ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ་གཅིག་ནང་བསྡོམས་པས་དངོས་ཟོག་ཏུན་ཁྲི4.78སྐྱེལ་འདྲེན་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-06-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི་ལྷ་ས་མེ་འཁོར་འབབ་ཚུགས་ནས་ཤེས་གསལ་ལྟར་ན། ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ་གཅིག་ཕྱིན་པའི་རིང་བསྡོམས་པས་དངོས་ཟོག་ཏུན་ཁྲི4.78སྐྱེལ་འདྲེན་བྱས་པས། དམངས་ཕྱུག་བོད་དར་གྱི“མཁའ་ལམ་གསར་པའི”ནུས་པ་ཉིན་རེ་བཞིན་མངོན་གསལ་དུ་གྱུར་ཡོད།

ངོ་སྤྲོད་ལྟར་ན། མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིའི་ལྷ་ས་འབབ་ཚུགས་ཀྱིས2022ལོའི་ཟླ2པའི་ཚེས24ཉིན་དོས་སྒམ་ལས་སྒོ་གཉེར་མགོ་བརྩམས་ཤིང་། ཟླ3པའི་ཚེས28ཉིན་ཆིང་ཐུང་ཞ་ལྕགས་ལམ་ཟོག་འདྲེན་བྱ་ཡུལ་ནས་ཐོན་པ་དང་ཏུན1470དྲུད་པའི་སོལ་ཐལ་གྱི་དོས་སྒམ21ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་གྱི་ཉིང་ཁྲི་འབབ་ཚིགས་ཟོག་འདྲེན་ར་བར་བདེ་བླག་ངང་འབྱོར་བ་རེད། འདི་ནི་ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱེད་མགོ་ཚུགས་ཚུན་དོས་སྒམ་ཆེད་གཏོང་མེ་འཁོར་དང་པོ་ཡིན། རླངས་འཁོར་སྐྱེལ་འདྲེན་དང་བསྡུར་ན་དོས་སྒམ་བརྒྱུད་དེ་སོལ་ཐལ་སྐྱེལ་འདྲེན་བྱས་ན། སྔར་ལས་ཁོར་ཡུག་སྲུང་སྐྱོང་བྱེད་ཐུབ་པ་མ་ཟད། ད་དུང་སྐྱེལ་འདྲེན་ནུས་རྒྱུའི་ཟད་གྲོན3%གྲོན་ཆུང་བྱེད་ཐུབ་པས། “ཐཱན་གཉིས”དམིགས་ཚད་འོག་གི་ལྗང་མདོག་ཟོག་འདྲེན་གྱི་འཕེལ་ཕྱོགས་གསར་པ་དང་མཐུན་པ་དང་། ཉིང་ཁྲི་ས་ཁུལ་གྱི་སྐྱེལ་འདྲེན་གྲུབ་ཆ་སྔར་ལས་ལེགས་བཅོས་དང་། ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་ཟོག་འདྲེན་གྱི་གཞི་ཁྱོན་ཆེ་རུ་གཏོང་བ། ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་ཟོག་འདྲེན་གྱི་སྤུས་ཚད་མཐོ་བའི་སྣ་མང་ཅན་གྱི་འཕེལ་རྒྱས་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་པ་རེད།

ཤེས་གསལ་ལྟར་ན། ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་ཤར་གཏོང་བྱས་པའི་ཚུན། མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིའི་ལྷ་ས་མེ་འཁོར་འབབ་ཚུགས་ཀྱིས་ཟོག་འདྲེན་གྲ་སྒྲིག་ལས་དོན་ཧུར་ཐག་གིས་བསྒྲུབས་ནས། འཕྲུལ་ཆས་བཀོལ་སྤྱོད་མི་སྣའི་གསོ་སྦྱོང་ལ་ཤུགས་སྣོན་དང་། འདོན་འཇུག་མི་སྣ་བཀོད་སྒྲིག འཕྲུལ་ཆས30ལྷག་སྒྲིག་སྦྱོར་བཅས་བྱས་ཡོད།《ལྷ་ས་མེ་འཁོར་འབབ་ཚུགས་ཀྱི་ལྕགས་ལམ་དངོས་ཟོག་འདོན་འཇུག་དོ་དམ་གྱི་ལག་བསྟར་ཞིབ་སྲོལ》དང《ལྷ་ས་མེ་འཁོར་འབབ་ཚུགས་ཀྱི་འདོན་འཇུག་འགོག་སྲུང་བརྡ་རྟགས་བེད་སྤྱོད་དོ་དམ་གྱི་ཞིབ་སྲོལ》།《ལྷ་ས་མེ་འཁོར་འབབ་ཚུགས་ཀྱི་འདོན་འཇུག་དོ་དམ་གྱི་དཔྱད་ཞིབ་བྱ་ཐབས》དང《ལྷ་ས་མེ་འཁོར་འབབ་ཚུགས་ཀྱི་ཟོག་འདྲེན་དང་འདོན་འཇུག་ལས་དོན་མཛུབ་ཁྲིད་དཔེ་དེབ》སོགས་གཏན་ལ་ཕབ་པ་མ་ཟད་འཐུས་ཚང་དུ་བཏང་ནས། ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་གྱི་དངོས་ཟོག་གི་འདོན་འཇུག་ལས་དོན་ལ་རྨང་གཞི་བཏིངས། གཞན་ཡང་། ཉིང་ཁྲི་ས་ཚིགས་ཀྱི་ཟོག་འདྲེན་ལས་སྒོའི་སྤྱི་ཡོངས་ཀྱི་ཆུ་ཚད་མི་མཐོ་བའི་དངོས་ཡོད་གནས་ཚུལ་ལ་དམིགས་ཏེ། མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིས་ས་གནས་སུ་ཞིབ་བཤེར་ལྟ་སྐུལ་བྱེད་པའི་བྱེད་སྟངས་ཐོག་ནས་ཟོག་འདྲེན་ཚོགས་ཆུང་ལ་རོགས་སྐྱོར་བྱས་པ་དང་། ས་གནས་སུ་དངོས་ཟོག་འདོན་འཇུག་བྱེད་པ་ནས་ནང་ལས་བྱང་བཟོ་སོགས་ཀྱི་ལྷུ་ཚིགས་ཁག་ལ་གཅིག་གཏད་གཅིག་གི་མཛུབ་ཁྲིད་བྱས་ཏེ་ཟོག་འདྲེན་མི་སྣའི་ཟོག་འདྲེན་ལས་སྒོའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་། ། 

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།