ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱི་གཞུང་བཙུགས་སྨན་ཁང་གིས“མཐོར་འདེགས་གསུམ”གྱི་བྱ་འགུལ་སྤེལ་མགོ་ཚུགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-06-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གཞུང་བཙུགས་སྨན་ཁང་གི“སྨན་བཅོས་སྤུས་ཚད་དང་། ནད་པར་བརྟག་དཔྱད། སྨན་ཁང་དོ་དམ”བཅས་མཐོར་འདེགས་སུ་གཏོང་བའི་བྱ་འགུལ་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་བསྡུས་ཤིང་། 2022ལོ་ནས2025ལོའི་རིང་ལྗོངས་ཡོངས་ཀྱི་གཞུང་བཙུགས་སྨན་ཁང་དུ་སྨན་བཅོས་སྤུས་ཚད་དང་ནད་པར་བརྟག་དཔྱད། སྨན་ཁང་དོ་དམ་བཅས་མཐོར་འདེགས་སུ་གཏོང་བའི་བྱ་འགུལ(བསྡུས་མིང“མཐོར་འདེགས་གསུམ”གྱི་བྱ་འགུལ)སྤེལ་ཏེ། ལྗོངས་ཡོངས་ཀྱི་གཞུང་བཙུགས་སྨན་ཁང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་རེད། 

ངོ་སྤྲོད་བྱས་པ་ལྟར་ན། “མཐོར་འདེགས་གསུམ”བྱ་འགུལ་གྱི་ནང་ཕྱོགས་ལྔའི་ལས་དོན་ཚུད་ཡོད་དེ། གཅིག་ནི་སྨན་བཅོས་ཞབས་ཞུའི་སྤུས་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་སུ་གཏོང་དགོས། རིག་ཚན་མ་ལག་འཛུགས་སྐྲུན་དང་། ལས་དོན་ལམ་སྲོལ་གསར་སྐྲུན། འགན་སྲུང་མ་ལག་འཐུས་ཚང་བཅས་ལ་ཤུགས་བསྣན་ནས་སྨན་བཅོས་ལག་རྩལ་སྤྱི་ཡོངས་ནས་མཐོར་འདེགས་བྱུང་བར་སྐུལ་ཁྲིད་བྱེད་པ། ལྟེ་བའི་ལམ་ལུགས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས་ལུགས་མཐུན་གྱིས་ཞིབ་བཤེར་དང་སྨན་སྤྱོད། སྨན་བཅོས་བྱེད་དགོས། གཉིས་ནི་ནད་སྐྱོང་ཞབས་ཞུའི་སྤུས་ཚད་རྒྱུན་མཐུད་ཇེ་མཐོར་གཏོང་དགོས། དོ་དམ་ཞིབ་ཚགས་ཅན་ལ་ཤུགས་བསྣན་ནས་ནད་སྐྱོང་ལས་དོན་གྱི་སྤུས་ཚད་མཐོར་འདེགས་སུ་གཏོང་བ་དང་། ནད་སྐྱོང་སྟོབས་ཤུགས་ཧྲག་སྒྲིག་བྱས་ནས་ནད་སྐྱོང་ཉལ་ཁྲིའི་བསྡུར་ཚད་རིམ་བཞིན་ཇེ་མཐོར་གཏོང་བ། གསུམ་ནི་ཞབས་ཞུའི་བརྒྱུད་རིམ་སྔར་བས་འཐུས་ཚང་དུ་གཏོང་དགོས། ནད་བརྟག་ཁང་བཀོད་སྒྲིག་བྱེད་ཚུལ་ཇེ་ལེགས་སུ་གཏོང་བ་དང་། སྒུག་ཡུན་ཇེ་ཐུང་དུ་གཏོང་བ། དམངས་ལ་སྟབས་བདེའི་སྒྲིག་བཀོད་མཁོ་འདོན་བཅས་བྱས་ཏེ། སྨན་པ་བསྟེན་པའི་ཉམས་ལེན་ཇེ་མཐོར་གཏོང་བ། དུས་ཐོག་ཏུ་ཞག་སྡོད་ཞབས་ཞུ་ལེགས་སྒྱུར་བྱས་ནས་རྒྱང་བསྟེན་སྨན་བཅོས་ཀྱི་ཞབས་ཞུར་སྐུལ་འདེད་གཏོང་བ་དང་། གཞི་རིམ་གྱི་སྨན་བཅོས་ཞབས་ཞུའི་ནུས་པ་མཐོར་འདེགས་སུ་གཏོང་བ། བཞི་ནི་སྨན་ཁང་གི་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ནང་ཁུལ་གྱི་བཅོས་སྐྱོང་སྒྲིག་གཞི་ཚད་ལྡན་དུ་བཏང་ནས་སྨན་ཁང་གི་འཁོར་སྐྱོད་ལས་ཕྱོད་ཇེ་མཐོར་གཏོང་བ། ལྔ་ནི་ལས་རིགས་ཀྱི་སྤྱོད་ཚུལ་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱེད་དགོས། ལས་གཉེར་བྱ་སྤྱོད་ཚད་ལྡན་དུ་བཏང་ནས་སྨན་པའི་ཀུན་སྐྱོད་དང་སྨན་ཁང་གི་དར་སྲོལ་ལེགས་བཅོས་བྱེད་པ་དང་། སྨན་བཅོས་ལས་དོན་མི་སྣའི་ལས་ཞུགས་རང་གཅུན་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས་པ་བཅས་སོ། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།