ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ལྷ་སའི་གནང་ར་ཨ་རག་གྲོང་ཚོའི་རྣམ་གྲངས་བདེ་བླག་ངང་སྐྲུན་མགོ་ཚུགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-06-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས28ཉིན་གྱི་ཕྱི་དྲོར། ལྷ་སའི་གནང་ར་ཨ་རག་གྲོང་ཚོའི་རྣམ་གྲངས་ཀྱི་ལས་མགོ་ཚུགས་པའི་མཛད་སྒོ་དང2022ལོའི་ཅང་སུའུ་ཡི་བོད་སྐྱོར་རྣམ་གྲངས་འཛུགས་སྐྲུན་གྱི་སྐུལ་སྤེལ་ཚོགས་འདུ་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་གནང་ར་ཨ་རག་གྲོང་ཚོའི་ཨར་སྐྲུན་ཡུལ་དངོས་སུ་བསྡུས།

༡.jpg

པར་འདི་ནི་ཚོགས་ཞུགས་སྐུ་མགྲོན་གྱིས་རྣམ་གྲངས་ཀྱི་རྨང་རྡོ་འདིང་བཞིན་པའི་རྣམ་པ་རེད། 

ལྷ་སའི་གནང་ར་ཨ་རག་གྲོང་ཚོའི་རྣམ་གྲངས་ནི་ཅང་སུའུ་བོད་སྐྱོར་གྱིས་ནང་འདྲེན་བྱས་པའི་ཐོན་ལས་རྣམ་གྲངས་གལ་ཆེན་ཞིག་ཡིན། རྣམ་གྲངས་ཐད་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར10བཏང་ནས“ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་མཉམ་འདྲེས་འཕེལ་རྒྱས”ཀྱི་འདུ་ཤེས་གཞིར་བཟུང་། “ཐོན་ལས་དང་གྲོང་ཁྱེར་མཉམ་འདྲེས་དང་། ཨ་རག་ཐོན་ལས་དང་གྲོང་ཚོ་མཉམ་འདྲེས། ཨ་རག་ཐོན་ལས་དང་ཡུལ་སྐོར་མཉམ་འདྲེས”བཅས་ཀྱི་འཕེལ་རྒྱས་རྣམ་པ་གསར་གཏོད་བྱས་ཏེ། ནས་ལས་སྣོན་ཐོན་ལས་སྤུས་ལེགས་སྒྲུབ་པ་དང་། ཆང་བསྙལ་ཐོན་ལས་སྟོབས་ལྡན། ཁྱད་ལྡན་རིག་གནས་ཡུལ་སྐོར་ཐོན་ལས་ལེགས་པོ་བཅས་སུ་གཏོང་དགོས། དཔྱད་དཔོག་བྱས་པ་བརྒྱུད། རྣམ་གྲངས་སྐྲུན་ནས་སྤྱོད་མགོ་ཚུགས་རྗེས་ལོ་རེའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར10ལས་བརྒལ་བ་མ་ཟད། ལོ་རེར་རིམ་བཞིན་འཕར་སྣོན་བྱུང་ནས་ཉེ་འགྲམ་གྱི་རོང་འབྲོག་མང་ཚོགས1000ལྷག་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་ནས། ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་ནུས་ལྡན་སྒོས་ལེགས་སྒྱུར་དང་མཐོར་འདེགས་སུ་བཏང་སྟེ། ལྷ་སའི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་རོགས་འདེགས་བྱ་རྒྱུ་རེད།

༢.jpg

པར་འདི་ནི་གནང་ར་ཨ་རག་གྲོང་ཚོའི་རྣམ་གྲངས་ཀྱི་སྤྱིིའི་བཟོ་བཀོད་དཔེ་རིས་རེད།

ཡུལ་དངོས་སུ་ད་དུང་ཅང་སུའུ་ཡི་བོད་སྐྱོར་རྣམ་གྲངས་ཀྱི་མཚོན་རྟགས་ཁྱབ་བསྒྲགས་བྱས་ཤིང་། མཚོན་རྟགས་ཀྱིས“བ་སྤུ་མེ་ཏོག་དང་སྐལ་བཟང་མེ་ཏོག་གི་དྲི་བསུང་མཉམ་དུ་འཐུལ”ཞེས་པ་བརྗོད་གཞིར་བྱས་ཡོད་ལ། དེའི་ཅང་སུའུ་དང་བོད་ལྗོངས་ཀྱི་བརྩེ་བ་དང་། ཅང་སུའུ་ཡི་བོད་སྐྱོར་རྣམ་གྲངས་རེ་རེ་སྤུས་ལེགས་ལས་གཞི་དང་། སྤྱོད་གཙང་ལས་གཞི། མི་དམངས་ཀྱི་བློ་ཡིད་ཚིམ་པའི་ལས་གཞིར་བསྐྲུན་པར་སྐུལ་ལྕག་བྱས་པ་མཚོན་ཡོད། 

༣.jpg

པར་འདི་ནི་ཡུལ་དངོས་སུ་ཅང་སུའུ་ཡི་བོད་སྐྱོར་རྣམ་གྲངས་ཀྱི་མཚོན་རྟགས་ཁྱབ་བསྒྲགས་བྱས་པའི་རྣམ་པ་རེད།

ངོ་སྤྲོད་བྱས་པ་ལྟར་ན། ད་ལོར་ཅང་སུའུ་ཡིས་བོད་ལྗོངས་ལ་ཁ་གཏད་རོགས་སྐྱོར་གྱི་མ་དངུལ་སྒོར་དུང་ཕྱུར5.12བཀོད་སྒྲིག་བྱས་ཏེ་བོད་སྐྱོར་རྣམ་གྲངས66ལག་བསྟར་བྱ་རྒྱུ་ཡིན་ལ། དེར་རིག་སྟོབས་རོགས་སྐྱོར་དང་། ཐོན་ལས་རོགས་སྐྱོར་གྱིས་ལས་ཞུགས་ལ་སྐུལ་སྤེལ། དམས་འཚོ་ལེགས་བཅོས་དང་འགན་ལེན། མི་རིགས་འགྲོ་འོང་བརྗེ་རེས་མཉམ་འདྲེས། རིག་གནས་སློབ་གསོའི་རོགས་སྐྱོར་སོགས་འདུས་ཡོད་པ་དང་། དེའི་ནང་རྣམ་གྲངས60ལྷག་ལས་མགོ་ཚུགས་ཡོད། ལྷག་པར་དུ་ཅང་སུའུ་བོད་སྐྱོར་བཀོད་འདོམས་པུའུ་ཡིས་ཆེད་དམིགས་ཚོང་འགུགས་དངུལ་འདྲེན་གྱི་དཔུང་ཁག་ཆུང་ངུ་བཙུགས་ནས། ཚོང་འགུགས་ལས་དོན་གྱི་ལམ་སྲོལ་མགྱོགས་མྱུར་བཙུགས་པ་དང་། ལྷ་སའི་ཐོན་ལས་ཀྱི་ཕྲེང་འབྲེལ་ཁ་གསབ་དང་། ཕྲེང་འབྲེལ་སྟོབས་ལྡན་དུ་གཏོང་བ། ཕྲེང་འབྲེལ་ནར་སྲིང་བཅས་ལ་དམ་པོར་དམིགས་ནས་གླིང་ཁུལ་རིམ་སྤོར་དང་རྣམ་གྲངས་ནང་འདྲེན། ཁེ་ལས་གསོ་སྐྱོང་སོགས་ཀྱི་ཐད་ཤུགས་སྣོན་བརྒྱབ་སྟེ། གཙོ་གནད་རྣམ་གྲངས་སྐོར་ཞིག་དེ་གར་བཅའ་སྡོད་དང་ཐོན་སྐྱེད་བྱེད་མགོ་ཚུགས་པར་སྐུལ་འདེད་ཧུར་ཐག་བཏང་ནས་མཐོ་སྒང་གི་ཁྱད་ལྡན་ཐོན་ལས་ཁྱུ་ཚོགས་འཕེལ་རྒྱས་རིམ་བཞིན་མངོན་འགྱུར་བྱུང་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།