ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དར་སྤེལ་ཡག་པོ་བཏང་སྟེ་སེམས་ཤུགས་གཅིག་སྒྲིལ་གྱིས་མདུན་དུ་སྐྱོད།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-06-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “གསོ་རླུང་དཀོན་ཡང་སྙིང་སྟོབས་མི་ཉམས” བོད་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་གངས་ལྗོངས་ས་མཐོར་མི་རིགས་མཐུན་སྒྲིལ་སྲ་བརྟན་དང་འཕེལ་རྒྱས་གཏོང་བའི་མི་སེམས་འགུལ་བའི་གཏམ་རྒྱུད་བརྩམས་ཡོད།

2021ལོའི་ཟླ་7པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བོད་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་བར་ཕེབས་ནས། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོར་ཕེབས་པ་རེད། གཞི་རིམ་གྱི་གྲོང་ཚོའི་ལས་བྱེད་པ་གཉིས་པོས་སྤྱི་ཁྱབ་ཧྲུའུ་ཅིས་རྟོག་ཞིབ་གནང་སྐབས་ཀྱི་གནས་ཚུལ་མང་པོ་བློ་ལ་བརྟན་པོར་ངེས་ཡོད།

ཁོང་གཉིས་པོ་ནས་གཅིག་ནི་ཀོང་ཏུང་ནས་ཡོང་བ་དང་བོད་དུ་གཞིས་ཆགས་པའི་གྲོང་དཔོན་སློབ་གྲྭ་ཆེ་མོ་བ་ཧོང་ཧའེ་ཧྥེན་ཡིན་ཞིང་། ཁོང་གིས“སྤྱི་ཁྱབ་ཧྲུའུ་ཅིས‘འདི་གར་མི་དགོས་མཁོ་ཆེན་པོ་ཡོད་པས་ཁྱེད་རང་གིས་འདི་གར་ལས་ཀ་ཡག་པོ་བྱེད་དགོས’ཞེས་བཀའ་མངགས་གནང་བྱུང་། བོད་ལ་ང་ཚོའི་ནུས་པ་འདོན་དགོས་པས་ང་ཚོ་བོད་དུ་གཞིས་ཆགས་འདོད་ཡོད”ཅེས་བཤད་པ་རེད།

གཅིག་ཤོས་ནི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྤེན་པ་རེད།

ཆུང་དུས་ནས་གྲོང་ཚོར་འཚར་ལོངས་བྱུང་བས་སྤེན་པས་ཨ་མས་རྐང་རྗེན་མར་འདམ་རྫབ་ནང་སྐྱོད་པའི་རྣམ་པ་ད་ལྟའང་བརྗེད་མེད།“ད་ཆ་ཀ་ལ་གྲོང་ཚོའི་འཚོ་བར་གྲོང་ཁྱེར་གྱི་མི་རྣམས་ཀྱིས་ཀྱང་ཡིད་སྨོན་བྱེད་པ་ནི་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་་ལས་བྱུང་བ་ཞིག་རེད”ཅེས་བཤད།

སྤྱི་ཁྱབ་ཧྲུའུ་ཅི་1998ལོ་དང་2011ལོར་ཀ་ལ་གྲོང་ཚོ་དང་ཐག་ཉེ་བའི་བྲག་ཕྱི་གྲོང་ཚོར་རྟོག་ཞིབ་གནང་བར་ཐེངས་གཉིས་ཕེབས་པས་སྤེན་པར་བག་ཆགས་ཟབ་མོ་བཞག་ཡོད“སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོར་ཐུགས་ཁྲལ་གནང་གི་འདུག ཐེངས་གཉིས་པ་ཕེབས་དུས་ཡུལ་མི་ཚོའི་འཚོ་བ་ཡག་པོ་ཡོད་པ་གཟིགས་སྐབས་ཁོང་ཐུགས་ལྷོད་ལ་བབས་པ་མ་ཟད། ད་དུང་ང་ཚོར་ཕྱུག་འགྱུར་ལམ་བུའང་བསྟན་གནང་བྱུང”ཞེས་བཤད།

བོད་ལ་ཏང་ཀྲུང་དབྱང་གིས་ཐུགས་ཁུར་ཆེན་པོ་བྱེད་པ་དང་ཀྲུང་གོ་ཡོངས་ཀྱི་ཐུགས་ཁུར་ཆེན་པོ་བྱེད་ཀྱི་ཡོད།

1994ལོར་བོད་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་སྤེལ་འགོ་ཚུགས་ཚུན། འབྲི་ཆུའི་ལྷོ་བྱང་གཉིས་ནས་བོད་སྐྱོར་ལས་བྱེད་པ་ཁག་དང་ཁག་བྱས་ནས་གངས་ལྗོངས་ས་མཐོར་སླེབས། མིག་སྔར་བོད་སྐྱོར་ལས་བྱེད་ཤེས་ལྡན་མི་སྣ་5000ལྷག་ཙམ་ཡོད། 2021ལོར་རྒྱལ་ཡོངས་ཀྱིས་ཁ་གཏད་བོད་སྐྱོར་རྣམ་གྲངས་ཁྱོན་807ལག་བསྟར་བྱས་པ་དང་མ་དངུལ་སྒོར་དུང་ཕྱུར་402བཏང་སྟེ་སློབ་གསོ་དང་སྨན་བཅོས་ཀྱི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་གཏིང་ཟབ་སྤེལ་ཡོད།

2021ལོར་བོད་དུ་རྟོག་ཞིབ་གནང་རིང་སྙན་སེང་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་བྱེད་པ་དང་ལས་བཟོར་ཐུགས་ཁུར་དང་བྱམས་སྐྱོང་བྱེད་དགོས་པའི་ནན་བཤད་གནང་བ་དང་། སྙན་སེང་ཚོགས་འདུ་གྲོལ་རྗེས་སྤྱི་ཁྱབ་ཧྲུའུ་ཅིས་ཚོགས་ཞུགས་བོད་ལྗོངས་ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་ཁྲོད་དུ་ཕེབས་ནས་ཚང་མ་དང་ཅི་འཕྲོས་མོལ་འཕྲོས་གནང་བ་དང་། ཁོར་ཚོར“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་དགོས་པའི”ལྕག་སྐུལ་གནང་བ་རེད།

“སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངགས་བློ་ལ་བརྟན་པོར་ངེས་ཏེ་ང་ཚོས་བྱ་སྤྱོད་དངོས་ལ་བརྟེན་ནས་བོད་ཀྱི་འཕེལ་རྒྱས་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན”ཞེས་ཅང་སུའུ་ནས་ཡོང་བའི་བོད་སྐྱོར་ལས་བྱེད་པ་མཱ་ཧྭ་ཡིས་བཤད།

འགྲོ་ལམ་གྱི་འཕོ་འགྱུར་ནི་བོད་ཀྱི་འཕོ་འགྱུར་ཆེན་པོའི་བསྡུས་རིས་ཙམ་རེད། 1998ལོར་བློ་མཐུན་ཞི་ཅིན་ཕིང་བོད་དུ་ཕེབས་སྐབས། ལྷ་ས་གོང་དཀར་གནམ་ཐང་ནས་ཉིང་ཁྲིའི་བྲག་ཡིབ་གྲོང་རྡལ་བར་རླངས་འཁོར་བཞུགས་ནས་ཉིན་གང་ཕེབས་པ་རེད། ད་ཆ་ཁྲོན་བོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོ་སྐྲུན་འགོ་ཚུགས་པ་དང་། ལྷ་ཉིང་ལྕགས་ལམ་བསྐྲུན་ཟིན་ནས་མེ་འཁོར་ཤར་གཏོང་ཐུབ་པ། “བསྐྱར་དར་རྟགས་ཅན་གྱི་མྱུར་བགྲོད་མེ་འཁོར”བྱ་འཕུར་བ་ལྟར་སྐྱོད་ཀྱི་ཡོད་པས། ལྷ་ས་ནས་ཉིང་ཁྲི་བར་ཤུགས་འགྲེམས་མེ་འཁོར་བསྡད་ཚེ་ཆུ་ཚོད་3ལྷག་ཙམ་ལས་འགོར་གྱི་མེད་ལ་མྱུར་བགྲོད་གཞུང་ལམ་དུའང་ཆུ་ཚོད་4ལྷག་ཙམ་ལས་འགོར་གྱི་མེད།

ད་ཆ་བོད་ཀྱི་རྫོང་ཚང་མར་སྣུམ་ནག་ལམ་ཤར་གཏོང་ཐུབ་པ་དང་ཤང་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟོག་ཞིབ་ཐེངས་གཉིས་གནང་མྱོང་བའི་བྲག་ཕྱི་གྲོང་ཚོ་ནི་བོད་ཀྱི་གྲོང་གསེབ་ལ་འགྱུར་ལྡོག་ཆེན་པོ་བྱུང་བའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད། བྲག་ཕྱི་གྲོང་ཚོས་སྐྱེལ་འདྲེན་དང་ཡུལ་སྐོར་སོགས་ཀྱི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བས་ན་ནིང་མི་རེར་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་ཁྲི་4.7བྱུང་ཡོད། གྲོང་མི་སྐལ་བཟང་དབང་ཕྱུག་གི་ཁྱིམ་དུ་སྤྱི་ཁྱབ་ཧྲུའུ་ཅིས་ཁོང་ཚོར་གཟིགས་པར་ཕེབས་སྐབས་ཀྱི་སྐུ་པར་མངོན་གསལ་དོད་སར་སྒྲིག་ཡོད་པ་དང“ན་ནིང་ཁྱིམ་དུ་ཡོང་འབབ་སྒོར་ཁྲི་38བྱུང་བ་དང་ཕྲུ་གུ་གཉིས་སློབ་ཆེན་དུ་རྒྱུགས་འཕྲོད་པས་སློབ་གྲྭ་ཐོན་རྗེས་ང་ཚོས་མཉམ་དུ་མེས་རྒྱལ་ལ་ལེགས་སྐྱེས་འབུལ་རྒྱུ་ཡིན”ཞེས་བཤད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།