ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

མཐོ་སྒང་གི་ཟོག་འདྲེན་མྱུར་ཚད་ཇེ་མགྱོགས་སུ་ཕྱིན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-06-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༡.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། G4218བོད་ལྗོངས་ཉིང་ཁྲི་ནས་ལྷ་སའི་བར་གྱི་མཐོ་རིམ་གཞུང་ལམ(གཤམ་དུ་ལྷ་ཉིང་མཐོ་རིམ་གཞུང་ལམ་ཞེས་བསྡུ་རྒྱུ)གྱི་ཉིང་ཁྲི་ནས་ཀོང་པོ་རྒྱ་མདའི་མཚམས་སུ་ཟོག་འདྲེན་རླངས་འཁོར་ཚོད་གཏོང་བྱེད་མགོ་ཚུགས་ཤིང་། དེས་ལྷ་ཉིང་མཐོ་རིམ་གཞུང་ལམ་གྱི་ལམ་ཐིག་ཧྲིལ་པོ་ཟོག་འདྲེན་རླངས་འཁོར་ལ་ཤར་གཏོང་བྱས་པ་མཚོན་ཡོད།

༩.jpg

རྒྱུས་ལོན་བྱུང་བ་ལྟར་ན། ཟླ5པའི་ཚེས9ཉིན་ལྷ་ཉིང་མཐོ་རིམ་གཞུང་ལམ་ཀོང་པོ་རྒྱ་མདའ་ནས་ལྷ་སའི་མཚམས་སུ་ཟོག་འདྲེན་རླངས་འཁོར་ཚོད་གཏོང་བྱས་པ་ནས་བཟུང་། བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གིས་གསར་འགྱུར་སྨྱན་སྦྱོར་བེད་སྤྱོད་གང་ལེགས་བྱས་ནས་དྲིལ་སྒྲོག་རྒྱ་ཁྱབ་བྱས་ཏེ། རྒྱ་ཆེའི་ཁ་ལོ་བ་དང་འགྲུལ་བར་དམངས་ཕན་བྱ་ཐབས་འདི་རྒྱུས་ལོན་བྱེད་དུ་བཅུག འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཁྲིམས་བསྟར་སྡེ་ཁག་གིས་འཐབ་ས་དང་པོའི་ཁྲིམས་བསྟར་བྱ་ཡུལ་དུ་རླངས་འཁོར་གྱི་ཤོང་ཚད་ལས་བརྒལ་བ་བཅོས་སྒྲིག་གི་སྲིད་ཇུས་དྲིལ་སྒྲོག་དང་སྤྱི་བསྒྲགས། འགྲེལ་བཤད་བཅས་བྱས་པ་མ་ཟད། ཟོག་འདྲེན་རླངས་འཁོར་མཐོ་རིམ་གཞུང་ལམ་དུ་བསྐྱོད་པའི་ཚེ་ཁྲིམས་བསྟར་བྱེད་པར་མཁོ་བའི་མཁྲེགས་ཆས་དང་མཉེན་ཆས་ཀྱི་སྒྲིག་བཀོད་བཙུགས་པར་དམིགས་ཏེ། ཆུ་ཚོད24ཡི་ལས་རེས་ལག་བསྟར་བྱས་ནས། ལྷ་ཉིང་མཐོ་རིམ་གཞུང་ལམ་གྱི་ཀོང་པོ་རྒྱ་མདའ་ནས་ལྷ་སའི་མཚམས་སུ་ཟོག་འདྲེན་རླངས་འཁོར་ཤར་གཏོང་ཐུབ་རྗེས་བརྟན་ཞིང་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་བྱེད་པར་འགན་ལེན་ཏན་ཏིག་བྱས་ཡོད། །

༢.jpg

༦.jpg

༨.jpg

༣.jpg

༥.jpg

༤.jpg

༧.jpg

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།