁ་འབབ་ཆུ་བོ་བཞིའི་ཡ་གྱལ་ཏེ། རྨ་བྱ་ཁ་འབབ་ཀྱི་མགོ་ཁུངས་སུ་གནས་པའི་གྲོང་ཚོ་དང་པོ་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་རི་ཁུག་གྲོང་ཚོའི་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོར་གྱི་ལས་དོན་ཧུར་ཐག་གིས་སྤེལ་ནས། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་བསྐྲུན་པར་སྐུལ་འདེད་བཏང་སྟེ་མང་ཚོགས་ཕྱུག་འགྱུར་དང་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པར་སྣེ་ཁྲིད་བྱས་པ་དང་། མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཉིན་བཞིན་ཆེ་རུ་ཕྱིན་ནས་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པར་གྱུར་ཡོད། །

8a641e58-c78f-4860-8067-9d6744326e2f.jpg

པར་འདི་ནི་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་རི་ཁུག་གྲོང་ཚོའི་ཕྱུག་འགྱུར་སྣེ་ཁྲིད་མཁན་ཚེ་རིང་འཇིགས་མེད་ཀྱི་ཁྱིམ་རེད།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།