ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་གིས་རྫོང་ཁོངས་ཀྱི་ཆུ་ལམ་ངོགས་གཉིས་ཀྱི་གད་སྙིགས་གཙང་སེལ་བྱས་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-06-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་ཆུ་དཔོན་གཞུང་དོན་ཁང་གིས་རྫོང་ཐད་གཏོགས་ཚན་པ་ཁག་དང་། ཁྲབ་རྨོག་གྲོང་རྡལ། དེ་བཞིན་ཁྲབ་རྨོག་གྲོང་རྡལ་ཁྲབ་རྨོག་གྲོང་ཚོ་དང་ས་སྡིངས་གྲོང་ཚོ་བཅས་ཀྱི་ལས་བྱེད་པ་དང་མང་ཚོགས་40ལྷག་ཙམ་སྒྲིག་འཛུགས་བྱས་ནས་རྫོང་ཁོངས་ཀྱི་ཆུ་ལམ་ངོགས་གཉིས་ཀྱི་གད་སྙིགས་གཙང་སེལ་བྱས་པ་རེད།

བྱེད་སྒོ་སྤེལ་རིང་། གཙང་སེལ་བྱེད་སྒོར་ཞུགས་མཁན་གཞོགས་འདེགས་ཧུར་ཐག་དང་ལས་བགོས་མཉམ་ལས་ལ་མཐོང་ཆེན་བྱས་ཏེ་ཆུ་ལམ་ངོགས་གཉིས་ཀྱི་གད་སྙིགས་གཙང་སེལ་ལས་ཀ་ཡག་པོ་བྱས་པ་དང་དུས་མཚུངས། ཆུ་ལམ་ངོགས་གཉིས་ཀྱི་མང་ཚོགས་ལ་ཆུ་དཔོན་ལམ་ལུགས་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པའི་གལ་ཆེའི་རང་བཞིན་དྲིལ་བསྒྲགས་དང་། ཚང་མར“མ་ཡུམ་ཆུ་བོ”མཉམ་དུ་སྲུང་སྐྱོང་ཡག་པོ་བྱས་ནས་ཆུའི་ནང་གད་སྙིགས་གང་བྱུང་དབྱུག་པའི་ཚུལ་མིན་བྱེད་སྤྱོད་གཏན་འགོག་ནན་པོ་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།

ཆུ་ལམ་ངོགས་གཉིས་གཙང་སེལ་གྱི་བྱེད་སྒོ་ཡག་པོ་སྤེལ་ནས་རྫོང་ཡོངས་ཀྱི་མང་ཚོགས་ལ་འཚོ་བའི་ཁོར་ཡུག་ཡག་པོ་བཏོད་པ་དང་ཆབས་ཅིག་གྲོང་ཁྱེར་གྱི་འཕེལ་རྒྱས་གསར་པ་དང་རྣམ་པ་གསར་པ་གཏོད་རྒྱུར་ལེགས་སྐྱེས་ཕུལ་ཡོད། ད་ཐེངས་ཀྱི་བྱེད་སྒོར་ལྗིད་ཚད་ཏུན་ཁྲི་1.2ཟིན་པའི་གད་སྙིགས་འགྱིག་ཤོག་30གཙང་སེལ་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།