ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བྱང་ཐང་འབྲོག་པའི་འཕྲུལ་སྒུལ་འཁོར་རིགས་ཀྱི་ཞིབ་དཔྱད་ཚད་ལེན་སྒྲིག་གཞིར་ལྟ་སྐུལ་ཞིབ་བཤེར་བྱས་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-06-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འཕྲུལ་སྒུལ་འཁོར་རིགས་ཀྱི་ཞིབ་དཔྱད་ཚད་ལེན་གྱི་བརྒྱུད་རིམ་སྔར་བས་ཚད་ལྡན་དུ་གཏོང་བ་དང་ཞིབ་བཤེར་སྒྲིག་གཞིས་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་པར་ལྟ་སྐུལ། མང་ཚོགས་ཀྱི་ཕྱིར་སྐྱོད་བདེ་འཇགས་འགན་ལེན་ཏན་ཏིག་བཅས་བྱེད་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ཁྲིམས་འཛིན་མི་སྣ་འདམ་གཞུང་རྫོང་དུ་བསྐྱོད་དེ། འདམ་གཞུང་རྫོང་ཁྲོམ་ར་ལྟ་འདོམས་ཅུས་དང་མཉམ་དུ་ཞིབ་དཔྱད་ཚད་ལེན་སྒྲིག་གཞིའི་བདེན་དཔང་ར་སྤྲོད་ལག་ཁྱེར་གསར་དུ་རག་པའི་འདམ་གཞུང་རྫོང་བྱང་ཐང་འབྲོག་པའི་འཕྲུལ་སྒུལ་འཁོར་རིཌ་ཞིབ་དཔྱད་ཚད་ལེན་སྒྲིག་གཞིར་ལྟ་སྐུལ་ཞིབ་བཤེར་གྱི་ཞབས་ཞུའི་ལས་དོན་སྤེལ་བ་རེད།

“ཞིབ་བཤེར་བྱེད་སྐབས་ང་ཚོས་འཕྲུལ་སྒུལ་འཁོར་རིཌ་ཞིབ་དཔྱད་ཚད་ལེན་སྒྲིག་གཞིས་ཞིབ་དཔྱད་ཡོ་བྱད་སྤྱོད་པའི་གཞི་རྩའི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་དང་། འཕྲུལ་སྒུལ་འཁོར་རིགས་ཀྱི་ཞིབ་དཔྱད་སྒྲིག་གཞིས་ཞིབ་དཔྱད་སྒྲིག་ཆས་ལ་དུས་བཀག་ལྟར་ཞིབ་བཤེར་བྱེད་མིན་དང་། ཞིབ་དཔྱད་གཏན་འཁེལ་གྱི་ཚད་མ་ལོན་པའམ་ཡང་ན་ཞིབ་དཔྱད་གཏན་འཁེལ་གྱི་དུས་འཁོར་ཐིམ་ཡང་མུ་མཐུད་སྤྱོད་པའི་ཁྲིམས་འགལ་བྱེད་སྤྱོད་ཡོད་མེད་ལ་ཞིབ་བཤེར་བྱས་ཡོད། གཏོགས་ཁོངས་ཀྱི་འགན་འཁྲི་ནན་དུ་གཏོང་བ་དང་། འདམ་གཞུང་རྫོང་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཁོངས་གཏོཌ་ཁུལ་གྱི་འཕྲུལ་སྒུལ་འཁོར་རིགས་ཞིབ་དཔྱད་ཚད་ལེན་སྒྲིག་གཞིར་ཆེད་དོན་ལྟ་སྐུལ་ཞིབ་བཤེར་བྱེད་དགོས་པའི་བླང་བྱ་བཏོན་ཡོད”ཅེས་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ཁྲིམས་འཛིན་མི་སྣས་བརྗོད།

ད་ཐེངས་ཀྱི་ཞིབ་བཤེར་བརྒྱུད་འཕྲུལ་སྒུལ་འཁོར་རིགས་ཀྱི་ཞིབ་དཔྱད་ཚད་ལེན་སྒྲིག་གཞིས་ཚད་འཇལ་དོ་དམ་ལམ་ལུགས་འཛུཌ་པ་དང་འཐུས་སྒོ་ཚང་དུ་གཏོང་བར་ལྟ་སྐུལ་བྱས་པ་དང་། ཞིབ་དཔྱད་སྒྲིག་ཆས་ཀྱི་དོ་དམ་ཡིག་ཚགས་བཟོ་བ། ཞིབ་དཔྱད་སྒྲིག་ཆས་ལ་དུས་བཀག་བཞིན་བརྟག་དཔྱད་བཅས་བྱས་ཏེ་ཞིབ་དཔྱད་སྒྲིག་ཆས་གང་ལེགས་སྤྱོད་ཐུབ་པ་དང་འཕྲུལ་སྒུལ་འཁོར་རིགས་ཀྱི་ཞིབ་དཔྱད་ཚད་ལེན་སྒྲིག་གཞིས་མཁོ་འདོན་བྱས་པའི་ཞིབ་དཔྱད་གྲངས་གཞི་གནད་ལ་འཁེལ་བ་དང་བློས་འགེལ་ཆོག་པའི་འགན་ལེན་བྱས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར་ལྷ་ས་གྲོང་ཁྱེར་དུ་འཕྲུལ་སྒུལ་འཁོར་རིགས་ཞིབ་དཔྱད་ཚད་ལེན་སྒྲིག་གཞི་11ཡོད་པ་དེ་དག་ཚང་མ་སྤྱི་ཚོགས་ཅན་དང་རང་ཚུགས་ཁྲིམས་མིའི་ཚན་པའི་ཁོངས་སུ་གཏོགས་ཤིང་། ལྷ་ས་གྲོང་ཁྱེར་གྱི་རླངས་འཁོར་ཁྲི་31ཙམ་དང་དེ་བཞིན་ལྗོངས་ནང་ཁུལ་གྱི་གྲོང་ཁྱེར་དང་ས་ཁུལ་གཞན་དག་གི་རླངས་འཁོར་དང་ལྗོངས་ཕྱིའི་རླངས་འཁོར་ལ་ཞིབ་དཔྱད་ཚད་ལེན་གྱི་ལས་སྒོ་སྒྲུབ་ཀྱི་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།