ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་གིས་ལྗོངས་ཕྱིར་ཚོགས་སྒྲིག་རྣམ་པའི་ངལ་ནུས་ཕྱིར་གཏོང་བྱས་ནས་མང་ཚོགས་འབབ་འཕར་ཡོང་བར་རོགས་རམ་བྱས།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-06-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་མི་སྤྱི་ཅུས་ཀྱིས་སྲིད་གཞུང་གིས་ངལ་ནུས་གཞན་སྒྱུར་དང་ལས་ཞུགས་ལ་སྒྲིག་འཛུགས་སྒོ་ནས་སྐུལ་འདེད་གཏོང་བར་དམིགས་ཏེ། ཕྱོགས་མང་པོ་ནས་ལས་ཞུགས་ལས་གནས་སྔོག་འདོན་བྱས་ཏེ་ཞིང་འབྲོག་མང་ཚོགས་དེ་བས་མང་བ་ལྗོངས་ཕྱིར་ལས་ཞུགས་བརྟན་པོ་ཐུབ་རྒྱུར་རོགས་རམ་བྱས་པ་རེད། 2021ལོར་སྟེང་ཆེན་རྫོང་མི་སྤྱི་ཅུས་ཀྱིས་ལྗོངས་ཕྱིར་ཚོགས་སྒྲིག་རྣམ་པའི་ངལ་ནུས་ཕྱིར་གཏོང་སྒྲིག་འཛུགས་བྱས་ཤིང་། ཞིང་འབྲོག་མང་ཚོགས་20ཡིས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་ནང་མིའི་སྨོན་འདུན་བཟང་པོ་ཡིད་ལ་འཆང་བཞིན་མཚོ་སྔོན་ཞིང་ཆེན་གོར་མོ་གྲོང་ཁྱེར་དུ་ལས་ཀར་བསྐྱོད་པ་རེད།

སྐུལ་སློང་ཚོགས་འདུའི་ཐོག སྟེང་ཆེན་རྫོང་གི་ཏང་སྲིད་འགན་འཁུར་བློ་མཐུན་གཙོ་བོས། མཚོ་སྔོན་ཞིང་ཆེན་གོར་མོ་གྲོང་ཁྱེར་དུ་ལས་ཀར་འགྲོ་མཁན་ཞིང་འབྲོག་མང་ཚོགས་ལ་ཟོལ་མེད་ཀྱི་སྨོན་འདུན་ཞུས་པ་དང་འབྲེལ། ཁོང་ཚོས་ཁོར་ཡུག་འཕྲོད་ཐབས་དང་འཇོན་ཐང་ཧུར་ཐག་སྦྱངས་ཏེ་ལྗོངས་ཕྱིའི་ལས་ཞུགས་གཞན་སྒྱུར་གྱི་སྔོན་སྐྱོད་པ་དང་། མི་རིགས་མཐུན་སྒྲིལ་གྱི་ལག་ལེན་པ། མི་རིགས་རིག་གནས་ཀྱི་ཁྱབ་སྤེལ་བ་བཅས་བྱས་ནས། ཏང་དང་སྲིང་གཞུང་གི་ཐུགས་ཁུར་དང་བྱམས་བརྩེ་ཆུད་ཟོས་སུ་མི་གཏོང་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད། གཞན་ཡང་སྟེང་ཆེན་རྫོང་སྤྱི་ཁྱབ་བཟོ་ཚོགས་དང་གཅེས་སེམས་ཁེ་ལས་ཀྱིས་ཁོང་ཚོ་མི་རེར་དངུལ་སྨར་སྒོར་1000དང་འཚོ་བའི་མཁོ་ཆས་སྤྲད་པ་རེད།

ཆབ་མདོ་གྲོང་ཁྱེར་མི་སྤྱི་ཁོངས་གཏོགས་ཀྱི་འབྲེལ་ཡོད་མི་སྣས་གོམ་སྟབས་རྗེས་མར་མི་རིགས་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་མཐོ་ཚད་ནས་འགོ་འཛུགས་པ་དང་། ཆབ་མདོའི་ཞིང་གསུམ་ས་སྦྲེལ་གྱི་ཁུལ་བབ་ཀྱི་ལེགས་ཆ་འདོན་སྤེལ་དང་དེ་བཞིན་ཁྲུང་ཆིང་དང་། ཐེན་ཅིན། ཧྥུའུ་ཅན་བཅས་ཀྱིས་ཆབ་མདོར་རོགས་སྐྱོར་བྱེད་པའི་གོ་སྐབས་དམ་པོར་བཟུང་བ། ཉེ་འགྲམ་གྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་དང་ཆབ་མདོར་རོགས་སྐྱོར་བྱེད་མཁན་ཞིང་ཆེན(གྲོང་ཁྱེར)ནས་ལྗོངས་ཕྱིའི་སྤུས་ཚད་མཐོ་བའི་ལས་ཞུགས་གོ་སྐབས་ནུས་ཤུགས་ཡོད་རྒུས་བརྩོན་ལེན་བྱེད་པ། “ཚོགས་སྒྲིག་རྣམ་པ་ཆུང་ངུའི”ངལ་ནུས་ཕྱིར་གཏོང་གི་བྱ་ཐབས་སྤྱོད་པ། ཞིང་འབྲོག་མང་ཚོགས་དེ་བས་མང་བ་ཕྱིར་སྐྱོད་ཕོད་པ་དང་ཕྱིར་སྐྱོད་འདོད་བྱ་རྒྱུར་ཁྲིད་སྟོན་དང་ལྕག་སྐུལ་བྱེད་པ། གྲོང་ཁྱེར་ཡོངས་ཀྱི་ལྗོངས་ཕྱིའི་ལས་ཞུགས་གཞན་སྒྱུར་གྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ནས་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།